སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བློ་བཟང་རྒྱན་མཚན་གྱིས་བོད་ཀྱི་ལོ་གསར་དང་སྤྱི་གསར་དུས་ཆེན་གོང་དུ་ལྷུན་གྲུབ་རྫོང་གི་ལས་བྱེད་མང་ཚོགས་རྣམས་ལ་གཟིགས་པ།
སྤེལ་དུས། 2013-02-07   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྡོར་གྱིས་བསྒྱུར།

   བོད་ཀྱི་ལོ་གསར་དང་སྤྱི་གསར་དུས་ཆེན་ཤར་ཉེར་མཚམས། སྤྱི་ཟླ་༢ཚེས་༦ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱན་མཚན་གྱིས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་སྐྱོད་ནས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ལས་བྱེད་མང་ཚོགས་རྣམས་ལ་འཚམས་འདྲི་གནང་བར་ཕེབས་པ་དང་ཆབས་ཅིག་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། ཧྲུའུ་ཅི་ཁྲེན་ཆོན་གོ་ཡི་ཚབ་གནང་སྟེ་དུས་ཆེན་གྱི་སྨོན་འདུན་དང་འཚམས་འདྲི་གནང་ཡོད་པ་རེད།
 
བོད་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུད་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེས་དགྲ་ལྷ་དང་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱན་མཚན་རྣམས་གཉིས་མཉམ་དུ་ཕེབས་གནང་ཡོད་པ་རེད།
   འཚམས་འདྲི་གནང་སྐབས་ལམ་འགྲམ་གྱི་དཔལ་འབྱོར་གླིང་ཤང་ཁ་ཡུག་གྲོང་ཚོའི་འཕྲོད་བསྟེན་ཁང་གསར་པ་དེས་བློ་བཟང་རྒྱན་མཚན་གྱི་ཡིད་ཀྱི་བསྟན་པ་དབང་མེད་དུ་འཕྲོག་གནང་བ་དང་འཕྲོད་བསྟེན་ཁང་ནང་གི་སྨན་རྫས་སྣ་ཁ་འཛོམས་པ་དང་སྒྲིག་ཆས་ཆ་ཚང་བ། དོ་དམ་ཚན་རིག་དང་མཐུན་པ་བཅས་མཐོང་སྐབས་ཁོང་གིས་གྲོང་ཚོའི་འཕྲོད་བསྟེན་ཁང་ཚད་ལྡན་རང་བཞིན་གྱིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཤུགས་ཆེན་དང་ཐག་ཉེ་ཤོས་དང་སྟབས་བདེ་ཤོས་ངང་ནས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ་ནད་བརྟག་སྨན་བཅོས་ཀྱི་དགོས་མཁོ་སྐོང་དགོས་ཅེས་ནན་བཤད་གནང་ཡོད་པ་རེད།

 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060