སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱི་སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དངོས་བྲིས།
སྤེལ་དུས། 2013-08-19   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  བསོད་བསྟན་གྱིས་བསྒྱུར།

མིག་སྔར། ཁྱིམ་ཚང་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ནས་ཡིན་པའི་བཀྲ་ཤིས་ཚེ་རིང་གིས་དགའ་སྤྲོའི་ངང་གསར་འགོད་པར་ལྷ་ས་གྲོང་ཁྱེར་བཟོ་ཚོང་ལྷན་ཚོགས་ཀྱི་རོགས་སྐྱོར་འོག་ཁོང་ལྷ་སར་ལས་ཀ་རགས་པ་དང་འཚོ་བར་འགན་ལེན་ཡོད་ལ་མ་འོངས་པར་རེ་བ་ཆེན་པོ་ཡོད་ཅེས་བརྗོད།
 
ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་བཟོ་ཚོང་ལྷན་ཚོགས་ཀྱིས་སྤྱི་དབང་མིན་པའི་ཁེ་ལས་སྒྲིག་འཛུགས་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་རྫོང་ཁགཁུལཏུ་བསྐྱོད་ནས་ཆེད་དོན་ལས་མི་བསྡུ་བའི་བྱེད་སྒོ་ཐེངས་བདུན་ཙམ་སྤེལ་བ་དང་ལས་ཞུགས་ཀྱི་གྲོས་མཐུན་ཡི་གེ༣༠༠༠ཙམ་ལ་མིང་རྟགས་བཀོད་ཡོད་པ་དང་བཀྲ་ཤིས་ཚེ་རིང་ཡང་དེའི་ཁྲོད་ཀྱི་གཅིག་ཡིན་པ་རེད། ཞིང་འབྲོག་པ་མང་པོ་ཞིག་ཆེད་དོན་ལས་མི་བསྡུ་བའི་བྱེད་སྒོ་འདི་བརྒྱུད་ལས་ཀ་རགས་ཡོད་པ་རེདཅེས་ལྷ་ས་གྲོང་ཁྱེར་བཟོ་ཚོང་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཧྥང་ཝུའུ་ཡིས་གསར་འགོད་པར་བཤད།

