སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་རང་སྐྱོང་ལྗོངས་ཀྱིས་དེང་རབས་བསྐྱར་བཟོའི་ཐོན་ཁུངས་བསྡུ་ལེན་མ་ལག་གི་སྟོང་ཆ་བསྐོངས་ཡོད།
སྤེལ་དུས། 2014-05-06   ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།   རྩོམ་སྒྲིག་པ།  ཁོན་ཐར་འཚོ།
 
    བོད་རང་སྐྱོང་ལྗོངས་ཀྱི་མཁོ་མེད་རྙིང་ཧྲུལ་སྤོས་འགྱིག་རྒྱུན་འཁོར་བེད་སྤྱོད་བྱེད་པའི་ཐོན་སྐྱེད་སྒྲུབ་རིམ་ཐོག་མ་དེ་ཉེ་དུས་ལྷ་སའི་བསྐྱར་བཟོའི་ཐོན་ཁུངས་བསྡུ་འགྲེམས་ཁྲོམ་རར་བེད་སྤྱོད་བྱས་པ་དེས་རང་ལྗོངས་ཀྱི་དེང་རབས་བསྐྱར་བཟོའི་ཐོན་ཁུངས་བསྡུ་ལེན་མ་ལག་གི་སྟོང་ཆ་བསྐོངས་པ་རེད།  དེར་བརྟེན་ནས་རང་ལྗོངས་ཀྱི་མཁོ་མེད་རྙིང་ཧྲུལ་སྤོས་འགྱིག་སོགས་བེད་མེད་ཟོག་རོ་ཕན་ཡོད་ལ་འགྱུར་བའི་གོམ་སྟབས་ཇེ་མགྱོགས་དང་གད་སྙིགས་སྦགས་བཙོག་ཉུང་དུ་བཏང་སྟེ།  རང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་དེ་བས་ཡག་པོ་བྱེད་ཐུབ་རྒྱུ་རེད། 
    རང་སྐྱོང་ལྗོངས་བསྐྱར་བཟོའི་ཐོན་ཁུངས་བསྡུ་ལེན་བེད་སྤྱོད་མཐུན་ཚོགས་ཀྱིས་ཚོད་རྩིས་བྱས་པར་གཞིགས་ན།  རང་ལྗོངས་སུ་ལོ་ལྟར་ཐོན་པའི་བསྐྱར་བཟོའི་ཐོན་ཁུངས་ཀྱི་སྤྱི་འབོར་ཏུན་ཁྲི་ཚོ ༣༥ ཙམ་ཟིན་ཡང་བསྡུ་ལེན་བྱས་པའི་སྤྱི་འབོར་ཏུན་ཁྲི་ཚོ ༢༠ ཙམ་ལས་ཟིན་གྱི་མེད་པ་རེད།  མཁོ་མེད་རྙིང་ཧྲུལ་སྤོས་འགྱིག་རྒྱུན་འཁོར་བེད་སྤྱོད་བྱེད་པའི་ཐོན་སྐྱེད་སྒྲུབ་རིམ་དེས་ཉིན་རེར་མཁོ་མེད་རྙིང་ཧྲུལ་སྤོས་འགྱིག་བསྐྱར་བཟོ་བྱེད་ཚད་ཏུན ༡༥༠ ནས ༢༠༠ བར་ཟིན་གྱི་ཡོད་པ་དང༌།  ལྷ་སའི་བརྒྱ་ཆ ༨༠ མཁོ་མེད་རྙིང་ཧྲུལ་སྤོས་འགྱིག་ཕན་ཡོད་ལ་འགྱུར་ཐུབ་རྒྱུ་རེད། 
    དེང་སྐབས་ལྷ་སའི་བསྐྱར་བཟོའི་ཐོན་ཁུངས་བསྡུ་འགྲེམས་ཁྲོམ་རའི་ལྕགས་རིགས་ཉོ་ཚོང་ཁུལ་དང་སྤོས་འགྱིག་ཉོ་ཚོང་ཁུལ།  ཤོག་བུ་ཉོ་ཚོང་ཁུལ་བཅས་བེད་སྤྱོད་བྱས་ཟིན་པ་དང་།  རླངས་འཁོར་ལྷུ་བཤིག་ཁུལ་གྱི་ལས་རིམ་དེ་ཨར་སྐྲུན་གྱི་མཚམས་སུ་སླེབས་ཡོད་པ་རེད།  སླད་ཕྱིན་ལྷ་སའི་བསྐྱར་བཟོའི་ཐོན་ཁུངས་བསྡུ་འགྲེམས་ཁྲོམ་རས་ཐོན་སྐྱེད་ནུས་པ་རྒྱ་སྐྱེད་བཏང་ནས་བསྐྱར་བཟོའི་ཐོན་ཁུངས་ཀྱི་ཐོན་ལས་ཁུལ་ཞིག་བསྐྲུན་རྒྱུ་རེད། །
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060