སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས་ཁ་བ་ཆེན་པོ་འབབ་རྒྱུའི་ཉེན་ཟོན་སྔོན་བརྡ་སེར་པོ་བཏང་།
སྤེལ་དུས། 2014-10-14   ཡོང་ཁུངས། ཤིན་ཧྭ་དྲ་བ།   རྩོམ་སྒྲིག་པ།  ཟླ་བ།

ཤིན་ཧྭ་དྲ་བ་ལྷ་ས་ནས་ཟླ ༡༠ པའི་ཚེས ༡༣ ཉིན་བཏང་བའི་གློག་འཕྲིན། བོད་རང་སྐྱོང་ལྗོངས་མཁའ་ཁམས་ཁང་གིས་ཚེས ༡༣ གྱི་ཆུ་ཚོད ༡༧ སྟེང་ཁ་བ་ཆེན་པོའི་ཉེན་ཟོན་སྔོན་བརྡ་སེར་པོ་བཏང་བ་དང་།  ཟླ ༡༠ པའི་ཚེས ༡༣ གྱི་དུས་ཚོད ༢༠ ནས་ཚེས ༡༤ པའི་ཆུ་ཚོད ༢༠ བར་ལ། གཞིས་རྩེ་གྲོང་ཁྱེར་ལྷོ་ནུབ་ཕྱོགས་ལ་ཁ་བ་འབྲིང་ནས་ཆེན་པོ(ཧོ་སྨིད ༥༡༥ )འབབ་རྒྱུ་ཡིན་པ་དང་། ས་ཁུལ་ཁ་ཤས་ལ་ཁ་བ་དྲག་པོ(ཧོ་སྨིད༡༠༢༠)འབབ་རྒྱུ་རེད།

མཁའ་ཁམས་ཁང་གིས་བསྒྲགས་པའི་སྔོན་བརྡ་གསར་ཤོས་ལས་མངོན་པ་ལྟར་ན། ཟླ ༡༠ པའི་ཚེས ༡༣ ནས་ཚེས ༡༦ བར་དུ། མངའ་རིས་ས་ཁུལ་གྱི་ལྷོ་ཕྱོགས་དང་གཞིས་རྩེ་ས་ཁུལ་གྱི་ལྷོ་ནུབ་ཕྱོགས་ལ་ཁ་བ་འབྲིང་ཙམ་ནས་ཆེན་པོ་འབབ་རྒྱུ་ཡིན་པ་དང་། ས་ཁུལ་ཁག་ཅིག་ལ་ཁ་བ་དྲག་པོ་འབབ་རྒྱུ་རེད་འདུག  ལྷོ་ཁ་དང་ཉིང་ཁྲི་ས་ཁུལ་ལ་ཁ་ཆར་ཆུང་ནས་འབྲིང་ཙམ་དང་། ས་ཁུལ་གཞན་དག་ལ་གནམ་ཐིབ་ནས་ཁ་ཆར་ཆུང་ཆུང་འབབ་རྒྱུ་རེད།

བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས། གོང་གསལ་ས་ཁུལ་ཁག་ཏུ་ཡུལ་སྐོར་བྱེད་མཁན་མི་སྣ་དང་མོ་ཊའི་རིགས་གང་མགྱོགས་ཁ་བྲལ་དགོས་པ་དང་།  དམིགས་བསལ་གྱི་གནས་ཚུལ་མེད་པའི་མོ་ཊ་དང་མི་སྣ་ཁག་གོང་སྨོས་ས་ཁུལ་ཁག་ཏུ་ཅི་ཐུབ་ཐུབ་ཀྱིས་མི་འགྲོ་རྒྱུའི་དྲན་སྐུལ་གནང་གི་འདུག

དེ་མིན་ཉེ་བའི་ཆར། བོད་ལྗོངས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་བབས་པའི་རྐྱེན་གྱིས་གཞུང་ལམ་དུ་འགྲེད་ཤུད་སླ་བས། མཇུག་རྡུང་ངམ་གསེག་འགྲེད། རྟིང་སློག་རྒྱག་པ་སོགས་འགྲིམ་འགྲུལ་དོན་རྐྱེན་བྱུང་སླ་པོ་འདུག  བོད་རང་སྐྱོང་ལྗོངས་མཁའ་ཁམས་ཁང་གིས། རྒྱ་ཆེའི་ཁ་ལོ་བ་རྣམས་ཀྱིས་མོ་ཊ་གཏོང་དུས་མོ་ཊའི་བར་ཐག་རིང་ཙམ་འཇོག་རྒྱུ་དང་། མྱུར་ཚད་ལ་ཚོད་འཛིན་རྒྱུ། ལམ་གྱི་གནས་ཚུལ་སོགས་ལ་བལྟས་ཏེ་འགྲིམ་འགྲུལ་དོན་རྐྱེན་མ་འབྱུང་བ་བྱ་རྒྱུའི་དྲན་སྐུལ་གནང་གི་འདུག

ཁ་བྱང་ཕྱི་མོ། བོད་ལྗོངས་ཀྱིས་ཁ་བ་ཆེན་པོ་འབབ་རྒྱུའི་ཉེན་ཟོན་སྔོན་བརྡ་སེར་པོ་བཏང་།

(རྩོམ་འགན་པ། རྟ་མགྲིན)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060