ཏང་འཛུགས་སྐྱོང་ལ་ཤུགས་སྣོན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ།
 
ལྷ་ས་གྲོང་ཁྱེར་གྱིས་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་འདི་ལོའི་ལོ་འགོར་ཆེད་མངགས་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་བྱ་ཐབས་བཟོས་པ་དང་ཏང་འཛུགས་སྐྱོང་གི་འཕེལ་རྒྱས་དམིགས་ཚད་གསལ་སྟོན་བྱས་ཡོད་པ་རེད།
སྤྱི་དབང་མིན་པའི་ཁེ་ལས་ཀྱི་འགན་འཁུར་མི་སྣས་ཏང་འཛུགས་སྐྱོང་ལས་དོན་ལ་ངོས་འཛིན་མི་འདང་བ་དང་རྟག་ཏུ་ཁེ་ལས་འཕེལ་རྒྱས་གཏོང་རྒྱུ་ནི་དཔལ་འབྱོར་གྱི་ཡོང་འབབ་ཀྱི་དམིགས་ཡུལ་བྱེད་པས་ཏང་སྒྲིག་འཛུགས་ཡོད་མེད་གཅིག་མཚུངས་ལྟ་བུར་སྣང་། དེའི་ཐོག་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ལས་མི་སྐོར་བསྐྱོད་རང་བཞིན་ཤུགས་ཆེན་པོ་ཡིན་པས། འདི་དག་གིས་ཆེ་ཆུང་འདྲ་མིན་གྱི་ཐོག་ནས་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་སྒྲིག་འཛུགས་འཛུགས་སྐྱོང་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་གི་ཡོདཅེས་ཏུའུ་ཧྥང་ཝུའུ་ཡིས་གསར་འགོད་པར་བཤད་པ་དང་དུས་དེར་ང་ཚོས་ལས་དོན་གྱི་བྱ་ཐབས་གསར་གཏོད་ཀྱིསཁ་ཆད་གཉིསདང་གླེང་མོལ་གཉིས’‘རོགས་པ་གསུམགྱི་ལས་ཀའི་ཐབས་ཤེས་ཀྱི་བྱ་ཐབས་སྤྱད་ནས་ཁེ་ལས་ཀྱི་འགན་འཁུར་མི་སྣར་བསམ་བློའི་ལས་དོན་སྤེལ་བ་དང་འབད་བརྩོན་ཆེན་པོས་ཁོང་ཚོའི་ཏང་འཛུགས་སྐྱོང་གི་བསམ་བློའི་ངོས་འཛིན་གོང་མཐོར་གཏོང་དགོས
དལ་བུའི་ངང་ཁེ་ལས་ཀྱི་འགན་འཁུར་མི་སྣའི་བསམ་བློར་འགྱུར་ལྡོག་བྱུང་བ་དང་ཏང་འཛུགས་སྐྱོང་གིས་ཁེ་ལས་འཕེལ་རྒྱས་ལ་གལ་ཆེའི་རང་བཞིན་ལྡན་པའི་མྱོང་བ་གཏིང་ཟབ་བྱུང་ནས་ཏང་འཛུགས་སྐྱོང་གི་ལས་དོན་ལ་དེ་བས་མཐོང་ཆེན་བྱེད་ཀྱི་ཡོདཏུའུ་ཧྥང་ཝུའུ་ཡིས་གསར་འགོད་པར་དགའ་སྤྲོའི་ངང་སི་ཁྲོན་འདུ་ཚོགས་ཁང་གི་བཟའ་འཐུང་རིག་གནས་ཚད་ཡོད་ཀུང་སི་ནི་ཉེ་བའི་ལོའི་ནང་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་བྱ་རྒྱུ་ཅུང་ལེགས་པའི་ཁེ་ལས་ཞིག་ཡིན་པ་རེད། ང་ཚོའི་རོགས་སྐྱོར་འོག་ཁོང་ཚོས་ཏང་སྒྲིག་འཛུགས་བཙུགས་པ་མ་ཟད་རིགས་ཁག་གི་སྒྲིག་སྲོཞ་ལམ་ལུགས་ཆ་ཚང་བཟོས་པ་དང་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བ་ནས་འབད་བརྩོན་ཆེན་པོས་ཏང་ཡོན་གྱི་བསམ་བློའི་ངོས་འཛིན་གོང་མཐོར་བཏང་བ་དང་ཆ་ཚང་བའི་སྒོ་ནས་ཏང་ཡོན་གྱི་སྔོན་བསྐྱོད་ཀྱི་དཔེ་སྟོན་ནུས་པ་ལེགས་སྒྲིག་དང་འདོན་སྤེལ་གང་ལེགས་བྱས་ནས་ཁེ་ལས་ཀྱི་ལས་མི་རྣམས་ཁེ་ལས་འཕེལ་རྒྱས་ཐད་ཧུར་བརྩོན་གྱི་ལས་དོན་སྣེ་ཁྲིད་བྱས་ཡོད་པ་རེད། ཁེ་ལས་དེའི་ཏང་འཛུགས་སྐྱོང་ལས་དོན་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་པ་དང་བསྟུན་ནས་ཁེ་ལས་ཀྱི་ཁེ་ལས་ཀྱི་ཕན་འབྲས་ཉིན་རེ་ལས་མ་འདས་པར་ལེགས་སུ་ཕྱིན་ཡོད་པ་རེད། དེ་ཐད་ཀུང་སིའི་སྦྱིན་བདག་ཚོས་སྔར་བས་ཏང་འཛུགས་སྐྱོང་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱུང་བ་དང་ཏང་འཛུགས་སྐྱོང་གི་ལས་དོན་ལེགས་པོ་བསྒྲུབ་ཡོད་པ་རེདཅེས་བཤད།
མིག་སྔར་ད་བར། ལྷ་ས་གྲོང་ཁྱེར་དུ་ཁྱོན་བསྡོམས་སྤྱི་དབང་མིན་པའི་ཁེ་ལས༢༨༠༠ཙམ་ཡོད་པ་དང་དེའི་ཁྲོད་གཞི་ཁྱོན་ལྡན་པའི་ཁེ་ལས༩༩ཡོད་པ་དང་གཞི་ཁྱོན་ལྡན་པའི་ཁེ་ལས་ཀྱིས་སྤྱིའི་ཆ་ནས་ཏང་སྒྲིག་འཛུགས་བཙུགས་ཡོད་པ་རེད། ཏང་སྒྲིག་འཛུགས་དེ་སྤྱི་དབང་མིན་པའི་ཁེ་ལས་འཕེལ་རྒྱས་སྐུལ་འདེད་གཏོང་བའི་གལ་ཆེའི་སྒུལ་ཤུགས་སུ་གྱུར་ཡོད་པ་རེདཅེས་ཏུའུ་ཧྥང་ཝུའུ་ཡིས་གསར་འགོད་པར་

