སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གྲ་སྣང་རྫོང་དུ་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་སྦྱོང་བརྡར་གཉེར་བ།
སྤེལ་དུས། 2013-05-08   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྡོར་གྱིས་བསྒྱུར།

ཉིན་ཤས་གོང་། བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་གྲ་སྣང་རྫོང་སློབ་འབྲིང་དུ་སློབ་གྲྭ་ཆུང་འབྲིང་དགེ་རྒན་གྱི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་སྦྱོང་བརྡར་འཛིན་གྲྭ་ཞིག་གཉེར་ནས་བོད་ལྗོངས་སློབ་ཆེན་གྱི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་བེད་སྤྱོད་གང་ལེགས་བཏང་སྟེ་བོད་ལྗོངས་ཀྱི་རྨང་གཞིའི་སློབ་གསོའི་འཕེལ་རྒྱས་ལ་རོགས་འདེད་གནང་ཡོད་པ་རེད།
  
ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་སྦྱོང་བརྡར་དེར་ཁྱོན་དགེ་རྒན་༤༣ཞུགས་ཡོད་པ་དང་། སྦྱོང་བརྡར་གྱི་ནང་དོན་ནི་རིམ་པ་འཕར་བའི་བོད་ལྗོངས་སློབ་ཆེན་གྱི་གངས་རྒྱན་བོད་ཡིག་འཇུག་ཐབས་དང་རེའུ་མིག་གོ་སྒྲིག་སོགས་མཉེན་ཆས་བཀོལ་སྤྱོད་བྱེད་སྟངས་ཡིན་པ་རེད། དུས་མཚུངས། བོད་ལྗོངས་སློབ་ཆེན་གྱིས་ད་དུང་གྲ་སྣང་རྫོང་གི་སློབ་ཁྲིད་ཚན་པ་ཁག་ལ་ཞིབ་འཇུག་འགྲེམས་སྤེལ་བྱས་པའི་བོད་ཡིག་གི་གཉེན་ཆས་གསར་ཤོས་དེ་འབུལ་ཡོད་པ་རེད།

 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060