སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གཞིས་རྩེ་ས་ཁུལ་གྱི་ལོ་སྟོད་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར༦༠ཉེ་བ་མངོན་འགྱུར་བྱུང་བ།
སྤེལ་དུས། 2013-08-19   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  བསོད་བསྟན་གྱིས་བསྒྱུར།

འདི་ལོའི་ལོ་སྟོད་དུ་གཞིས་རྩེ་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར༥༩.༩༠མངོན་འགྱུར་བྱུང་བ་དང་དུས་མཚུངས་པ་ལས༡༡.%འཕར་ཡོད་པ་དང་ས་གནས་སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར༢.༦༥མངོན་འགྱུར་བྱུང་བས་འཕར་ཚད༣༠.༩༦%ཟིན་པ། ཞིང་འབྲོག་པའི་མི་རེའི་ཆ་སྙོམས་དངུལ་སྨར་ཡོང་འབབ་སྒོར༡༧༥༢.༦༡ཟིན་ནས་དུས་མཚུངས་པ་ལས༡༢.%འཕར་བ་བཅས་རེད།
 
ཞིང་འབྲོག་ལས་ཀྱི་རྨང་གཞིའི་གནས་འབབ་ཟམ་མི་ཆད་པར་མངོན་གསལ་དོད་དུ་ཕྱིན་པ།   ལོ་སྟོད་དུ་གཞིས་རྩེ་ས་ཁུལ་གྱི་ཐོན་སྐྱེད་ཀྱི་རྩེར་སོན་ཆུ་ཚད་སྐུལ་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ་དང་ཞིང་ལས་སྐྱེ་དངོས་འདེབས་འཛུགས་མུའུ་ཁྲི༡༢༩.༢༡ལག་བསྟར་བྱས་པ་དང་དཔེ་སྟོན་གྱིབོད་ནས༢༠༠༠རིགསམུའུ་ཁྲི༨ .༥ཁྱབ་སྤེལ་བཏང་བས་ནས་དང་གཟན་ཆགས་ཀྱི་བསྡུར་ཚད་དེ༦༢༢༦༡༢བར་གཏན་འཇགས་བྱུང་ཡོད་པ་དང་འབུར་དུ་ཐོན་པའི་སྒོ་ནས་རྩེར་སོན་གྱི་ནས་དང་ས་མཐོའི་སྔོ་ལྗང་སྔོ་ཚལ། གམ་པའི་ལུག་ཤ་སོགས་ཁྱད་ལྡན་ཐོན་ལས་དམ་འཛིན་བྱས་པ་དང་གཞིས་རྩེའི་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞིར་ཚོང་དོན་པུའི་ངོས་འཛིན་ཐོབ་ཡོད་པ་རེད། དུས་མཚུངས། ལུག་གི་དུས་ཐུང་རྒྱགས་གསོ་ལུག་ཁྲི༢༧.༢བྱས་པ་དང་ཡོང་འབབ་སྒོར་ཁྲི༢༡༧༧བྱུང་ཡོད་པ། རིགས་ཁག་གི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་སྒྲིག་འཛུགས༣༣༢བར་འཕེལ་རྒྱས་བཏང་བ་དང་མ་རྩ་ཁྱོན་སྒོར་ཁྲི༢.༨ལས་བརྒལ་བ། ཞིང་འབྲོག་ལས་རིགས་ཀྱི་ཐོན་ལས་གཉེར་སྐྱོང་སྣེ་ཁྲིད་ཁེ་ལས༡༣གྱིས་ཐོན་སྐྱེད་རིན་ཐང་སྒོར་ཁྲི༨༨༡༠.༧༤མངོན་འགྱུར་བྱས་པས་དུས་མཚུངས་པ་ལས༩.%
འཕར་སྣོན་བྱུང་ཡོད་པ་རེད།
 