གསོ་སྦྱོང་ལ་དམ་འཛིན་གྱིས་གསོན་ཤུགས་གསར་སྣོན་བྱེད་པ།
 
ལྷ་ས་གྲོང་ཁྱེར་གྱིས་སྤྱི་དབང་མིན་པའི་ཁེ་ལས་གསོ་སྐྱོང་དང་ཤེས་ལྡན་མི་སྣ་འདྲེན་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་སྤྱི་དབང་མིན་པའི་ཁེ་ལས་འཕེལ་རྒྱས་ལ་རོགས་སྐྱོར་ཤུགས་ཆེན་བྱས་ནསལས་རིགས་ཀྱི་མི་སྣ་གསོ་སྐྱོང་དང་ལས་རིགས་ཀྱི་མི་སྣ་གནས་ཐུབ་པ། ལས་རིགས་ཀྱི་མི་སྣ་དོ་དམ་བྱེད་པ།  ལས་རིགས་ཀྱི་མི་སྣ་ཕྱུག་པོ་ཆགས་པབཅས་ཀྱི་འཕེལ་རྒྱས་དམིགས་ཚད་བཏོན་པ་རེད།
  
འདི་ལོའི་ལོ་སྟོད་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་སྤྱི་དབང་མིན་པའི་ཁེ་ལས༢༠ཙམ་སྒྲིག་འཛུགས་བྱས་ནས་རྫོང་བདུནཆུསདུ་བསྐྱོད་ནས་ཤེས་ལྡན་མི་སྣའི་ཐོན་ཁུངས་གྲོལ་མོལ་ཚོགས་འདུ་སྤེལ་བ་དང་ལས་མི་བསྡུ་བའི་ཚོགས་འདུ་ཐེངས༧ཙམ་སྤེལ་བ་རེད།  ཁེ་ལས་ཀྱིས་བེད་སྤྱོད་ཡོད་པའི་མི་སྣ་དང་སྤྱོད་གོ་ཡོད་པའི་མི་སྣ་བསྡུ་ཐུབ་པའི་ཆེད་དུ་ང་ཚོས་ཟམ་མི་ཆད་པར་བྱ་ཐབས་གསར་པ་དང་ཐབས་ཤེས་གསར་པ་གསར་གཏོད་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་སྤྱོད་གོ་ཡོད་པའི་ལག་རྩལ་གྱི་གསོ་སྦྱོང་ནུས་པ་ཤུགས་ཆེར་བཏང་བ་རེདཅེས་ལྷ་ས་གྲོང་ཁྱེར་བཟོ་ཚོང་ལྷན་ཚོགས་གཞུང་དོན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཁྲོན་ན་ཡིས་གསར་འགོད་པར་བརྗོད། ལོ་སྟོད་དུ་ང་ཚོས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་བ་དམ་ཟབ་བྱས་ནས་སི་ཁྲོན་འདུ་ཚོགས་བཟའ་འཐུང་རིག་གནས་ཚད་ཡོད་ཀུང་སི་དང་ལྷ་ས་ས་གདན་ཚད་ཡོད་ཀུང་སི་སོགས་ཁེ་ལས་སྒྲིག་འཛུགས་བྱས་ནསརིག་གཞུང་དཔེ་ཁྲིད+དམངས་ཕན་སྲིད་ཇུས་དྲིལ་བསྒྲགས+ལག་ལེན་དངོས་ཀྱི་བཀོལ་སྤྱོད+རྨང་གཞིའི་དངོས་སྦྱོང་ལས་ཞུགས་འགན་ལེནབཅས་ཀྱི་བྱ་ཐབས་ཐོག་ནས་ཞིང་འབྲོག་པ་བརྒྱ་ལ་ཉེ་བར་གསོ་སྦྱོང་བྱས་པ་དང་ཁེ་ལས་ཆེད་ཤེས་ལྡན་མི་སྣ་མང་པོ་གསོ་སྦྱོང་འདྲེན་གཏོང་བྱས་པ་རེད

 ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཞིང་འབྲོག་མང་ཚོགས་ཀྱི་སྤྱོད་གོ་ལྡན་པའི་ལག་རྩལ་གསོ་སྦྱོང་གི་ནུས་པ་ཤུགས་ཆེར་བཏང་ནས་སྤྱི་དབང་མིན་པའི་ཁེ་ལས་ལ་དེ་བས་མང་བའི་སྤྱོད་གོ་ལྡན་པའི་མི་སྣ་འདྲེན་གཏོང་བྱ་རྒྱུ་ཡིནཞེས་ཏུའུ་ཧྥང་ཝུའུ་ཡིས་གསར་འགོད་པར་བཤད།

དཀའ་ངལ་སེལ་ནས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ།

ལྷ་ས་གྲོང་ཁྱེར་གྱིས་སྤྱི་དབང་མིན་པའི་ཁེ་ལས་འཕེལ་རྒྱས་ལ་རོགས་སྐྱོར་ཤུགས་ཆེ་བྱེད་པ་དང་འབད་བརྩོན་ཆེན་པོས སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཁྱིམ་གཞིསགཏོད་ནས་ཐབས་བརྒྱ་ཇུས་སྟོང་གིས་ཁེ་ལས་ཀྱི་དཀའ་ངལ་སེལ་བ་དང་སྤྱི་དབང་མིན་པའི་ཁེ་ལས་སྟོབས་ཆེར་གཏོང་བར་རོགས་སྐྱོར་བྱ་རྒྱུ་ཡིན་པ་རེད།

སྤྱི་དབང་མིན་པའི་ཁེ་ལས་འཕེལ་རྒྱས་ལ་གཙོ་བོ་འཕེལ་རྒྱས་ཀྱི་མ་དངུལ་མི་འདང་བའི་གནད་དོན་འཕྲད་ཡོད་པ་དང་ང་ཚོས་ཁེ་ལས་རོགས་སྐྱོར་གྱི་མ་དངུལ་བརྩོན་ལེན་ཧུར་ཐག་བྱེད་པ་དང་དུས་མཚུངས་འབད་བརྩོན་ཆེན་པོས་ཁེ་ལས་ཁེ་ལས་འཕེལ་རྒྱས་ཀྱི་མཉམ་ལས་རོགས་ཟླ་འཚོལ་བར་འབྲེལ་ཟམ་བཙུགས་ནས་ཁེ་ལས་སྟོབས་ཆེར་གཏོང་བར་རོགས་རམ་བྱ་རྒྱུ་ཡིནཞེས་ལྷ་ས་གྲོང་ཁྱེར་བཟོ་ཚོང་ལྷན་ཚོགས་ཀྱི་ཀྲུའུ་ཞི་དགེ་ཤེས་ཧ་མོས་གསུངས།

