སྤྱི་ཟླ༡༠པའི་ཚེས་༢༨ཉིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཁང་བླ་དམའ་བའི་སྡོད་ཁང་སྤྲོད་འགོ་ཚུགས་པ་དང་། དུད་ཁྱིམ༣༤༣རྣམས་ཡུལ་ཤུལ་ཁུལ་གྱི་ཁང་བླ་དམའ་བའི་སྡོད་ཁང་དུ་སྡོད་མཁན་གྲོང་བརྡལ་གྱི་གྲོང་མི་ཐོག་མར་འགྱུར་ཡོད་པ་རེད།
གསར་འགོད་པས་ཤེས་རྟོགས་བྱུང་བར། སྐྱེ་རྒུ་གྲོང་བརྡལ་དུ་ཁང་བླ་དམའི་བའི་སྡོད་ཁང་༡༠༦༠གསར་དུ་སྐྲུན་པ་དང་། དེའི་ནང་སྡོད་ཁང་༣༤༣ལ་གནས་སྤོ་བྱེད་མཆོག་པའི་ཆ་རྐྱེན་ཚང་ཡོད་པ་རེད། ཡུལ་ཤུལ་ཁུལ་གྱི་འགོ་གཙོ་ཚེ་རིང་དགོན་པོས་ངོ་སྤྲོད་གནང་བར། ཐེངས་དང་པོའི་ཁང་བླ་དམའི་བའི་སྡོད་ཁང་རྣམས་སྤྱི་བསྒྲགས་དང་དྲང་གཞག གཞུང་དྲང་བའི་སྒོ་ནས་དམངས་ལ་སྤྲོད་པར་འགན་ལེན་ཡོང་ཆེད། ཡུལ་ཤུལ་སྲིད་གཞུང་གིས་སྡོད་ཁང་བགོ་བཤའ་རྒྱག་མཆོག་པའི་དུད་ཁྱིམ་རྣམས་ཀྱི་ཐོབ་ཐང་ནན་ཏན་ངང་ཞིབ་དཔྱད་བྱས་རྗེས་རྒྱན་རྒྱག་པའི་ཐབས་ཤེས་སྤྱད་ནས་སྡོད་ཁང་བགོ་བཤའ་རྒྱག་ཡོད་པ་རེད། དེ་དང་ཆབ་ཅིག རྒྱན་རྒྱག་ཡུལ་དུ་གཞུང་དྲང་མི་སྣས་དྲང་གཞག་གནང་རྗེས་སྡོད་ཁང་སྤྲད་ཡོད་པ་རེད་ཅེས་གུང་བྱུང་།
དམངས་འཚོའི་ལས་གྲྭ་ཡིན་པའི་ཡུལ་ཤུལ་ཁུལ་གྱི་ཁང་བླ་དམའ་བའི་སྡོད་ཁང་འཛུགས་སྐྲུན་བྱས་པ་རྣམས་དམངས་སྲིད་ཚན་པས་དམིགས་པར་གཞིགས་ནས། སྡོད་ཁང་སྐྲུན་ཚར་བ་རྣམས་མྱུར་དུ་སྤྲད་པ་དང་། སྡོ་མཆོག་པའི་ཆ་རྐྱེན་ཚང་བའི་ཁང་བླ་དམའ་བའི་སྡོད་ཁང་༣༤༣དེ་རྣམས་རྒྱག་ནས་སྤྲད་པ་ཕུད། གཞན་གྱི་ཁང་བླ་དམའ་བའི་སྡོད་ཁང་རྣམས་ལོ་འཇུག་གི་གོང་དུ་དཀའ་ངལ་ཡོད་པའི་མང་ཚོགས་རྣམས་ལ་སྤྲོད་རྒྱུ་ཡིན་པ་རེད།