སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཆ་འཕྲིན་ལག་རྩལ་གྱི་བོད་ཡིག་ཐ་སྙད་ཕྱོགས་སྒྲིག་གི་རྒྱལ་ཁབ་ཚད་གཞི་དངོས་སུ་ཁྱབ་བསྒྲགས་བྱས་པ།
སྤེལ་དུས། 2016-10-10   ཡོང་ཁུངས། བོད་ལྗོངས་ཉིན་ཚགས   རྩོམ་སྒྲིག་པ།  ཆོས་སྒྲོན།
          ཉེ་ཆར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་ཚད་གཞིའི《ཆ་འཕྲིན་ལག་རྩལ་གྱི་བོད་ཡིག་ཐ་སྙད་ཕྱོགས་སྒྲིག》ནི་ཀྲུང་གོའི་ཚད་ལྡན་དཔེ་སྐྲུན་ཁང་གིས་དངོས་སུ་པར་འགྲེམས་བྱས་ཤིང་། དེ་ཐོག་ནས་དུས་ཡུན་ལོ་10འགོར་བ་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་རྣམ་གྲངས་རེ་ཞུ་བྱས་ནས་ཚད་ལྡན་རྩོམ་སྒྲིག་དང་ཆོག་མཆན་ཐོབ་པའི་ཆ་འཕྲིན་ལག་རྩལ་གྱི་བོད་ཡིག་ཐ་སྙད་ཕྱོགས་སྒྲིག་གི་རྒྱལ་ཁབ་ཚད་གཞི་དེ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་མཚོན་གྱི་ཡོད་པ་རེད།
          ཆ་འཕྲིན་ལག་རྩལ་གྱི་བོད་ཡིག་ཐ་སྙད་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་འགྱུར་རྒྱུའི་གནད་དོན་ནི་རང་རྒྱལ་གྱི་བོད་ཡིག་ཆ་འཕྲིན་ཅན་དུ་འགྱུར་བའི་རྨང་གཞིའི་གནད་དོན་ཞིག་ཡིན། ཆ་འཕྲིན་ལག་རྩལ་གྱི་བོད་ཡིག་ཐ་སྙད་གཅིག་གྱུར་བཟོས་ཏེ་བོད་རིགས་ས་ཁུལ་གྱི་སློབ་གསོ་དང་ཆ་འཕྲིན་ཅན་འཛུགས་སྐྱོང་གི་ལས་དོན་ལ་སྐུལ་འདེད་གཏོང་ཆེད། 2005ལོར་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་དཔེ་དེབ་དཔྱད་གཞི་ཁང་གི་ཞིབ་འཇུག་པ་བཀྲ་ཤིས་ཚེ་རིང་གིས་གཙོ་སྐྱོང་བྱས་པའི“ཆ་འཕྲིན་ལག་རྩལ་གྱི་བོད་ཡིག་ཐ་སྙད་ཕྱོགས་སྒྲིག་གི་རྒྱལ་ཁབ་ཚད་གཞི་ཞིབ་འཇུག”ཅེས་པའི་གཙོ་གནད་ཞིབ་འཇུག་ཚོགས་ཆུང་བཙུགས་ནས《ཆ་འཕྲིན་ལག་རྩལ་གྱི་བོད་ཡིག་ཐ་སྙད་ཕྱོགས་སྒྲིག》གི་རྒྱལ་ཁབ་ཚད་གཞིའི་ཞིབ་འཇུག་ལས་དོན་སྤེལ་བ་རེད།
          2015ལོའི་ཟླ་12ཚེས་31ཉིན། རྒྱལ་ཁབ་ཚད་གཞི་ཅན་དོ་དམ་ཨུ་ལྷན་དང་རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱིས་མཉམ་འབྲེལ་ཐོག་དངོས་སུ་ཆོག་མཆན་བཀོད་པ་དང་འབྲེལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཚད་གཞིའི《ཆ་འཕྲིན་ལག་རྩལ་གྱི་བོད་ཡིག་ཐ་སྙད་ཕྱོགས་སྒྲིག》ཁྱབ་བསྒྲགས་བྱས་པ་དང་། 2017ལོའི་ཟླ་1ཚེས་1ཉིན་ནས་བཟུང་དངོས་སུ་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
          《ཆ་འཕྲིན་ལག་རྩལ་གྱི་བོད་ཡིག་ཐ་སྙད་ཕྱོགས་སྒྲིག》ཚད་གཞིས་རྒྱལ་ཁབ་ཀྱི་ཚད་གཞིGB/T 5271《ཆ་འཕྲིན་ལག་རྩལ་གྱི་ཐ་སྙད་ཕྱོགས་སྒྲིག》ལ་གཞིགས་ཏེ་ཐ་སྙད་6000ལྷག་ཙམ་བསྡུས་པ་དེ་ནི་ཕྱོགས་ཡོངས་ནས་ཆ་འཕྲིན་ལག་རྩལ་གྱི་ཐ་སྙད་ཕྱོགས་སྒྲིག་དང་འབྲེལ་བའི་རང་རྒྱལ་གྱི་བོད་ཡིག་ཚད་གཞི་དང་པོ་ཡིན་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716