སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་མངའ་རིས་ས་ཁུལ་ནས་རི་སྐྱེས་གསའ་གཟིག་གི་ཕྲུ་གུ་རྙེད་པ།
སྤེལ་དུས། 2014-10-13   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ནོར་བུ།
         སྤྱི་ལོ༢༠༡༤ལོའི་ཟླ་བ༩པའི་ཚེས༢༣ཉིན་བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཆུ་གསུམ་ཤང་ཆུ་མོ་ལྡེ་གྲོང་ཚོའི་འབྲོག་དམངས་ཚོས་ཟན་རྩྭ་བརྔ་སྐབས་གསའ་གཟིག་གི་ཕྲུ་གུ་གཉིས་རྙེད་པ་དང་།  མིག་སྔར།  ས་གནས་དེ་གའི་ནགས་ལས་ཚན་པས་རྗེས་མའི་སྲུང་སྐྱོང་བྱ་ཐབས་སོགས་ཀྱི་གྲོས་མོལ་བྱས་ཡོད་པ་རེད།    གསའ་གཟིག་ནི་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཞིག་ཡིན་ལ་སྟོང་ལ་ཉེ་བའི་ཞི་ལའི་རིགས་ཀྱི་སྲོག་ཆགས་ཞིག་ཀྱང་ཡིན།  རྒྱལ་སྤྱིའི་སྟོང་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་ཀྱི་རྒྱབ་ཤ་དམར་པོའི་དེབ་ནང་བཅུག་ཡོད་པ་དང་།     ད་ཐེངས་མངའ་རིས་ས་ཁུལ་ནས་གསའ་གཟིག་རྙེད་པ་དེས་ཆབ་མདོ་རི་བོ་ཆེ་དང་།  གཞིས་ཀ་རྩེ་ཇོ་རིའི་རང་བྱུང་སྲུང་སྐྱོང་ཁུལ་ནས་གསའ་གཟིག་རྙེད་པའི་རྗེས་སུ་རི་སྐྱེས་གསའ་གཟིག་སླར་ཡང་མི་རྣམས་ཀྱི་མིག་ལམ་དུ་མངོན་ཡོད་པ་རེད། 

བོད་ལྗོངས་མངའ་རིས་ཁུལ་ནས་གསའ་གཟིག་གི་ཕྲུ་གུ་རྙེད་པ།

རྩོམ་འགན་པ། སྒྲོལ་ཚེ།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060