སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཕན་ཚུན་ལག་གདང་སྦྲེལ་ནས་གངས་ལྗོངས་ས་མཐོར་མཛེས་སྡུག་གཏོད།
སྤེལ་དུས། 2014-08-31   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  བསོད་བསྟན་གྱིས་རྩོམ་བསྒྱུར་བྱས།

    ཟླ་བ་བརྒྱད་པའི་བོད་ལྗོངས་ནི་གང་སར་ལྗོན་ཤིང་ལོ་འདབ་རྒྱས་ཤིང་རི་ཆུ་ལྷག་པར་དྭངས་ལ་གང་ས་གང་དུ་གསོན་ཤུགས་གསར་པས་ཁེངས།
  
ཟླ་བ་བརྒྱད་པའི་གངས་ལྗོངས་ས་མཐོར་གླུ་དབྱངས་ལྷང་ལྷང་དུ་གྲགས་ཤིང་སྐྱེ་དངོས་སྣ་ཚོགས་ལ་དེ་བས་རེ་བས་ཁེངས།

  དེ་ནི་ངོ་མཚར་རབ་ཏུ་བྱུང་བའི་ས་མཐོའི་ས་གཞི་ཆེན་པོ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་བཞིན་པའི་དུས་རབས་ཤིག་ཡིན་ལ། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོད་པའི་མཛེས་སྡུག་ལྡན་པའི་འཆར་འགོད་ཅིག་རེད།

༢༠༠༡ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པའི་ཐོག་སྔར་ལས་ལྷག་པའི་སྒོ་ནས་ཁ་གཏད་བོད་སྐྱོར་གྱི་བྱ་ཐབས་འཐུས་ཚང་དུ་བཏང་ནས་རོགས་སྐྱོར་གྱི་དུས་ཚོད་སླར་ཡང་ལོ་༡༠བསྣུར་བསྲིང་བྱེད་དགོས་པ་དང་འབྲེལ་ཞིང་ཆེན་༣དང་ཀྲུང་དབྱང་གི་གལ་ཆེའི་རྐང་འཛིན་ཁེ་ལས་༡༥ཡིས་ཁ་གཏད་བོད་སྐྱོར་ལས་དོན་ནང་ཞུགས་ནས་རོགས་སྐྱོར་དང་ལེན་བྱེད་མཁན་བོད་ཀྱི་རྫོང་གྲོང་ཁྱེར་དང་ཆུསབར་རྒྱ་ཆེར་གཏོང་དགོས་པའི་གཏན་འབེབས་གནང་ཡོད། ལོ་གཉིས་ཀྱི་རྗེས་སུ་ཀྲུང་དབྱང་གིས་སླར་ཡང་ཁ་གཏད་བོད་སྐྱོར་བྱེད་མཁན་ཁེ་ལས་༢མང་དུ་བཏང་ཡོད། དེ་ནས་བཟུང་ཞིང་ཆེན་དང་གྲོང་ཁྱེར་༡༧དང་ཀྲུང་དབྱང་ཁེ་ལས་༡༧གྱིས་བོད་ཀྱི་ས་ཁུལ་གྲོང་ཁྱེར་༧དང་རྫོང་དང་གྲོང་ཁྱེར་ཡོངས་ལ་རོགས་སྐྱོར་བྱེད་པའི་རྣམ་པ་གཞི་རྩའི་ཆར་ཆགས་ཡོད།
 
དེ་ནས་བཟུང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་དེ་བས་གཏིང་ཟབ་པའི་འཕོ་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་བོད་སྐྱོར་དཔུང་ཁག་ཁྲོད་སྟོབས་ཤུགས་ཆེན་པོ་ཁ་སྣོན་ཐུབ་ཡོད། ཀྲུང་དབྱང་གི་རྐང་འཛིན་ཁེ་ལས་༡༧གྱིས་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་འགན་འཁྲི་ཆུད་ཟོས་སུ་མི་གཏོང་བ་དང་ལས་འགན་ལྕི་མོ་ཕྲག་ཐོག་ཏུ་ཁུར་ཏེ་བོད་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ཆེད་ཟམ་མི་ཆད་པར་གསོན་ཤུགས་གསར་པ་བསྣན་ཡོད།
དབུལ་པོ་ཆགས་པའི་རྐྱེན དངདབུལ་པོའི་གནས་ཚུལམཐིལ་རྟོགས་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་བོད་སྐྱོར་ལས་བྱེད་པས་ཆེས་དོ་ཁུར་དང་གཙོ་བོའི་འགོ་འཛུགས་ས་ཞིག་རེད།
  