བཟོ་ལས་ཐོན་སྐྱེད་འཁོར་བསྐྱོད་བརྟན་པོའི་ངང་རྒྱུན་འཁྱོངས་བྱས་པ། ལོ་སྟོད་དུ་གཞིས་རྩེ་ས་ཁུལ་གྱི་བཟོ་ལས་ཐོན་སྐྱེད་འཁོར་བསྐྱོད་བརྟན་པོའི་ངང་རྒྱུན་འཁྱོངས་བྱས་པ་དང་ས་ཁུལ་དེ་ཁྱོན་ཡོངས་སུ་གཏེར་ལས་སྐུལ་སྤེལ་ཚོགས་ཆེན་ལེགས་གྲུབ་ལྡན་པའི་ངང་ཚོགས་པ་དང་གཞིས་རྩེ་ས་ཁུལ་གྱི་གཏེར་ལས་ཁྲལ་བསྡུའི་དོ་དམ་བྱ་ཐབས་བཟོས་པ་དང་གཙོ་གནད་དུ་འབྲོང་པ་རྫོང་དང་བཞད་མཐོང་སྨོན་རྫོང་། ངམ་རིམ་རྫོང་སོགས་ཀྱི་གཏེར་ཁུལ་དང་གམ་པ་རྫོང་གི་བོད་ལྗོངས་གཏེར་ཆུ། དིང་རི་རྫོང་གི་ཇོ་རིའི་འཁྱགས་རོམ་གཏེར་ཆུའི་ཕྱོགས་བསྡུས་བེད་སྤྱོད་གསར་སྤེལ། གཞུང་གྲོང་ཚོའི་ཟངས་གཏེར་རྣམ་གྲངས་སོགས་དོན་དངོས་རང་བཞིན་གྱིས་འཛུགས་སྐྲུན་དུས་རིམ་དུ་འཇུག་པ་དང་མཐོ་གསར་གངས་ལྷའི་ཨར་འདམ་གྱི་ཉིན་རེའི་ཐོན་སྐྱེད་ཏུན༢༠༠ཡི་ཐོན་སྐྱེད་ལས་གྲྭ་འཛུགས་སྐྲུན་འགོ་བརྩམས་པ་བཅས་ལ་ཤུགས་སྣོན་བརྒྱབ་ཡོད་པ་རེད། ལོ་སྟོད་དུ་བཟོ་ལས་ཀྱི་ཐོན་སྐྱེད་སྤྱི་འབོར་སྒོར་དུང་ཕྱུར༣.༧༤ཟིན་པ་དང་དུས་མཚུངས་པ་ལས༤.%
འཕར་སྣོན་བྱུང་ཡོད་པ་རེད།
 
ཞབས་ཞུའི་ལས་རིགས་ཀྱི་སྣེ་ཁྲིད་ནུས་པ་མངོན་གསལ་དོད་པོས་གོང་མཐོར་ཕྱིན་པ།   ལོ་སྟོད་དུ་གཞིས་རྩེ་ས་ཁུལ་གྱིས་ཁྱོན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་གྲངས་ཁྲི༨༣ལ་སྣེ་ལེན་བྱས་པ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར༨.༢མངོན་འགྱུར་བྱུང་བ་དང་དུས་མཚུངས་པ་ལས༢༥%དང་༢༤%འཕར་སྣོན་བྱུང་ཡོད་པ་རེད།  ཁྲོམ་རྭའི་དཔལ་འབྱོར་གྱི་གསོན་ཤུགས་མངོན་གསལ་དོད་པོས་གོང་མཐོར་ཕྱིན་པ་དང་རིགས་ཁག་གི་ཁྲོམ་རའི་གཙོ་གཟུགས་བདེ་ཐང་ངང་འཕེལ་རྒྱས་བྱུང་བ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གཙོ་གཟུགས་དུད་ཁྱིམ༢༣༧༠༣བར་འཕེལ་རྒྱས་བྱུང་བ་དང་ཐོ་འགོད་བྱས་པའི་མ་དངུལ་ཁྱོན་སྒོར་དུང་ཕྱུར༣༦.༤༥ཟིན་པ།  ཚོང་འགུག་མ་འདྲེན་གྱི་རྣམ་གྲངས༡༨དང་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར༧.༥༦ཡི་མ་དངུལ་འབྱོར་བ་སྒོར་ཁྲི༤.༨ཟིན་པ། གཞིས་རྩེ་ཇོ་མོ་གླང་མ་མ་འཇོག་ཀུང་སི་འཛུགས་རྒྱུ་ལེགས་གྲུབ་བྱུང་བ་དང་ས་ཁུལ་གྱི་མ་དངུལ་འཇོག་རྒྱུའི་སྟེགས་བུ་ལེགས་གྲུབ་ལྡན་པའི་ངང་བསྐྲུན་པ་རེད། དུས་མཚུངས། དངུལ་རྩའི་སྡེ་ཚན་གྱིས་རིགས་ཁག་གི་བཅོལ་དངུལ་སྒོར་དུང་ཕྱུར༡༩༤ཟིན་པ་དང་ལོ་སྟོད་ལས་འཕར་ཚད༡༠.%ཟིན་ཡོད་པ། རིགས་ཁག་གི་དངུལ་བུན་སྒོར་དུང་ཕྱུར༩༩ཟིན་ནས་ལོ་སྟོད་ལས་འཕར་ཚད༢༦.༨༢%
ཟིན་ཡོད་པ་དང་ཞིང་ལས་ཡིད་རྟོན་དངུལ་བུན་འཆར་འགོད་གཏོད་རྒྱུ་དེ་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་གཏོད་ཡོད་པ་རེད།
 
