སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་རང་སྐྱོང་ལྗོངས་ཀྱིས་མི་བཟོས་རྣ་འཁྱིལ་འཇུག་པའི་གཤག་བཅོས་ལག་རྩལ་གྱི་སྟོང་ཆ་བསྐོངས་པ།
སྤེལ་དུས། 2014-05-06   ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།   རྩོམ་སྒྲིག་པ།  ཁོན་ཐར་འཚོ།
 

   ཉིན་ཤས་གོང་ཧྲང་ཧའེ་ཤིན་ཧྭ་སྨན་ཁང་གི་རིགས་གཅིག་མཁས་ཅན་དང་།  རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་རྣ་ཅོག་དང་སྣ་ཁུང༌། མགྲིན་པའི་ཚན་ཁག་གི་རིགས་གཅིག་མཁས་ཅན་གྱིས་ཐུན་མོང་ཐོག་རང་ལྗོངས་ཀྱི་དཀའ་ངལ་ཡོད་པའི་ཕྲུ་གུ་འོན་པ ༧ ལ་མི་བཟོས་རྣ་འཁྱིལ་འཇུག་པའི་གཤག་བཅོས་བྱས་པ་ཚང་མ་ལེགས་སྒྲུབ་བྱུང་བས།  རང་ལྗོངས་ཀྱི་མི་བཟོས་རྣ་འཁྱིལ་འཇུག་པའི་གཤག་བཅོས་ལག་རྩལ་གྱི་སྟོང་ཆ་བསྐོངས་ཐུབ་པ་བྱུང་བ་རེད།   

   ཧྲང་ཧའེ་ཤིན་ཧྭ་སྨན་ཁང་གིས་ད་དུང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ་རིན་ཐང་སྒོར་ཁྲི་ཚོ ༢༤ ལྷག་ཙམ་རེ་བའི་ཕྲུ་གུ་དམར་སྦྱར་དུས་ཀྱི་རྣ་ཐོས་ནུས་པ་བརྟག་ཞིབ་དང་གཤག་བཅོས་བྱེད་པའི་ཡོ་ཆས་སྤྲད་པ་རེད།  སྤྱི་ལོ ༢༠༡༣ ལོར་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་།  ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་འདི་ཉིད་བོད་ལྗོངས་ཀྱི་མི་བཟོས་རྣ་འཁྱིལ་འཇུག་པའི་གཤག་བཅོས་རྣམ་གྲངས་ཀྱི་རོགས་སྐྱོར་སྨན་ཁང་ལ་གཏན་འཁེལ་བྱས་པ་དང༌།  རྣམ་གྲངས་ཀྱི་གཏན་འབེབས་ལ་གཞིགས་ནས་ལོ་ལྔའི་ནང་ཧྲང་ཧའེ་ཤིན་ཧྭ་སྨན་ཁང་དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་ཀྱིས་ཐུན་མོང་ཐོག  མི་བཟོས་རྣ་འཁྱིལ་འཇུག་པའི་གཤག་བཅོས་ཁག ༦༠ ལྷག་ཙམ་བྱ་རྒྱུ་ཡིན་པ་དང་།  དེའི་དམིགས་ཡུལ་ནི་ལོ ༣ ནས ༥ ནང་ཁ་མཐུན་རོགས་སྐྱོར་ཐོག་ནས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས།  རང་ཚུགས་ངང་མི་བཟོས་རྣ་འཁྱིལ་འཇུག་པའི་གཤག་བཅོས་ཐུབ་རྒྱུར་ཆ་རྐྱེན་བསྐྲུན་རྒྱུ་རེད།།  

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060