དུས་ཡུན་རིང་པོའི་ནང་གི་དབུལ་སྐྱོར་ལག་ལེན་ཁྲོད་རང་ལྗོངས་ལ་ཆེས་གཞི་རྩའི་ཆོད་སྡོམ་ཞིག་བྱུང་བ་སྟེ། དེ་ནི་དབྱེར་མེད་གཅིག་མཚུངས་དང་དབྱེ་འབྱེད་མེད་པ་བྱ་རྒྱུ་མེད་ལ་དོན་དངོས་དང་མི་མཐུན་པའི་སྒོ་ནས་བྱ་བ་སྒྲུབ་མི་རུང་ཡུལ་བབ་དང་བསྟུན་ནས་དབུལ་སྒྲོལ་གྱི་ཇུས་གཞི་དང་ཐབས་ལམ་དེང་སྐབས་ཀྱི་གནས་ཚུལ་དང་མཐུན་དགོས་པ་བྱེད་དགོས་ལ་ཕུགས་ལ་དམིགས་ནས་བོད་སྐྱོར་བྱ་ཡུལ་མི་སེར་ཚོའི་བསམ་ཕྱོགས་དང་མཐུན་པ་བྱེད་དགོས། གོང་གསལ་ལས་དོན་དེ་དག་སྒྲུབ་པར་ཞིབ་ཕྲའི་བྱ་ཐབས་མི་འདྲ་མོད། འོན་ཀྱང་སྤྱིའི་ཆ་ནས་ཚང་མར་ས་ཆ་དངོས་སུ་བརྟག་ཞིབ་བྱས་ནས་དབུལ་པོ་ཆགས་རྐྱེན་འཚོལ་ཞིབ་དང་གནད་ལ་འཁེལ་བའི་འཚོལ་ཐུབ་པ་བྱེད་པའི་ཐུན་མོང་གི་ལས་ཀའི་དམ་འཛིན་བྱེད་གཞི་ཞིག་ཡོད་དགོས།
 
བོད་དུ་སླེབས་མ་ཐག་པའི་བོད་སྐྱོར་ལས་བྱེད་པ་ཚོའི་ངོས་ནས་བརྗོད་ཚེ་དེ་བས་འཕྲལ་མ་ཉིད་དུ་འབྲེལ་ཡོད་ཤེས་བྱ་སློབ་སྦྱོང་བྱས་ནས་རང་སྐྱོང་ལྗོངས་དང་རྫོང་། ཤང་། གྲོང་ཚོ་བཅས་ཀྱི་གནས་གསལ་པོ་ཤེས་པ་བྱེད་དགོས་པ་དང་སླེབས་མ་ཐག་ཏུ་བོད་སྐྱོར་ལས་དོན་སྤེལ་ཚུལ་དང་དོན་འཁྱོལ་བྱེད་སྟངས་གསལ་པོ་ཤེས་པ་བྱེད་དགོས་ཀྱི་ཡོད།
 
དེར་བརྟེན་རྟག་ཏུ་གཞི་རིམ་དུ་སྐྱོད་པ་དང་གཞི་རིམ་མང་ཚོགས་དང་འབྲེལ་འདྲིས་བྱ་རྒྱུ་དེ་བོད་སྐྱོར་ལས་བྱེད་པ་ཚོའི་རྒྱུན་གཏན་ལས་དོན་ཞིག་ཏུ་གྱུར་བ་དང་གནས་སྡོད་བརྟག་ཞིབ་དང་དམངས་ལ་སྐད་ཆ་འདྲི་རྒྱུ་དེ་བོད་སྐྱོར་ལས་བྱེད་པ་ཚོའི་ལས་ཀའི་དམ་འཛིན་བྱེད་གཞི་ཞིག་ཏུ་གྱུར་བ།དབུལ་པོ་ཆགས་རྐྱེནགསལ་པོ་ཤེས་པ་བྱེད་པ་དང་དབུལ་པོའི་གནས་ཚུལམཐིལ་རྟོགས་བྱ་རྒྱུ་དེ་ཀྲུང་དབྱང་ཁེ་ལས་༡༧དང་བོད་སྐྱོར་ལས་བྱེད་ཚོའི་དོ་ཁུར་བྱ་ཡུལ་ཆེ་ཤོས་དང་གལ་ཆེའི་ཤུགས་རྒྱག་སར་གྱུར་ཡོད།
 
