སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལྷ་སར་གློག་རྡུལ་ཚོང་དོན་ཐོན་རྫས་ཀྱི་གཞི་གྲངས་མཛོད་བསྐྲུན་རྒྱུ་ཡིན་པ།
སྤེལ་དུས། 2016-09-20   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  རྡོ་རྗེ།
          ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་སྤུས་ཚད་ལག་རྩལ་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁོངས་གཏོགས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་དང་གློག་རྡུལ་ཚོང་དོན་ཐོན་སྐྱེད་ཁེ་ལས་ལ་བརྟག་དཔྱད་མཐིལ་རྟོགས་ལས་དོན་སྤེལ་བ་དང་། བརྟག་དཔྱད་མཐིལ་རྟོགས་བྱས་པ་བརྒྱུད་ལྷ་ས་གྲོང་ཁྱེར་དུ་ཁེ་ལས་100ལྷག་གིས་ཐོ་འགོད་བྱས་ནས་གློག་རྡུལ་ཚོང་དོན་གཉེར་གྱི་ཡོད་པ་ཤེས་རྟོགས་བྱུང་བ་རེད།
          ལྷ་སའི་ཁྱད་ལྡན་ཐོན་རྫས་དང་གློག་རྡུལ་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་སྔར་བས་ཚད་ལྡན་དུ་གཏོང་ཆེད་ལྷ་ས་གྲོང་ཁྱེར་སྤུས་ཚད་ལྟ་སྐུལ་ཅུས་ཀྱིས་ད་རེས་ཀྱི་བརྟག་དཔྱད་མཐིལ་རྟོགས་ལས་དོན་ཏན་ཏིག་སྤེལ་བ་རེད། མཐིལ་རྟོགས་བརྟག་དཔྱད་ཀྱི་རྨང་གཞིའི་ཐོག་ལྷ་ས་གྲོང་ཁྱེར་སྤུས་ཚད་ལག་རྩལ་ལྟ་སྐུལ་དོ་དམ་ཅུས་ཀྱིས་གློག་རྡུལ་ཚོང་དོན་ཐོན་རྫས་ཀྱི་གཞི་གྲངས་མཛོད་བསྐྲུན་ནས་གློག་རྡུལ་ཚོང་དོན་སྤུས་ཚད་མཐོར་འདེགས་ཀྱི་ཇུས་གཞི་ཞིབ་འཇུག་བྱས་ཏེ་བཟོ་རྒྱུ་དང་། གློག་རྡུལ་ཚོང་དོན་ཐོན་རྫས་ཀྱི་སྤུས་ཚད་ལྟ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ། གློག་རྡུལ་ཚོང་དོན་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱ་རྒྱུ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བོད་ཀྱི་འཁྱགས་རོམ་གཏེར་ཆུ་5100དང་། བོད་ལྗོངས་ཐེན་ཀྲི་སྐྱེ་དངོས། བོད་ལྗོངས་གསེར་གྱི་ཁ་བཏགས་ཁུ་ལུའི་ཐོན་རྫས་ཚད་ཡོད་ཀུང་སི་བཅས་ཀྱིས་མཚོན་པའི་ཚོང་དོན་སྣེ་འདྲེན་ཁེ་ལས་ཀྱིས་ལས་རིགས་ནང་ཁུལ་དུ་སྔོན་ལ་ཚོང་དོན་འཁོར་རྒྱུག་ལས་སྟེགས་བསྐྲུན་པས་གློག་རྡུལ་ཚོང་དོན་གྱི་བེད་སྤྱོད་གོམ་སྟབས་མགྱོགས་སུ་ཕྱིན་ཡོད། འབྲིའི་དཀར་ཆུའི་ཐོན་ལས་དང་ཆེ་ཧྲེན་ཡུལ་ཟོག་སོགས་སིལ་ཚོང་ཁེ་ལས་ཀྱང་དྲ་ཐོག་ཆེད་ཚོང་ཁང་ལ་བརྟེན་ནས་ཁེ་ལས་འབྲིང་ཆུང་ནང་གློག་རྡུལ་ཚོང་དོན་བེད་སྤྱོད་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་སོང་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716