སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཁྲོན་བོད་དྲ་སྦྲེལ་ལས་གྲྭའི་ཐོག་མའི་ཞིབ་བཤེར་ལས་དོན་ལེགས་གྲུབ་ཟིན་པ།
སྤེལ་དུས། 2016-09-29   ཡོང་ཁུངས། ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ཆོས་སྒྲོན།

          ཟླ་9ཚེས་27ཉིན་གྱི་ཆུ་ཚོད་4དང་སྐར་མ་31ཐོག་ཁྲོན་བོད་དྲ་སྦྲེལ་ལས་གྲྭ་ཆན་ཕུའུ་500ཡི་ཐང་ལན་གྱི་གློག་འདྲེན་གཏོང་གི་གློག་འདྲེན་གློག་སྐུད་ཐོག་གློག་སྐྱེལ་བྱེད་ཐེངས་གཅིག་ལ་ལེགས་གྲུབ་བྱུང་བ་དེ་ཐོག་ནས་ཁྲོན་བོད་དྲ་སྦྲེལ་ལས་གྲྭའི་ཐོག་མའི་ཞིབ་བཤེར་ལས་དོན་ལེགས་གྲུབ་བྱུང་བ་མཚོན་ཡོད།

          ད་རེས་ཀྱི་ཞིབ་བཤེར་ཉམས་བཟོའི་ལས་དོན་ལེགས་པར་འགྲུབ་ཆེད་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་ཞིབ་བཤེར་ཉམས་བཟོ་བྱེད་མཁན་200ལྷག་ཙམ་དང་ལས་སྒྲུབ་རླངས་འཁོར་ཁག་ཐེངས་26བཏང་ནས་ས་ཆ་མཐོ་བ་དང་། ས་བབ་རྙོག་འཛིང་ཆེ་བ། གནམ་གཤིས་འགྱུར་ལྡོག་ཆེ་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་པས་བོད་ལྗོངས་དུམ་བུའི་གློག་ཤིང་ཁྱོན་1052ཡི་སྐས་འཛེགས་མེད་པ་བཟོ་རྒྱུ་དང་གློག་སྐྱེལ་གློག་ལམ་སྤྱི་ལེ་558.6གི་གློག་གཏོང་གློག་སྐུད་ལ་ཞིབ་བཤེར། དེ་བཞིན་གློག་ཤིང་གི་རྩིག་རྨང་གི་འབྲུབ་འགོག་བཅོས་སྐྱོང་སོགས་ཀྱི་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། གློག་སྐུད་བརྒྱུད་ལམ་སྤྱི་ལེ་180ཉམས་གསོ་དང་འབྲེང་ལམ་ཁག་2བསྐྲུན་པས་ཁྲོན་བོད་དྲ་སྦྲེལ་གྱི་གློག་གཏོང་གློག་སྐུད་སྲུང་སྐྱོང་དང་ཤར་གཏོང་མྱུར་བཟོ་བྱ་རྒྱུར་ནུས་ལྡན་གྱི་འགན་ལེན་བྱས་པ་མ་ཟད། ས་ཆ་དེ་གའི་ཞིང་འབྲོག་པར་འགྲིམ་འགྲུལ་ཐད་སྟབས་བདེ་སྐྲུན་ཡོད།

          ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭ་དེ་ཤར་ནས་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཆ་འཕྲེང་རྫོང་བར་དང་ནུབ་ནས་བོད་ལྗོངས་ཆབ་མདོ་བར་ཡིན་པ་དེའི་རིང་ཚད་ཡོངས་ལ་སྤྱི་ལེ་1521ཡོད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716