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་ལ་སྐུལ་སྤེལ་ཤུགས་ཆེ་བཏང་བ།   ལོ་སྟོད་ནས་བཟུང་གཞིས་རྩེ་ས་ཁུལ་གྱིས་གཅིག་འཇུག་གཉིས་མཐུད་ངང་གཙོ་གནད་རྣམ་གྲངས་སླར་ཡང་སྤེལ་རྒྱུའི་ལས་དོན་སྤེལ་བ་དང་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར༣༠.༤༢ཟིན་ནས་ལོའི་འཆར་འགོད་ཀྱི༢༩.༤༡%ལེགས་གྲུབ་བྱས་ཡོད་པ་རེད།  དེའི་ཁྲོད།  སྐྱིད་གྲོང་རྫོང་གྲོང་ནས་ར་སོག་ཟམ་པའི་གཞུང་ལམ་རྣམ་གྲངས་འཛུགས་སྐྱོང་སྐུལ་སྤེལ་ཏན་ཏིག་བྱས་པ་དང་མཐའ་སྲུང་གཞུང་ལམ༣དང་ཞིང་གྲོང་གཞུང་ལམ་ཤར་གཏོང་ལས་གྲྭ་དང་དགོན་སྡེའི་ཤར་གཏོང་གཞུང་ལམ་ལས་གྲྭ་བསྡོམས༡༨༢བདེ་ལྷག་ངང་ལག་བསྟར་བྱས་པ་དང་གཞིས་རྩེ་གནམ་གྲུ་འབབ་ཐང་ནས་གཞིས་རྩེ་གྲོང་ཁྱེར་བར་གྱི་ཆེད་སྤྱོད་གཞུང་ལམ་དང་༣༡༨ལམ་ཐིག་གི་གྲོང་ཁུལ་གྱི་བསྐོར་ལམ་གཞུང་ལམ་གྱི་དུས་ཚིགས་སྔོན་མའི་ལས་དོན་འཕེལ་རིམ་བདེ་ལྷག་ཡིན་པ་དང་ལྷ་བློ་ཆུ་བེད་ལྟེ་བ་དང་སྒྲིག་བཀོད་ཞིང་ཆུ་གཏོང་ཁུལ་ལས་གྲྭ་ལག་བསྟར་བྱེད་ལ་ཉེ་བ་དང་ལྷ་གཞིས་ལྕགས་ལམ་གཞིས་རྩེ་དང་རིན་སྤུངས་ཀྱི་མེ་འཁོར་འབབ་ཚུགས་ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་ཆས་སྒྲིག་བཀོད་འཛུགས་སྐྱོང་རྣམ་གྲངས་ཀྱི་དུས་རིམ་གོང་མའི་ལས་དོན་བདེ་ལྷག་ངང་ལེགས་གྲུབ་བྱས་པ་དང་རྣམ་གྲངས་ཀ་ཤས་ལས་སྒོ་བརྩམས་ཟིན་པའམ་ད་ལྟ་སུས་འཇོན་དེ་འགུག་སྒྲིག་འཛུགས་བྱ་བཞིན་ཡོད་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060