སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་སྒྲིག་བཤེར་ལྟ་ཞིབ་དྲ་བ་ལེགས་བཅོས་བྱས་ནས་སྤྱོད་འགོ་ཚུགས་པ།
སྤེལ་དུས། 2016-10-12   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  རྡོ་རྗེ།
          ཟླ་10ཚེས་10ཉིན་གནས་ཚུལ་འབྱོར་གསལ། ཟླ་10ཚེས་8ཉིན་བོད་ལྗོངས་སྒྲིག་བཤེར་ལྟ་ཞིབ་དྲ་བ(www.xzjjw.gov.cn)གསར་པ་དངོས་སུ་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་དྲ་བ་དེ་2014ལོའི་ཟླ་6ཚེས་30ཉིན་ནས་སྤྱོད་འགོ་ཚུགས་ཚུན་ལེགས་བཅོས་རྒྱག་ཐེངས་དང་པོ་ལེགས་གྲུབ་བྱུང་བ་མཚོན་ཡོད།
          ལྗོངས་སྒྲིག་ཨུད་དྲིལ་བསྒྲགས་པུའུ་ཡི་འགན་འཁུར་བས་ངོ་སྤྲོད་བྱས་པར། ད་ཐེངས་ཀྱི་བཟོ་བཅོས་རིམ་སྤོར་དེ་ནི་སྒྲིག་བཤེར་ལྟ་ཞིབ་དྲིལ་བསྒྲགས་ལས་དོན་གྱི་དགོས་མཁོར་གཞིགས་པ་དང་དྲ་ཚིགས་འཁོར་སྐྱོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དྲ་དམངས་དྲ་བར་འཇུག་པའི་གོམས་གཤིས་དང་བསྟུན་ནས་སྤེལ་བ་ཞིག་ཡིན། ད་ཐེངས་ཀྱི་བཟོ་བཅོས་ཐད་གསར་འགྱུར་དྲིལ་བསྒྲགས་དང་། ཆ་འཕྲིན་ཡོངས་བསྒྲགས། ལྟ་སྐུལ་ཐེར་འདོན། ལས་སྒོ་སློབ་སྦྱོང་སོགས་ཀྱི་ནུས་པར་དམིགས་ནས་དྲ་ཚིགས་ཀྱི་པར་ངོས་བསྐྱར་དུ་འཆར་འགོད་བྱས་པ་དང་ལེ་ཚན་གྲུབ་ཆར་ལེགས་སྒྲིག་བྱས་པ་མ་ཟད། “གསར་འགྱུར་དང་པོ”དང་། “ དཔུང་ཁག་འཛུགས་སྐྱོང”“བཅའ་སྡོད་སྒྲིག་གཞི” “དྲིལ་བསྒྲགས་ལས་དོན”“བརྗོད་དོན་གླེང་མོལ”“ སློབ་སྦྱོང་སྤེལ་རེས”“ལས་ཁུངས་ཀྱི་ཏང་འཛུགས་སྐྱོང”སོགས་ཀྱི་ལེ་ཚན་ཁ་སྣོན་བྱས་ཡོད་པ་དང་གཙོ་འགན་ལས་རིགས་སྔར་བས་གཅིག་སྡུད་དང་། སྒྲིག་བཤེར་ལྟ་ཞིབ་ཀྱི་ཁྱད་ཆོས་མངོན་པ། དྲ་དམངས་དང་ཕན་ཚུན་སྤེལ་རེས་བྱ་རྒྱུར་མཐོང་ཆེན་བཅས་བྱས་ཏེ་དྲ་ཚིགས་དེ་ཆ་འཕྲིན་ཁྱབ་བསྒྲགས་ཀྱི་སྟེགས་བུ་དང་། དྲིལ་བསྒྲགས་སློབ་གསོའི་སྟེགས་བུ། ལས་དོན་སྤེལ་བའི་སྟེགས་བུ། ཕན་ཚུན་སྤེལ་རེས་ཀྱི་སྟེགས་བུ། དྲ་བའི་ལྟ་སྐུལ་གྱི་སྟེགས་བུ་དང་སྒྲིག་བཤེར་ལྟ་ཞིབ་ཀྱི་ཡིག་ཆ་དང་དཔྱད་ཡིག་གྲངས་གཞིའི་མཛོད་བཅས་ཀྱི་ནུས་པ་ཐོན་ཡོད་པས། ཕྱོགས་ཡོངས་ནས་དྲ་བའི་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད།
          བོད་ལྗོངས་སྒྲིག་བཤེར་ལྟ་ཞིབ་དྲ་བས་ཟླ་རེར་ཆ་འཕྲིན་1000ཙམ་ཁྱབ་བསྒྲགས་བྱེད་པ་དང་སྤྱོད་འགོ་ཚུགས་པ་ནས་ད་བར་དྲ་བར་ལྟ་མཁན་ཁྲི་3200ལྷག་ཙམ་ཟིན་ཡོད་པ་དང་ཉིན་རེར་ཆ་སྙོམས་ལྟ་ཚད་ཁྲི་10ཙམ་ལས་བརྒལ་གྱི་ཡོད་པས་དྲིལ་བསྒྲགས་སློབ་གསོའི་ཕན་འབྲས་འདོན་སྤེལ་བྱུང་བའི་ཐོག་ཤུགས་རྐྱེན་གྱི་ནུས་པ་ཡང་ཆེ་ཙམ་ལྡན་ཡོད། ད་ཐེངས་ཀྱི་བཟོ་བཅོས་རིམ་སྤོར་དེ་སྨྱན་སྦྱོར་གསར་པའི་སྤྱོད་གོར་གཞིགས་ནས་སྨྱན་སྦྱོར་གསར་པ་དང་དྲ་ཚིགས་ཀྱི་དྲིལ་བསྒྲགས་བྱེད་ཐབས་ཧུར་ཐག་བཏོད་པར་བརྟེན་མཉམ་འགུལ་དང་། མཉམ་སྦྲེལ། མཉམ་མཐུད་བཅས་ཀྱི་དྲིལ་བསྒྲགས་རྣམ་པ་ཞིག་ཆགས་ཡོད་པ་རེད། བཟོ་བཅོས་རིམ་སྤོར་བྱས་རྗེས་དྲ་ཚིགས་ཀྱི་མངོན་གསལ་དོད་པའི་གནས་སུ་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་སྐད་འཕྲིན་གྱི་ཨང་རྟགས“གངས་ལྗོངས་སྤྱོད་གཙང”ཞེས་པའི་རྩ་གཉིས་ཨང་རྟགས་མཐོང་ཐུབ་པ་དང་ཨང་རྟགས་དེ་བརྒྱུད་དྲ་གྲོགས་ཚོས་སྟབས་བདེ་དང་མགྱོགས་མྱུར་སྒོ་ནས་སྐད་འཕྲིན་ཨང་རྟགས་དེར་ལྟ་ཐུབ་ཀྱི་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716