སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
དབྱར་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་མཇུག་འགྲིལ་བ།
སྤེལ་དུས། 2016-09-21   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  འཇིགས་མེད་ཀྱིས་བསྒྱུར།

          ཟླ་9ཚེས་18ཉིན། དབྱར་དུས་དབང་པོ་སྐྱོན་ཅན་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་མཇུག་འགྲིལ་མཛད་སྒོ་དེ་པར་ཙིར་ལི་གཡོད་རེ་ནེ་ལུའི་མཱ་ལ་ཁ་ན་ལུས་རྩལ་ཁང་དུ་འཚོགས་ཤིང་། འདི་ནི་མཇུག་འགྲིལ་མཛད་སྒོའི་ཚོགས་ར་ཡིན་པ།
          ཟླ་9ཚེས་18ཉིན་གློག་འཕྲིན་འབྱོར་གསལ། དྲག་ཆར་ཆེན་པོ་བབས་ཀྱང་ལི་གཡོད་མཱ་ལ་ཁ་ན་ལུས་རྩལ་ཁང་ནང་གི་དགའ་སྤྲོ་འཁོལ་བའི་རྣམ་པ་དེ་བས་མཐོ། ས་གནས་དེ་གའི་དུས་ཚོད་ཚེས་18ཉིན་གྱི་དགོང་མོ། དབྱར་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་དེ་གར་གྲོལ་ཞིང་། དབང་པོ་སྐྱོན་ཅན་ལུས་རྩལ་པ་ཚོ་དེ་གར་འདུ་འཛོམས་བྱས་ནས་ཕན་ཚུན་གཟུགས་པོར་ཐུགས་འཇགས་གནང་རོགས་ཞེས་བཤད་པ་རེད། སྐབས་འདིའི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཐོག་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་107དང་། དངུལ་གྱི་རྟགས་མ་81ཟངས་ཀྱི་རྟགས་མ་51བཅས་ཐོབ་པ་མ་ཟད། ལུས་རྩལ་རྣམ་གྲངས་51ཐད་འཛམ་གླིང་གི་ཟིན་ཐོ་ཡང་གཏོར་ནས་1984ལོར་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ལ་ཞུགས་ཚུན་གྱི་གྲུབ་འབྲས་ཡག་ཤོས་བཏོད་པ་དང་། སྐབས་བཞི་བསྟུད་མར་གསེར་གྱི་རྟགས་མ་དང་གཟེངས་བསྟོད་རྟགས་མ་གཉིས་ཀ་ཨང་དང་པོ་བླངས་ཡོད། འགྲན་རའི་ཕྱི་ནང་དུ་ཀྲུང་གོའི་དབང་པོ་སྐྱོན་ཅན་ལུས་རྩལ་པ་ཚོས་ཁྱད་དུ་འཕགས་པའི་ལུས་རྩལ་འགྲན་བསྡུར་གྱི་ཁྱད་ཆོས་ངོམ་པ་དང་། ཉམས་པ་མེད་པའི་འབད་འབུངས་ཀྱི་སྙིང་སྟོབས་དང་སྤྲོ་སྣང་ལྡན་པའི་ཡར་བརྩོན་གྱི་སྙིང་སྟོབས་ཐོག་ནས། ལུས་རྩལ་གྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀར་གྲུབ་འབྲས་ཆེན་པོ་བླངས་པ་དང་། ཀྲུང་གོའི་སྤྱི་ཚོགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་གཟུགས་བརྙན་དང་ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གསར་པ་ངོམས་སྟོན་གང་ལེགས་བྱས་ཡོད་པ་རེད།
          སྐབས་འདིའི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཐོག ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་ཁྱོན་ལུས་རྩལ་པ་307ཡོད་པ་དེ་དག་རྣམ་གྲངས་ཆེ་བ་17དང་རྣམ་གྲངས་ཆུང་བ་328ལ་ཞུགས་པ་དེ་ནི་ཕྱི་རྒྱལ་དུ་འཚོགས་པའི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཁྲོད་རང་རྒྱལ་གྱི་ལུས་རྩལ་པ་ཞུགས་མང་ཤོས་དང་། རྣམ་གྲངས་ནང་ཞུགས་མང་ཤོས། འཐུས་མི་ཚོགས་པའི་གཞི་ཁྱོན་ཆེ་ཤོས་བཅས་རེད།
          འཐུས་མི་ཚོགས་པའི་ཚོགས་གཙོ་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཧའེ་ཏིས། འཐུས་མི་ཚོགས་པའི་ལུས་རྩལ་པ་ཡོངས་ཀྱིས་འབད་བརྩོན་ལྷོད་མེད་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱས་པས། ལུས་རྩལ་འགྲན་བསྡུར་གྱི་ཆུ་ཚད་ལ་ཚད་བརྒལ་གསར་པ་བྱུང་བ་དང་། འཐུས་མི་ཚོགས་པས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཤེས་དཔལ་ལྡན་པའི་སྒོ་ནས་འགྲན་བསྡུར་ལ་ཞུགས་ནས། ཉམས་འགྱུར་གསར་པ་མངོན་པར་བྱས་ཡོད། དེ་དང་ཆབས་ཅིག་མཛའ་གྲོགས་འགྲོ་འོང་རྒྱ་ཆེར་གཏོང་བ་དང་མཛའ་གྲོགས་ཟབ་ཏུ་བཏང་བས། ཕྱི་ཕྱོགས་སྤེལ་རེས་ལ་འཕེལ་རྒྱས་གསར་པ་བྱུང་ཡོད་ཅེས་གསུངས་པ་རེད།
          འདས་ཟིན་པའི་ཉིན་12ནང་། ཀྲུང་གོའི་ལུས་རྩལ་པས་འཛམ་གླིང་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལུས་རྩལ་པ་4400དང་མཉམ་དུ་འགྲན་རའི་ཐོག་ངར་སེམས་ལ་བརྟེན་ནས་ཕུགས་འདུན་དོན་གཉེར་བྱས་ཏེ་ངོ་མཚར་ཅན་གྱི་གཏམ་རྒྱུད་གྲངས་ལས་འདས་པ་བཏོད་པ་དང་། འབད་བརྩོན་ལ་བརྟེན་ནས་ལ་རྒྱ་མངོན་པར་བྱས་ཏེ། འོད་སྟོང་འཕྲོ་བའི་མི་ཚེ་བཏོད་ཡོད། ལུས་རྩལ་པ་ཚོས་སོ་སོའི་བྱ་སྤྱོད་དང་སྙིང་སྟོབས་ལ་བརྟེན་ནས“སྙིང་སྟོབས་ནི་ལུས་རྩལ་གྱི་ཁོངས་སུ་གཏོགས་པའི”དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་གསལ་བཤད་བྱས་ཏེ། འཛམ་གླིང་ཡོངས་སུ“ཡར་སྐུལ་དང་། སྙིང་སྟོབས། ཆོད་སེམས། འདྲ་མཉམ”བཅས་ཀྱི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་རིན་ཐང་བརྒྱུད་སྤྲོད་བྱས་ནས་སྤྲོ་སེམས་འཁོལ་བའི་བརྡ་ལན་ཞིག་ཐོབ་རྒྱུ་དང་མི་རྣམས་ལ་དེའི་ཁྲོད་ནས་བསམ་པའི་རྒྱུ་ནོར་ཞིག་ཐོབ་རྒྱུར་སྐུལ་མ་བཏང་སྟེ། སྔར་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་གཏོད་ཆེད་ཐུན་མོང་ཐོག་འབད་བརྩོན་བྱས་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716