སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་ནུས་ཁུངས་གསར་བའི་ཁེ་ལས་ལ་ལོ་༨ རིང་དུ་དཔྱ་ཁྲལ་མི་བསྡུ་བའི་ཁེ་ཕན་རེག་ཐུབ།
སྤེལ་དུས། 2014-10-13   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་འདུལ།

བོད་ལྗོངས་ཉིན་རེའི་ཚགས་པར་གྱིས་གནས་ཚུལ་བསྒྲགས་རྒྱུར། བོད་རང་སྐྱོང་ལྗོངས་ཀྱིས་ཚོང་འགུག་མ་འདྲེན་སྐོར་གྱི་གཏན་འབེབས་འགའཞེས་པ་ཉེ་ཆར་ཕྱིར་བཏོན། རྗེས་ཕྱོགས་སུ། ནུས་ཁུངས་གསར་བ་འཛུགས་སྐྲུན་ཐད་ལ་མ་དངུལ་གཏོང་འཇོག་བྱེད་པའི་བོད་ལྗོངས་ཀྱི་ཁེ་ལས་ལ། ཆེས་མཐོ་ན་ལོ ༨ རིང་དུ་དཔྱ་ཁྲལ་འཇལ་མི་དགོས་པའི་དགེ་མཚན་ལྡན་པའི་སྲིད་ཇུས་རེག་ཐུབ་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། གཏན་འབེབས་གསར་བ་དེ་ནི་དགེ་མཚན་ལྡན་པའི་སྲིད་ཇུས་བཅུ་གཅིག་འདུས་ཡོད། དེ་དག་ལས་ཉི་ནུས་དང་རླུང་ནུས། རྫབ་རླངས་སོགས་གནོད་མེད་ནུས་ཁུངས་གསར་བ་འཛུགས་སྐྲུན་བྱེད་པའི་ཁེ་ལས་ལ། རྣམ་གྲངས་ཀྱི་ཐོན་སྐྱེད་ཚོང་གཉེར་ཡོང་འབབ་ཐོག་དང་པོར་རེག་པའི་ལོ་དང་པོ་ནས་བཟུང་། ཁེ་ལས་དེ་ལ་ལོ་བདུན་རིང་དུ་དཔྱ་ཁྲལ་མི་ལེན་པ་རེད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་དང་མཐུན་པའི་གནོད་ལྡན་བཙོག་ཆུ་ཐག་གཅོད་དང་གད་སྙིགས་ཕྱིར་བསྡུ་རྣམ་གྲངས་ཀྱི་ཁེ་ལས་ལ། རྣམ་གྲངས་དེ་ཐོན་སྐྱེད་ཚོང་གཉེར་བྱེད་དེ་ཡོང་འབབ་ཐོབ་པའི་ལོ་དེ་ནས་བཟུང་། ལོ་ངོ་༨ ཀྱི་རིང་དུ་དཔྱ་ཁྲལ་མི་ལེན་པ་རེད།

བོད་ལྗོངས་ཀྱི་ནུས་ཁུངས་གསར་བའི་སྒྲིག་གཞིའི་ཁྲོད་དུ། ཆུ་ནུས་གཙོ་བྱས་ཏེ་སླར་ཡང་ཐོན་སྐྱེད་ཐུབ་པའི་ནུས་ཁུངས་ཕུན་སུམ་ཚོགས་པ་ཡོད། དུས་མཚུངས་སུ། བོད་ལྗོངས་ནི་འཛམ་གླིང་གི་ཉི་མའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་གཅིག་ཡིན། ཚོད་རྩིས་བྱས་པ་ལྟར་ན་བོད་ལྗོངས་ཀྱི་ལོ་རེའི་སྤྱིའི་ཉི་མའི་འཕྲོ་འབྱེད་ཚད་ནི་་ཚད་གཞི་དང་མཐུན་པའི་རྡོ་སོལ་ཏུན་དུང་ཕྱུར ༤༥༠༠ དང་མཚུངས་པས། རང་རྒྱལ་གྱི་ཨང་དང་པོར་གནས་ཡོད། དེའི་སྟབས་ཀྱིས་བོད་ལྗོངས་ཀྱིས་ཆུ་གློག་གཙོ་བྱས་ཏེ། ཉི་ནུས་དང་རླུང་ནུས། ས་དྲོད་ནུས་ཁུངས་སོགས་ནུས་ཁུངས་གསར་བ་བཙུགས་ནས། ནུས་སྣ་མཉམ་འདས་དང་ནུས་ཁུངས་སྣ་མང་ཕན་ཚུན་ཁ་གསབ་ཀྱི་ནུས་ཁུངས་གསར་འབྱེད་མ་ལག་གྲུབ་ཡོད་པ་རེད།

ཉི་མའི་ནུས་ཁུངས་ནི་བོད་ལྗོངས་ཀྱི་ནུས་ཁུངས་གསར་བ་བཀོལ་སྤྱོད་བྱེད་པའི་ཆེས་ཚད་མཐུན་དང་ནུས་ལྡན། ཆེས་ཐད་གར་གྱི་ནུས་ཁུངས་ཡིན་པ་རེད། ཉེ་བའི་ལོ་འགའི་རིང་དུ། བོད་ལྗོངས་ཀྱིས་སྔ་རྗེས་སུ་ཉི་འོད་འཆར་གཞིདང་ཚན་རིག་གི་འོད་སྣང་འཆར་གཞི”“མངའ་རིས་ཀྱི་འོད་གློག་འཆར་གཞིནུབ་རྒྱུད་ཞིང་ཆེན་དང་ས་ཁུལ་གྱི་གློག་མེད་པའི་ཡུལ་ཚོར་གློག་དྲངས་བའི་ལས་གཞི”“གློག་མེད་ས་ཁུལ་གྱི་གློག་ནུས་འཛུགས་སྐྲུན་རྣམ་གྲངས།”“གསེར་གྱི་ཉི་མའི་ལས་གཞིསོགས་སྤྱི་ཚོགས་དང་དཔལ་འབྱོར། སྐྱེས་ཁམས་བྱེད་ནུས་ཚད་མཐོ་ཡོད་པའི་ཉི་ནུས་རྒྱ་བསྐྱེད་ཚོད་ལྟའི་ལས་གཞི་སྐོར་ཞིག་ལག་བསྟར་བྱས།

