སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སློབ་གསོ་པུས༢༠༡༥ལོའི་ཞིབ་འཇུག་སློབ་མ་བསྡུ་བའི་ཡིག་རྒྱུགས་དུས་ཚོད་ཁྱབ་བསྒྲགས་བྱས་པ།
སྤེལ་དུས། 2014-09-16   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།   རྩོམ་སྒྲིག་པ།  ལྷ་དབང་།

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླཚེས༡༣ཉིན་གློག་འཕྲིན་འབྱོར་གསལ། ཚེས༡༣ཉིན་སློབ་གསོ་པུས༢༠༡༥ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་ལས་དོན་དོ་དམ་གཏན་འབེབསཁྱབ་བསྒྲགས་བྱས་ཤིང་། ༢༠༡༥ལོའི་ཞིབ་འཇུག་སློབ་མ་བསྡུ་བའི་ཡིག་རྒྱུགས་ཀྱི་ཐོག་མའི་ཡིག་རྒྱུགས་དེ༢༠༡༤ལོའི་ཟླ༡ཚེས༢དང་ཚེས༢༨ཉིན་གཏོང་རྒྱུའི་གཏན་འབེབས་བྱས་པ་དང་འབྲེལ་འབྲེལ་ཡོད་སློབ་བསྡུ་དང་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་སྤེལ་རྒྱུ་ཡང་གཏན་འབེབས་བྱས་པ་རེད། 

   སློབ་གསོ་པུས་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་ཡིག་རྒྱུགས་ཀྱི་མིང་ཐོ་འགོད་སྟངས་གྲས་སུ་དྲ་ཐོག་ནས་མིང་ཐོ་འགོད་སྟངས་དང་ས་གནས་ས་ཐོག་ཏུ་ངོས་འཛིན་ངེས་གཏན་བྱེད་སྟངས་གཉིས་ཚུད་ཡོད། ༢༠༡༥ལོའི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་ཡིག་རྒྱུགས་ནང་ཞུགས་མཁན་གྱི་སློབ་མ་ཚང་མས་དྲ་ཐོག་ནས་མིང་ཐོ་འགོད་དགོས་པ་མ་ཟད། མིང་འགོད་རྒྱུགས་སྤྲོད་བྱེད་སར་དྲ་ཐོག་ནས་མིང་ཐོ་བཀོད་པའི་ཆ་འཕྲིན་དང་། གྲོན་དངུལ་སྤྲོད་པ། མི་སྒེར་གྱི་ཕྱེད་པར་བསྡུ་བ་སོགས་འབྲེལ་ཡོད་གློག་རྡུལ་ཆ་འཕྲིན་ངོས་འཛིན་ངེས་གཏན་བྱ་རྒྱུ་རེད། དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད་ནི་༢༠༡༤ལོའི་ཟླ༡༠ཚེས་༡༠ཉིན་ནས་ཟླ་༡༠ཚེས༣༡ཉིན་བར་ཡིན་པས་རྒྱུགས་སྤྲོད་སློབ་མས་ཟླཚེས༢༥ཉིན་ནས་ཟླ༩ཚེས་༢༨ཉིན་བར་དྲ་ཐོག་ནས་མིང་ཐོ་འགོད་ཆོག་གི་ཡོད་པ་རེད།

  ༢༠༡༥ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་ལས་དོན་དོ་དམ་གཏན་འབེབསནང་ཆེད་མངགས་བཏོན་དོན། སྤྱི་པའི་སློབ་ཚན་གྱི་སྦྱངས་འབྲས་རྒྱལ་ཡོངས་ཀྱི་ཐོག་མའི་སྦྱངས་འབྲས་ཀྱི་ཞིབ་ཕྲའི་རེ་བ་ལས་དམའ་ཙམ་ཡོད་ཀྱང་ཆེད་ལས་སློབ་ཚན་གྱི་སྦྱངས་འབྲས་ཕུལ་དུ་བྱུང་བའམ་ཡང་ན་ཚན་ཞིབ་གསར་གཏོད་ཐད་མཚོན་ཚུལ་མངོན་གསལ་དོད་པོ་ཡོད་པའི་རྒྱུགས་སྤྲོད་སློབ་མ་ཡིན་ཕྱིན་དམིགས་བསལ་ངང་འདོད་མོས་དང་པོའི་ནང་མིང་འགོད་རྒྱུགས་སྤྲོད་བྱས་པའི་ཚན་པའི་འདོད་མོས་དང་པོའི་ཆེད་ལས་ཀྱི་རྒྱུགས་ལེན་བསྐྱར་མའི་ནང་ཞུགས་ཆོག དམིགས་བསལ་ངང་རྒྱུགས་ལེན་བསྐྱར་མ་བྱ་རྒྱུ་དེ་རྨང་གཞིའི་སློབ་ཚན་དང་། དཀའ་ངལ་ཆེ་བའི་ཆེད་ལས།དེ་བཞིན་རྒྱལ་ཁབ་ལ་དགོས་མཁོ་ཆེན་པོ་ཡོད་རུང་སློབ་མའི་ཐོན་ཁུངས་བལྟོས་བཅས་ཀྱིས་མི་འདང་བའི་རིག་ཚན་དང་ཆེད་ལས་བཅས་ལ་སྔོན་དུ་བསམ་གཞིག་བྱ་རྒྱུ་རེད། དེ་དང་དུས་མཚུངས་དམིགས་བསལ་ངང་རྒྱུགས་ལེན་བསྐྱར་མའི་ནང་ཞུགས་རྒྱུའི་སློབ་མ་ལེགས་སྒྲིག་བྱེད་ཆོག་གི་མེད་པ་རེད། 

