སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཞིབ་དཔྱོད་དཔོན་པོའི་རིག་གནས་སྒྱུ་རྩལ་མཐུན་ཚོགས་དབུ་བརྙེས་པ།
སྤེལ་དུས། 2014-10-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཀླུ་འབུམ་རྒྱལ།

ཞིབ་དཔྱོད་ཉིན་རེའི་ཚགས་པར་ནས་བརྡ་འཕྲིན་འབྱོར་གསལ། ཟླ༡༠པའི་ཚེས༩ཉིན་བོད་ལྗོངས་ཞིབ་དཔྱོད་དཔོན་པོའི་རིག་གནས་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དབུ་བརྙེས་པའི་མཛད་སྒོ་དང་ཞིབ་དཔྱོད་རིག་གནས་བོད་སྐྱོར་ཚོགས་འདུ་ནི་ལྷ་ས་ནས་ཚོགས། ཀྲུང་གོའི་ཞིབ་དཔྱོད་དཔོན་པོའི་རིག་གནས་སྒྱུ་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཀིན། བོད་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཏེང་ཞའོ་ཀང་། བོད་ལྗོངས་ཞིབ་དཔྱོད་ཁང་གི་འགོ་དཔོན་ཀྲང་ཕེ་ཀྲུང་གིས་ཚོགས་ཐོག་ནས་གཏམ་བཤད་གནང་།

ཀྲང་ཀེང་གིས་བོད་ལྗོངས་ཞིབ་དཔྱོད་དཔོན་པོའི་རིག་གནས་སྒྱུ་རྩལ་མཐུན་ཚོགས་དབུ་བརྙེས་པ་ལ་རྟེན་འབྲེལ་ཞུས། ཁོང་གིས་བསྟན་རྒྱུར། བོད་ལྗོངས་ཞིབ་དཔྱོད་དཔོན་པོའི་རིག་གནས་སྒྱུ་རྩལ་མཐུན་ཚོགས་དབུ་བརྙེས་པས་རྒྱལ་ཡོངས་ཞིང་ཆེན་རིམ་པའི་ཞིབ་དཔྱོད་མ་ལག་གི་རིག་གནས་སྒྱུ་རྩལ་མཐུན་ཚོགས༣༢ཀྱི་རྩ་འཛུགས་ལེགས་འགྲུབ་བྱུང་། ཁོང་གིས་བོད་ལྗོངས་ཞིབ་དཔྱོད་དཔོན་པོའི་རིག་གནས་སྒྱུ་རྩལ་མཐུན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་གཞུང་ལུགས་ཀྱི་ལག་ཆ་བརྟན་པོར་བཅངས་ནས་རྒྱུན་ཆད་མེད་པར་ཞིབ་དཔྱོད་དཔོན་པོའི་རིག་གནས་སྒྱུ་རྩལ་མཐུན་ཚོགས་ཀྱི་ལས་དོན་ལེགས་པར་བསྒྲུབ་པའི་རྣམ་འགྱུར་དང་སྤོབས་སེམས་ཆེ་རུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་རྒྱུན་འཛིན་བྱས་ཏེ་འབད་བརྩོན་ཆེན་པོས་རུ་དཔུང་རྒྱ་ཆེར་འཛུགས་སྐྲུན་བྱེད་དགོས། ཞིབ་དཔྱོད་ལས་དོན་གྱི་ཚན་རིག་འཕེལ་རྒྱས་དང་ནུས་པ་ཡང་དག་པར་འདོན་པར་སྐུལ་འདེད་བྱེད་དགོས། ཐོག་མཐའ་བར་གསུམ་དུ་གསར་གཏོད་ཀྱི་བསམ་བློ་རྒྱུན་འཛིན་དགོས་ཤིང་། རྒྱུན་ཆད་མེད་པར་ཞིབ་དཔྱོད་དཔོན་པོའི་རིག་གནས་སྒྱུ་རྩལ་མཐུན་ཚོགས་ཀྱི་བྱ་བའི་རྣམ་པ་གསར་བ་གཏོད་དགོས། ཐོག་མཐའ་བར་གསུམ་དུ་མི་གཞི་གཙིགས་སུ་བཟུང་ནས་དངོས་ཡོད་ཀྱིས་རིག་གནས་སྒྱུ་རྩལ་ལ་འཇོན་པའི་དཔུང་ཁག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་དགོས། དོན་དངོས་དང་འབྲེལ་ནས་རང་ནུས་ཇེ་ཆེར་གཏོང་དགོས་ཤིང་བོད་ལྗོངས་ཞིབ་དཔྱོད་རིག་གནས་ཀྱི་ལས་དོན་ནི་ཞིབ་དཔྱོད་བྱ་བའི་སྒུལ་ཤུགས་གཙོ་བོ་དེར་འགྱུར་བར་བྱེད་དགོས།

ཏེང་ཞའོ་ཀང་གིས་བསྟན་རྒྱུར། རིག་གནས་ནི་མི་རིགས་ཀྱི་ཁྲག་རྒྱུན་ཡིན། དེ་ནི་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་རྒྱས་ཀྱི་གལ་ཆེའི་སྟོབས་ཤུགས་ཡིན། ཁོང་གིས་ནན་བཤད་བྱེད་རྒྱུར་ཞིབ་དཔྱོད་རིག་གནས་ཀྱི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ"དྲང་བཞག་དྲང་བདེན"གྱི་བརྗོད་དོན་མ་དབོར་བ་བྱས་ཏེ་ཤུགས་ཆེན་པོས་སྔོན་ཐོན་གྱི་དཔེ་མཚོན་རྣམས་དར་སྤེ་གཏོང་དགོས། ཞིབ་དཔྱོད་རིག་གནས་ཀྱི"འཇམ་ཤུགས"ནི་ཞིབ་དཔྱོད་ལས་དོན་གྱི་སྟོབས་ཤུགས་ལ་འགྱུར་བར་བྱེད་དགོས། ཧུར་བརྩོན་ཆེན་པོས་བོད་ལྗོངས་ཞིབ་དཔྱོད་ལས་དོན་དེ་འཕེལ་རྒྱས་ཀྱི་རིམ་པ་གསར་བར་འགྲོ་བར་སྐུལ་འདེད་བྱེད་དགོས།

ཚོགས་ཐོག་ནས་ཀྲང་ཕེ་ཀྲུང་ནི་བོད་ལྗོངས་ཞིབ་དཔྱོད་དཔོན་པོའི་རིག་གནས་སྒྱུ་རྩལ་མཐུན་ཚོགས་ཀྱི་སྐབས་དང་བོའི་ཨུ་ལྷན་གྱི་མཚན་འཛིན་ཀྲུའུ་ཞིར་བསྐོས་པ་དང་། བོད་ལྗོངས་ཞིབ་དཔྱོད་ཁང་གི་རྒྱུན་ལས་འགོ་དཔོན་ཟུར་པ་དགྲ་འདུལ་ལགས་ཀྲུའུ་ཞིར་བསྐོ་བཞག་གནང་།

ཁ་བྱང་ཕྱི་མོ། བོད་ལྗོངས་ཞིབ་དཔྱོད་དཔོན་པོའི་རིག་གནས་སྒྱུ་རྩལ་མཐུན་ཚོགས་དབུ་བརྙེས་པ།

རྩོམ་འགན་པ། སྒྲོལ་ཚེ།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060