སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀན་སུའུ་འབུམ་གླིང་དགོན་གྱི་བྲག་ཕུག་ཏུ་བོད་ཡིག་ཆོས་དཔེའི་ལྷག་རོ་རྙེད་པ།
སྤེལ་དུས། 2014-09-12   ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ཨ་གུར་གྱིས་བསྒྱུར།

གཙང་བཤེར་བྱས་ཟིན་པའི་བོད་ཡིག་ཆོས་དཔེའི་ལྷག་རོ།  

   ཟླ༩་པའི་ཚེས་༩ཉིན། གསར་འགོད་པས་ཀན་སུའུ་ཞིང་ཆེན་རིག་དངོས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཀན་སུའུ་འབུམ་གླིང་རིག་དངོས་ཞིབ་འཇུག་ཁང་གིས་ཉེ་སྔོན་ཉེན་ཁ་ཡོད་པའི་བྲག་ངོས་སྲ་བརྟན་བྱེད་བཞིན་པའི་སྐབས་སུ་བྲག་ཕུག་ཅིག་གི་ནང་དུ་ཆོས་ཀྱི་དཔེ་ཆའི་ཤོག་བུའི་ལྷག་རོ་མང་པོ་རྙེད། ད་བར་དུ་ཞིབ་འཇུག་ཁང་འདིས་བསྡོམས་པས་ཆོས་དཔེའི་ཤོག་བུའི་ལྷག་རོ་སྟོང་ལྷག་གཙང་བཤེར་བྱས། དེའི་ཁྲོད་ཀྱི་མང་ཆེ་བ་ནི་བོད་ཡིག་ཆོས་དཔེའི་ལྷག་རོ་ཡིན་པ་དང་རྒྱ་ཡིག་ཆོས་དཔེའི་ལྷག་རོའང་འགའ་ཡོད། ལོ་མང་བོ་འགོར་བ་དང་རླུང་དང་ཉི་འོད་ཐེབས་པའི་རྐྱེན་གྱིས་ལྷག་རོ་དག་རླུང་གིས་ཟད་པ་དང་རུལ་བ་ཧ་ཅང་ཚབས་ཆེ། རྒྱ་ཡིག་གི་པེན་ལེན་ཞེས་པ་ནི་བོད་སྐད་ཀྱིབྱམས་པ་འབུམ་གླིང་ཞེས་པའི་སྒྲ་འགྱུར་ཡིན། འབུམ་གླིང་དགོན་པའི་བྲག་ཕུག་ནི་སྤྱི་ལོ་༤༢༠སྟེ་ཆིང་ནུབ་མའི་སྐབས་ནས་བཟུང་འཛུགས་སྐྲུན་བྱས་ཤིང་ད་ལྟ་བྲག་ཕུག་༡༨༣ཡོད། དེ་དག་གི་ནང་དུ་འཇིམ་སྐུ་༨༢་དང་། རྡོ་སྐུ་༦༩༤། ལྡེབས་རིས་རྨིད་གྲུ་བཞི་མ་༩༠༠ལྷག་ཡོད། ༢༠༡༤་ལོར། འབུམ་གླིང་དགོན་གྱི་བྲག་ཕུག་ནི་ཀྲུང་གོ་དང་། ཧ་སག་ཁི་སི་ཐན། ཅེར་ཅུ་སི་ཐན་བཅས་རྒྱལ་ཁབ་གསུམ་གྱིས་མཉམ་འབྲེལ་སྒོས་འཛམ་གླིང་ཤུལ་བཞག་རིག་དངོས་སུ་ཡར་ཞུ་བྱས་པའི་དར་གོས་ཚོང་ལམ་ཁྲོད་ཀྱི་གནས་ཤིག་ཡིན་པས་བདེ་བླག་ངང་འཛམ་གླིང་ཤུལ་བཞག་མིང་ཐོའིནང་དུ་ཚུད་།  

ལས་བྱེད་མི་སྣས་གཙང་བཤེར་བྱས་ཟིན་པའི་ཆོས་དཔེའི་ལྷག་རོ།

ལས་བྱེད་མི་སྣས་གཙང་བཤེར་བྱས་ཟིན་པའི་ཆོས་དཔེའི་ལྷག་རོ།

  

      ཁ་བྱང་ཕྱི་མོ། ཀན་སུའུ་འབུམ་གླིང་དགོན་གྱི་བྲག་ཕུག་ཏུ་བོད་ཡིག་ཆོས་དཔེའི་ལྷག་རོ་རྙེད་པ།

(རྩོམ་འགན་པ ལྷ་དབང་།)

  

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060