སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྒྱལ་རྩེའི་དབྱིན་འགོག་དམག་འཁྲུག་བྱུང་ནས་ལོ་ངོ༡༡༠འདས་པར་རྗེས་དྲན་ཞུས།
སྤེལ་དུས། 2014-10-09   ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  བཀྲ་འདུལ།

 ངའི་ཨ་མྱེ་སྔོན་ཆེད་རྒྱལ་རྩེའི་དབྱིན་འགོག་དམག་འཁྲུག་ཏུ་ཞུགས་མྱོང་། རྒྱལ་རྩེའི་རྫོང་མཁར་ནས་དབྱིན་ཇིའི་དམག་དཔུང་དང་འཐབ་འཁྲུག་ཛ་དྲག་བྱས་རྗེས། དགྲ་བོ་ལ་མགོ་མ་བསྒུར་བར་གཡང་རུང་ནས་ལྡིང་སྟེ་རང་སྲོག་ཕུལ་བ་རེད།བོད་ལྗོངས་ཀྱི་རྒྱལ་རྩེའི་དབྱིན་འགོག་དམག་འཁྲུག་མཇུག་སྒྲིལ་ནས་ལོ་ངོ ༡༡༠ འགོར་ཡོད། འོན་ཀྱང་དམག་འཁྲུག་དེ་ནི་རྗེས་རབས་པའི་ཡིད་ངོས་སུ་གསལ་བོར་བཀོད་ཡོད། སྡོད་དམངས་ཨུ་ལྷན་གྱི་ལོ་གྲངས་དོན་ལྔ་སོན་པའི་རྒན་པོ་ཕུན་ཚོགས་ཀྱིས་ཡིད་ཆེས་བརྟན་པོས་ངང་སྔོན་ཆད་ཁོ་བོས་ཕ་མ་གཉིས་ཀྱི་དབྱིན་འགོག་དམག་འཁྲུག་བྱས་པའི་གཏམ་རྒྱུད་བརྗོད་པ་རེད།

ད་ལོའི་ཟླ་བརྒྱད་པ་ནས་བཟུང་། རྒྱལ་རྩེ་རྫོང་གི་མང་ཚོགས་ཀྱིས་རྒྱལ་རྩེའི་དབྱིན་འགོག་དམག་འཁྲུག་བྱུང་ནས་ལོ ༡༡༠ འདས་པར་རྗེས་དྲན་བྱེད་པའི་བྱ་འགུལ་རབ་དང་རིམ་པ་སྤེལ། ལོ་རྒྱུས་ཡིག་ཆར་བཀོད་པ་ལྟར་ན། ༡༩༠༤ ལོར། དབྱིན་ཇི་བཙན་འཛུལ་མཁན་གྱིས་གྲོ་མོ་ནས་རྒྱལ་རྩེ་བར་དུ་བཙན་འཛུལ་བྱས་ཏེ། སྔ་རྗེས་སུ་རྩེ་ཆེན་དགོན་དང་ཕ་ལྷ་སྡེ་བ། ལྕང་ལོ་གླིང་ཀ་བཅས་གསུམ་བཟུང་བ་མ་ཟད། དེ་ལྟེ་བ་བྱས་ནས་རྒྱལ་རྩེ་རྫོང་སྲིད་གཞུང་དང་རྒྱལ་རྩེའི་སྲང་ལམ་གྱི་བོད་དམག་ལ་སྐོར་རྡུང་བྱས། རྫོང་མཁར་སྲུང་མཁན་གྱི་བོད་དམག་གིས་དབྱིན་དམག་གི་མེ་སྒྱོགས་ཀྱི་སྐོར་རྡུང་འོག་ཏུ། རྫོང་མཁར་ཐོག་ནས་མེ་མདའ་ངན་པ་དང་གྲུ་སོགས་ལ་བརྟེན་ནས་བཙན་འཛུལ་མཁན་ལ་དཔའ་སྤོབས་ལྡན་པའི་ངང་ངོ་རྒོལ་དང་རྫོང་མཁར་བརྟན་སྲུང་བྱས་པ་དང་། དམག་འཁྲུག་ཟླ་བརྒྱད་ཀྱི་རིང་དུ་རྒྱུན་འཁྱོངས་བྱས་པ་རེད།

ཕ་མ་ཚོས་བཤད་རྒྱུར། རྒྱལ་རྩེའི་བོད་དམག་དཔའ་ངར་ལ། ཁོ་ཚོར་སྔོན་ཐོན་གྱི་མཚོན་ཆ་གཅིག་ཀྱང་མེད་པའི་གནས་ཚུལ་འོག་ཏུ། གཡོ་འགུལ་ཅི་ཡང་མེད་པར་དབྱིན་དམག་དང་འཐབ་འཁྲུག་བྱས། ཞེས་རྒན་པོ་ཕུན་ཚོགས་ཀྱིས་རང་ཉིད་ཀྱི་ཕ་ས་རུ་བྱུང་བའི་ལོ་རྒྱུས་བརྗོད། དེ་འདྲའི་མི་རིགས་ཀྱི་དཔའ་བོ་དང་རང་གི་ཕ་ཁྱིམ་སྲུང་སྐྱོང་མཁན་གྱི་ཨ་མྱེ་ཡོད་པར་ཁོ་རང་གཟི་བརྗིད་དུ་བརྩིས་ཡོད་པ་རེད།

