སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
《བླ་རི》སོགས་རླུང་འཕྲིན་འཁྲབ་ཚན་ལ་བོད་ལྗོངས་ཀྱི“ལྔ་གཅིག་གི་ལས་གྲྭའི”བྱ་དགའ་ཐོབ་པ།
སྤེལ་དུས། 2013-04-27   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  བསོད་བསྟན་གྱིས་བསྒྱུར།

མིག་སྔར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡི་དཔྱད་འདེམས་བྱས་པའི་རང་སྐྱོང་ལྗོངས་ཀྱི་སྐབས་བཞི་པའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གིལྔ་གཅིག་གི་ལས་གྲྭའིབྱ་དགའ་ཐོབ་པའི་རྣམ་གྲངས་ནང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་གསར་རྩོམ་བྱས་ནས་སྤེལ་གཏོང་བྱས་པའི་རླུང་འཕྲིན་རྒྱུན་མཐུདགླུ་ཞིག་ལེན་ནས་ཏང་ལ་ཕུལཞེས་པ་དང་མཁའ་ལམ་དུ་སྐལ་བཟང་མེ་ཏོག་བཞད།》《བཀྲ་ཤིས་པའི་སྤྲིན་དཀར》《བླ་རིབཅས་རླུང་འཕྲིན་འཁྲབ་ཚན་བཞིར་རང་སྐྱོང་ལྗོངས་ཀྱི་སྐབས་བཞི་པའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གིལྔ་གཅིག་གི་ལས་གྲྭའིབྱ་དགའ་ཐོབ་པ་རེད།
   རླུང་འཕྲིན་འཁྲབ་ཚན་བཞི་པོ་འདི་དག་ནི་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་རིག་རྩལ་ལེ་ཚན་ནང་གཏོང་སྤེལ་བྱས་རྗེས་རྒྱ་ཆེའི་རླུང་འཕྲིན་གསན་པ་པོའི་གདེང་འཇོག་ལེགས་པོ་ཐོབ་པ་མ་ཟད་ཐེངས་མང་བསྐྱར་གཏོང་བཀོད་སྒྲིག་བྱས་པ་དང་དེའི་ཁྲོད
མཁའ་ལམ་དུ་སྐལ་བཟང་མེ་ཏོག་བཞད།སོགས་བོད་ཡིག་རླུང་འཕྲིན་དུ་བསྒྱུར་བཟོ་བྱས་པ་མ་ཟད་བོད་སྐད་རླུང་འཕྲིན་གྱི་རིག་རྩལ་ལེ་ཚན་གཏོང་སྤེལ་བྱས་པ་རེད།  རང་སྐྱོང་ལྗོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གིལྔ་གཅིག་གི་ལས་གྲྭའིབྱ་དགའ་ནི་རང་སྐྱོང་ལྗོངས་ཀྱི་རིག་རྩལ་གསར་གཏོད་ཀྱི་བྱ་དགའ་ཆེ་ཤོས་ཡིན་པ་རེད།   འདི་ནི་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་རིག་གནས་འཕེལ་རྒྱས་ཆེ་མོ་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་རིམ་ཁག་ཡིག་ཆའི་དགོངས་དོན་དང་།  རིག་རྩལ་གསར་གཏོད་ལ་དམ་འཛིན་དང་རྩེར་སོན་གྱི་ལས་གྲྭ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཐོབ་པའི་གལ་ཆེའི་གྲུབ་འབྲས་ཞིག་རེད།  

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060