ཀྲུང་གོ་འབྲུ་རིགས་ཚོགས་པའི་ཁག་བཞི་པའི་བོད་སྐྱོར་ལས་བྱེད་པ་ལྷོ་བྲག་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལི་གོ་ཝུའེ་ཡིས་དབུལ་པོ་ཡིན་པར་ང་ཚོ་མ་གཞི་ནས་སྐྲག་དགོས་དོན་མེད། འགག་རྩ་ནི་དབུལ་པོ་ཆགས་རྐྱེནགསལ་པོ་ཤེས་པ་བྱེད་དགོས། དེ་ལྟར་བྱས་ཚེ་གཞི་ནསནད་བསྟུན་སྨན་སྤྲོདཐུབ་ནས་མང་ཚོགས་དབུལ་པོའི་སེམས་རྣལ་དུ་ཕབ་ཐུབ། ད་དུང་དེའི་རྨང་གཞིའི་ཐོག་ཡུལ་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་ཐུན་མོང་ཐོག་འཕེལ་རྒྱས་ཕྱུག་འགྱུར་གྱི་ཇུས་གཞི་འདིང་དགོས་ཞེས་གསར་་འགོད་པར་བཤད་བྱུང་།
 
ལྷོ་བྲག་རྫོང་བན་པ་ཤང་གི་ཞིང་ཞོར་ཐོན་རྫས་ལས་སྣོན་རྣམ་གྲངས་ནི་ལྷོ་བྲག་རྫོང་ཁག་གཉིས་ཀྱི་ཁ་གཏད་རོགས་སྐྱོར་བྱེད་མཁན་བོད་སྐྱོར་ལས་བྱེད་པ་དེས་གྲོས་འགོ་བཏོན་ནས་ལག་ལེན་བསྟར་བ་ཞིག་རེད།
  
ཤང་གྲོང་ཁག་ཏུ་བརྟག་ཞིབ་བྱེད་སྐབས་ལོ་ན་༦༠ལྷག་ཙམ་ལ་སླེབས་པའི་ཨ་མ་རྒན་མོ་ཞིག་གིས་སྒལ་པར་ནས་ཁྱེར་ནས་རང་གྲོང་ཚོ་དང་བར་ཐག་ཉེ་བའི་མཚོ་སྨད་རྫོང་དུ་རྩམ་པ་འཐག་པར་བསྐྱོད་པ་མཐོང་བས་ལི་གོ་ཝུའེ་ཧང་སངས་པར་གྱུར། གནས་ཚུལ་མཐིལ་རྟོགས་གཏིང་ཟབ་བྱས་པ་བརྒྱུད་བན་པ་ཤང་དུ་ཆུ་འཁོར་གཅིག་ཀྱང་མེད་པས་མང་ཚོགས་རྟག་ཏུ་ཉེ་ཁུལ་གྱི་མཚོ་སྨད་རྫོང་དུ་རྩམ་པ་འཐག་པར་སྐྱོད་དགོས་པས་གྲོང་མི་ཚོའི་ལས་ཐེབས་གཅོག་པ་མ་ཟད། དུས་ཚོད་མང་པོ་འཕྲོ་བརླག་ཕྱིན་པ་དང་ལྷག་དོན་དུ་ཞིང་ལས་བྲེལ་བ་ཆེ་བའི་དུས་སུ་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་ཡོང་གི་མེད་པ་ལི་གོ་ཝུའེ་ཡིས་ཤེས།
 
མ་གཞི་ནས་འབྲུ་རིགས་ལས་དོན་གྱི་འགན་འཁུར་མི་སྣ་ཞིག་ཡིན་པའི་ལི་གོ་ཝུའེ་འབྲུ་རིགས་ལས་སྣོན་ཐག་གཅོད་བྱེད་པའི་ཐད་ཁོང་ལ་རྒྱུས་མངའ་དེ་བས་ཆེ་བ་དང་མྱོང་ཚོར་དེ་བས་ཟབ་པ་ཡོད་ཅིང་རྫོང་དུ་ལོག་རྗེས་ལི་གོ་ཝུའེ་ཡིས་འཕྲལ་དུ་བོད་སྐྱོར་ལས་བྱེད་པ་གཅིག་པ་ཡིན་པའི་རང་གི་གྲོགས་པོ་བཟང་པོ་ལྷོ་བྲག་རྫོང་གི་རྫོང་དཔོན་གཞོན་པ་ཀྲང་ཆི་ཕན་དང་གྲོས་མོལ་བྱས་པ་བརྒྱུད་ཀྲུང་གོ་འབྲུ་རིགས་ཚོགས་པར་གནས་ཚུལ་དེ་སྙན་སེང་ཞུས། དེ་རྗེས་མ་དངུལ་གང་མགྱོགས་དམིགས་སར་འབྱོར་བ་དང་བཟོ་གྲྭ་བཙུགས་པ་མ་ཟད། མི་སྣའང་དོན་འཁྱོལ་བྱུང་བས་བན་པ་ཤང་གི་མང་ཚོགས་ལ་རང་གི་ཆུ་འཁོར་ཡོད་པར་གྱུར།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060