༡༩༠༤ ལོའི་ཟླ་ལྔ་བའི་ཟླ་སྟོད་ཀྱི་དགོང་མོ་ཞིག་ལ། དམག་དཔུང་དང་མང་ཚོགས་སྟོང་ལྷག་གིས་དབྱིན་ཇིའི་དམག་སྒར་ལ་འཇབ་རྒོལ་བྱས་ཏེ། རུང་ཧི་ཕུན་གཙོ་བྱས་པའི་རྒྱལ་རྩེ་ལ་བཙན་འཛུལ་བྱེད་མཁན་དབྱིན་ཇིའི་དམག་ཕལ་ཆེར་ཕམ་པར་བརྒྱབ་པ་རེད། འོན་ཀྱང་ཟླ་བ་དེའི་ནང་དུ་དབྱིན་དམག་གིས་སླར་ཡང་དམག་མི་མངག་ནས། རྫོང་མཁར་ལ་མེ་སྒྱོགས་བརྒྱབ་པས། རྫོང་མཁར་གྱི་མེ་རྫས་མཛོད་ཁང་འགས་གཏོར་བྱས་སྟབས། རྒྱལ་རྩེའི་དམག་དཔུང་དང་མང་ཚོགས་ཐབས་ཟད་རྗེས། འུར་ཆ་ལ་བརྟེན་ནས་ཅི་ཐུབ་ཀྱིས་འགོག་སྲུང་བྱས། ཉིན་གསུམ་ཞག་གསུམ་ལ་རྒྱུན་འཁྱོངས་བྱས་རྗེས། ཆེས་མཇུག་མཐར་དཔའ་རྒོད་དག་གིས་རང་སྲོག་བླས་་བཏང་ནས་གཡང་གཟར་དུ་ལྡིང་པ་རེད།

ད་ལྟ་རྫོང་མཁར་སྔ་མོ་ནས་ཞིག་རོལ་གྱུར་ཡོད། གཡང་རུང་གི་འདབས་འོག་ཏུ། བོད་རིགས་སྤུན་ཟླ་ཚོས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་ནའང་། ལོ་ངོ ༡༡༠ ཡར་སྔོན་གྱི་ལོ་རྒྱུས་ནམ་ཡང་རྫོང་མཁར་གྱི་མཁར་ཤུལ་དུ་གསལ་བོར་བཀོད་ཡོད་པ་རེད།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ས་ཚིགས་ནི་སྔོན་ཆད་མེ་སྒྱོགས་འཕེན་མྱོང་བའི་གཡང་རུང་སྟེང་དུ་ཡོད་ལ། རྫོང་མཁར་ཤར་ཕྱོགས་ཀྱི་བདེ་ཐང་ཏུ། རྒྱལ་རྩེའི་མང་ཚོགས་ཀྱིས་བྲེལ་འཚུབ་ངང་ངལ་རྩོལ་བྱེད་བཞིན་ཡོད། གནས་དེ་ནས་བར་ཐག་མི་རིང་བའི་ས་རུ་གཙང་བོ་ལྷུང་ལྷུང་དུ་འབབ་བཞིན་ཡོད། ལོ་ངོ་བརྒྱའི་རྗེས་ཀྱི་ད་ལྟ། གནས་འདི་རུ་མེ་སྒྱོགས་ཀྱི་སྐད་སྒྲ་མེད་ལ། རི་འདབས་ཀྱི་སློབ་མ་ཚོས་དཔེ་ཀློག་བྱེད་པའི་སྐད་ངག་ལས་ཅི་ཡང་མེད།

གསར་འགོད་པས་རི་ལུང་ཀྱག་ཀྱོག་བརྒྱུད་ནས་སོང་བ་ན། རྫོང་མཁར་གྱི་འདུ་ཁང་ཆེན་མོར་སླེབས། གནས་དེ་ནས་སྔོན་ཆད་མེ་སྒྱོགས་བརྒྱབ་མྱོང་བའི་གྱང་ལྡེབས་དང་ལྡེབས་རིས་ད་དུང་མཐོང་རྒྱུ་ཡོད། རྒྱལ་རྩེ་རྫོང་རིག་དངོས་ཅུས་ཀྱི་འགྲེལ་བཤད་མཁན་ཕུལ་བྱུང་གིས་གྱང་ལྡེབས་དེ་དག་སྟོན་བཞིན། དེ་ནི་དབྱིན་ཇིའི་དམག་དཔུང་གིས་བཙན་འཛུལ་བྱས་པའི་བདེན་དཔང་རེད་ཅེས་བརྗོད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060