ད་ལོའི་ཟླ ༨ པའི་ཚེས ༡༥ ཉིན། བོད་ལྗོངས་ཆབ་མདོ་ས་ཁུལ་དཔལ་ཤོད་རྫོང་དང་ཐེན་ཧའེ་ནུས་ཁུངས་གསར་བའི་ཚན་རྩལ་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱིས་ཆིངས་ཡིག་བཀོད་པ་དང་། ཚོང་ཁང་དེ་ཡིས་དཔལ་ཤོད་རྫོང་གི་མངའ་ཁོངས་ནས་ཐོ་འགོད་མ་དངུལ་སྒོར་ཁྲི ༡༠༠༠ གིས་ཐེན་ཧའེ་དབྱི་ཆིན་ཉི་ནུས་གློག་འབྱེད་ཚད་ཡོད་སྤྱི་གཉེར་ཁང་བཙུགས། རྫོང་ཁག་དེའི་དབྱི་ཆེན་ཡུལ་ཚོ་དང་འཁོར་ཆེན་ཡུལ་ཚོ་ལ་320MW ཡོད་པའི་གློག་འབྱེད་རྣམ་གྲངས་འཛུགས་སྐྲུན་བྱས། རྣམ་གྲངས་དེར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར ༣༥.༢ བཏང་ཡོད། ཟླ་བ་ ༩ བར། ཐེན་ཅིན་གྲོང་ཁྱེར་ཚན་རྩལ་ཨུ་ལྷན་གྱིས་འཛུགས་སྐྲུན་རོགས་སྐྱོར་བྱས་པའི ཉི་ནུས LED ལམ་སྒྲོན་མ་ལག་ཚོད་ལྟའི་རྣམ་གྲངས ཡོངས་སུ་མཇུག་རྫོགས། ཆབ་མདོ་ས་ཁུལ་ཉི་བཀྲ་སྡེ་བའི་ཁོངས་གཏོགས་ཀྱི་རང་བྱུང་གྲོང་སྡེ་གཉིས་ལ་ཉི་ནུས LED ལམ་སྒྲོན་གྱིས་ཡོངས་སུ་ཁེབས་ཐུབ་པ་བྱུང་། བསྡོམས་པས་ཁྱིམ་ཁག ༡༠༨ དང་ས་གནས་ཀྱི་མང་ཚོགས ༥༡༥ ལ་ཁེ་ཕན་བསྐྲུན་ཡོད་པ་རེད།

དེ་ལས་གཞན། ༢༠༠༧ ལོའི་ལོ་མཇུག་ཏུ། བོད་ལྗོངས་ཀྱིས་ལེགས་འགྲུབ་ངང་ཉི་ནུས་རྫབ་རླངས་རྫིང་བུ་གསར་སྤེལ་བྱས། ད་ལྟ་དེ་ནི་རྣམ་པ་གསར་བའི་ཞིང་སྡེའི་དྭངས་གཙང་ནུས་ཁུངས་ཞིག་ཡིན་པའི་ཆ་ནས། རྫབ་རླངས་རྒྱ་ཁྱབ་ངང་བོད་ལྗོངས་ཀྱི་ཞིང་འབྲོག་ཁྱིམ་ཚང་མང་པོར་ཁྱབ་ཡོད། ༢༠༡༣ ལོར། བོད་ལྗོངས་ནག་ཆུས་ས་བབ་མཐོ་བའི་རླུང་གློག་ཚོད་ལྟའི་རྣམ་གྲངས་མངོན་འགྱུར་བྱུང་བ་མ་ཟད་གློག་འདོན་ཐུབ་བྱུང་། དེ་ཡིས་བོད་ལྗོངས་སུ་རྣམ་པ་ཆེ་བའི་རླུང་གློག་མེད་པ་ལས་ཐོད་བརྒལ་བྱུང་བ་མཚོན་པ་རེད། བོད་ལྗོངས་ཡངས་པ་ཅན་གྱི་ས་དྲོད་གློག་གྲྭ་ནི་རང་རྒྱལ་གྱིས་རང་ཉིད་ལ་བརྟེན་ནས་གསར་འཛུགས་བྱས་པའི་ཚོང་ལས་རང་བཞིན་གྱི་དྲོད་མཐོའི་ས་དྲོད་གློག་གྲྭ་ཐོག་མ་ཡིན། ༡༩༩༡ ལོར་སྤྱིའི་འཕྲུལ་ཆས་ཀྱི་ཤོང་ཚད་སྟོང་ཝྭ་ཁྲི ༢.༤༡༨ ཡིན་ལ། བསྡོམས་པས་གློག་འདོན་ཚད་སྟོང་ཝྭ་དུང་ཕྱུར ༣༠ ཙམ་ཡོད་པ་རེད།

ཁ་བྱང་ཕྱི་མོ། བོད་ལྗོངས་ཀྱི་ནུས་ཁུངས་གསར་བའི་ཁེ་ལས་ལ་ལོ་༨ རིང་དུ་དཔྱ་ཁྲལ་མི་བསྡུ་བའི་ཁེ་ཕན་རེག་ཐུབ།

(རྩོམ་འགན་པ། རྟ་མགྲིན)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060