   སློབ་གསོ་པུས་སློབ་བསྡུ་ཚན་པ་ཁག་གི་ཞིབ་འཇུག་སློབ་མ་བསྡུ་བའི་དོ་དམ་སྡེ་ཚན་ལ་སློབ་བསྡུའི་མིང་ཐོ་གཅིག་གྱུར་ཐོག་ཁྱབ་བསྒྲགས་བྱེད་དགོས་པ་དང་། ཁྱབ་བསྒྲགས་བྱེད་པའི་དུས་ཚོད་ཉིན་༡༠ལས་མི་ཉུང་བ་བྱེད་དགོས་པ། ཁྱབ་བསྒྲགས་བྱེད་པའི་དུས་ཚོད་ནང་མིང་ཐོར་བཟོ་བཅོས་རྒྱག་མི་རུང་བ། མིང་ཐོར་བཟོ་བཅོས་བརྒྱབ་ཚེ་གསལ་བཤད་བྱེད་དགོས་པ་མ་ཟད། བཟོ་བཅོས་བརྒྱབ་པའི་ནང་དོན་ཉིན་༡༠ཡི་ནང་བསྐྱར་དུ་ཁྱབ་བསྒྲགས་བྱེད་དགོས། ཁྱབ་བསྒྲགས་བྱེད་མཇུག་འགྲིལ་རྗེས་སློབ་བསྡུའི་ཚན་པས་བླང་བྱ་གཞིར་བཟུངརྒྱལ་ཡོངས་རབས་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་ཆ་འཕྲིན་ཡོངས་བསྒྲགས་སྟེགས་བུབརྒྱུད་སློབ་བསྡུའི་མིང་ཐོ་ཞིང་ཆེན་རིམ་པའི་སློབ་གསོ་སློབ་བསྡུའི་ཡིག་རྒྱུགས་དོ་དམ་ཚན་པར་སྲིད་ཇུས་ཐོག་ནས་ཞིབ་བཤེར་གཏན་འབེབས་བྱེད་པར་བསྐྱལ་དགོས་པ་མ་ཟད། སློབ་གསོ་པུར་ཐོ་འགོད་སྙན་སེང་ཞུ་དགོས། མཐར་སློབ་བསྡུའི་མིང་ཐོ་དང་དེ་བཞིན་སློབ་མ་གསར་པའི་སློབ་གྲྭའི་སྐྱིད་སྡུག་ཐོ་འགོད་ཚང་མ་སྟེགས་བུའི་ཐོ་འགོད་སྙན་སེང་གི་ཆ་འཕྲིན་གཞིར་བཟུང་དགོས། སློབ་བསྡུའི་ཚན་པའི་ཁྱབ་བསྒྲགས་དང་དེ་བཞིན་སྟེགས་བུའི་ཐོ་འགོད་སྙན་སེང་བརྒྱུད་མེད་པའི་རྒྱུགས་སྤྲོད་སློབ་མ་ཡིན་ཕྱིན་བསྡུ་མི་ཆོག་ལ་སློབ་གྲྭའི་སྐྱིད་སྡུག་ནང་ཐོ་འགོད་བྱེད་མི་ཆོག་པ་བཅས་ཀྱི་བླང་བྱ་བཏོན་པ་རེད། 

  

   ཁ་བྱང་ཕྱི་མོ། སློབ་གསོ་པུས༢༠༡༥ལོའི་ཞིབ་འཇུག་སློབ་མ་བསྡུ་བའི་ཡིག་རྒྱུགས་དུས་ཚོད་ཁྱབ་བསྒྲགས་བྱས་པ།

(རྩོམ་འགན་པ ལྷ་དབང་།)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060