སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གཞི་རིམ་གཞུང་ཞབས་པ་བསྡུ་བའི་སྲིད་ཇུས་བོད་ལྗོངས་སོགས་ས་ཁུལ་དུ་ཕྱོགས་པ།
སྤེལ་དུས། 2014-10-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་རྒྱལ།

ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན་དུ། མི་ཤུགས་ཐོན་ཐུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་དྲ་བའི་ཆ་འཕྲིན་ལ་གཞིགས་ན། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་གཞུང་ཞབས་པའི་ཅུས་བཅས་ཀྱིས་མཉམ་འབྲེལ་སྒོསམཐའ་འཁོབ་དཀའ་སྡུག་ཆེ་བའི་ས་ཁུལ་དུ་གཞུང་ཞབས་པ་བསྡུ་བའི་ལས་དོན་ལེགས་པོར་སྒྲུབ་པའི་སྐོར་གྱི་བསམ་འཆར》(གཤམ་དུ་བསམ་འཆར》)པར་འགྲེམས་གནང་། བསམ་འཆརདུ་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་དང་། ཤིན་ཅང་། ནན་ཅང་ས་ཁུལ་གྱི་རྫོང་ཤང་གི་ལས་ཁུངས་སུ་གཞུང་ཞབས་པ་བསྡུ་བར་སྲིད་ཇུས་སྔར་བས་ཕྱོགས་ཡོད་འདུག

རྒྱུས་ལོན་བྱུང་པ་ལྟར་ན། ལོ་ངོ་མང་པོའི་རིང་། རིམ་པ་སོ་སོའི་གཞུང་ཞབས་པའི་གཙོ་འགན་སྡེ་ཁག་གིསམི་སྣ་བསྡུ་པར་ངེས་པར་ཡིག་ཚད་གཏོང་པརྒྱུན་འཁྱོངས་བྱས་ནས། གཞི་རིམ་ལས་ཁུངས་སུ་སྔོན་ཐོན་འཇོན་མི་ཅི་མང་གདམས་ཐོན་གནང་ཡོད་མོད། ས་བབ་མཐའ་འཁོབ་ཡིན་པ་དང་། ཆ་རྐྱེན་དཀའ་སྡུག་ཆེ་བ་སོགས་ཀྱི་དབང་གིས། ཉེ་བའི་ལོ་འདི་འགའི་རིང་། གཞི་རིམ་ལས་ཁུངས་ཁ་ཤས་སུམི་སྣ་བསྡུ་དཀའ་བའིགནས་ཚུལ་ཐོན་འདུག་སྟེ། གཞི་རིམ་གཞུང་ཞབས་པའི་དཔུང་སྡེར་མི་སྣ་དཀོན་པ། སྒྲིག་གཞི་འོས་མཐུན་མིན་པའི་གནད་དོན་འབུར་དུ་ཐོན་འདུག      ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའིགཏན་འཁེལདུགཞི་རིམ་གཞུང་ཞབས་པ་བསྡུ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་པ་དང་། མཐའ་འཁོབ་དཀའ་སྡུག་ཆེ་བའི་ས་ཁུལ་དུ་བསྡུ་ལེན་ཆ་རྐྱེན་འོས་འཚམས་ཀྱིས་ཇེ་དམར་གཏོང་པའིདགོངས་དོན་ལག་བསྟར་བྱས་ནས། མཐའ་འཁོབ་དཀའ་སྡུག་ཆེ་བའི་ས་ཁུལ་གྱི་རྫོང་ཤང་ལས་ཁུངས་སུམི་སྣ་བསྡུ་དཀའ་བའིགནད་དོན་ཐག་གཅོད་གོ་ཆོད་ཡོང་ཆེད། ཞིབ་འཇུག་བརྒྱུད་དེབསམ་འཆརབཏོན་པ་རེད།

ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་གཞུང་ཞབས་པའི་ཅུས་ཀྱི་འགན་ཁུར་པསབསམ་འཆར》)པར་འགྲེམས་གནང་པ་དེས། ་གཞུང་ཞབས་པ་བསྡུ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་པ་དང་། གཞི་རིམ་གཞུང་ཞབས་པའི་དཔུང་སྡེ་འཛུགས་བསྐྲུན་བྱེད་ཐད་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན།

བསམ་འཆརགྱིས མཐའ་འཁོབ་དཀའ་སྡུག་ཆེ་བའི་ས་ཁུལ་དུ་མི་སྣ་བསྡུ་བའི་ཆ་རྐྱེན་འོས་འཚམས་ཀྱིས་ཇེ་དམར་གཏོང་པའིཐད་བྱེད་ཐབས་དྲུག་བཏོན་པ་གཤམ་ལྟར།

གཅིག་ནི་གཞི་རིམ་ལས་ཁུངས་ཁ་ཤས་ཀྱིས་བསྡུ་ལེན་ལས་གནས་ཐད་ཡོན་ཚད་མཐོ་དྲགས་པའི་གནས་ཚུལ་ལ་དམིགས་ན། བསྡུ་ལེན་ལས་གནས་ཀྱི་ཡོན་ཚད་འོས་འཚམ་གྱིས་ཇེ་དམར་གཏོང་དགོས་པ།

གཉིས་ནི་གཞི་རིམ་ལས་ཁུངས་ཁ་ཤས་ཀྱིས་ལས་རྐང་གི་ཆེད་ལས་བླང་བྱ་མཐོ་དྲགས་པའི་དབང་གིས་རྒྱུགས་ལེན་པ་ཉུང་པའི་གནས་ཚུལ་ལ་དམིགས་ནས། ཆེད་ལས་ཀྱི་ཚད་བཀག་ཇེ་ཆུང་དུ་གཏོང་དགོས་པ།

གསུམ་ནི་གཞི་རིམ་ལས་ཁུངས་ཁ་ཤས་ཀྱི་ལོ་ཚོད་སྒྲིག་གཞི་དོ་སྙོམས་མིན་པའི་དངོས་བབ་ལ་དམིགས་ནས། མི་སྣ་བསྡུ་བའི་ལས་གནས་ཀྱི་ལོ་ཚོད་ལ་འོས་འཚམས་ཀྱིས་བཅོས་སྒྱུར་གཏོང་དགོས་པ།

བཞི་ནི་ལས་ཀའི་ལས་ཡུན་དང་བརྒྱུད་རིམ་ལ་ཚད་བཀག་མི་བཟོ་བར་མི་སྣ་བསྡུ་བའི་ཁྱབ་ཁོངས་སྔར་བས་རྒྱ་བསྐྱེད་དགོས་པར་གཏན་འཁེལ་གནང་པ།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060