བོད་ལྗོངས་ཅ་གྲེན་ལག་ཤེས་བཟོ་རྩལ་ཚད་ཡོད་ཀུང་སི་ནི་ལག་ཤེས་བཟོ་རྩལ་ལས་སྣོན་གྱི་ཁེ་ལས་ཞིག་ཡིན་པ་དང་ཀུང་སིསཀུང་སི+ཞིང་ཁྱིམགྱི་བྱ་ཐབས་ཐོག་ནས་བོད་ལྗོངས་ཀྱི་སྲོལ་རྒྱུན་ལས་ཤེས་བཟོ་རྩལ་ཀྱི་ཐོན་རྫས་ཐོན་སྐྱེད་བྱེད་ཀྱི་ཡོད་པ་རེད།  ལྷ་ས་གྲོང་ཁྱེར་བཟོ་ཚོང་ལྷན་ཚོགས་ཀྱི་རོགས་སྐྱོར་འོག་འདི་ལོའི་ལོ་སྟོད་དུ་ཀུང་སི་དེ་ཨ་མེ་རི་ཁའི་ཧྲེང་ཏ་ཧྥེ་དམངས་ཁྲོད་ལག་ཤེས་བཟོ་རྩལ་གྱི་འགྲེམས་སྟོན་ལ་ཞུགས་པ་དང་ཐོན་རྫས་ལ་ཕྱིའི་རྒྱལ་ཁབ་ཀྱི་ཚོང་གཉེར་བའི་དགའ་བསུ་ཐོབ་ནས་ཕྱི་རྒྱལ་གྱིས་ཚོང་ཟོག་མངགས་ཐོ་མང་པོར་མིང་རྟགས་བཀོད་ཐུབ་པ་རེད།ལྷ་ས་གྲོང་ཁྱེར་བཟོ་ཚོང་མཉམ་ཚོགས་ཀྱིས་ང་ཚོར་དངོས་འབྲེལ་རོགས་རམ་མང་པོ་གནང་བ་དང་ང་ཚོར་འབྲེལ་ཟམ་བསྐྲུན་པ་མ་ཟད་ད་དུང་སྒོར་ཁྲི༢༠༠ཡི་རོགས་སྐྱོར་གྱི་མ་དངུལ་ཐག་གཅོད་གནང་བས་ང་ཚོས་ཐོན་སྐྱེད་ཀྱི་གཞི་ཁྱོན་ཆེ་རུ་བཏང་བ་ཡིན། དེ་འདྲ་མིན་པ་ང་ཚོས་མངགས་ཐོ་རྣམས་ལེགས་གྲུབ་ཟིན་ཐབས་བྲལ་བ་ཞིག་རེདཅེས་བོད་ལྗོངས་ཅ་གྲེན་ལག་ཤེས་བཟོ་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་བ་ཉི་མ་བཀྲ་ཤིས་ཀྱི་བརྗོད།

ཤེས་རྟོགས་བྱུང་བར་ལྟར་ན། ཉེ་བའི་ལོ་གཉིས་ནང་ལྷ་ས་གྲོང་ཁྱེར་བཟོ་ཚོང་ལྷན་ཚོགས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་སྤྱི་དབང་མིན་པའི་ཁེ་ལས་ལ་རོགས་སྐྱོར་གྱི་མ་དངུལ་སྒོར་ཁྲི༣༠༠༠ལྷག་ཙམ་བརྩོན་ལེན་བྱས་ཡོད་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060