སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཡག་པོ་བཏང་བ།
སྤེལ་དུས། 2016-10-12   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  རིན་ཆེན།
          ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས“ཡུལ་སྐོར་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི”འཐབ་ཇུས་ལག་ལེན་བསྟར་བ་དང་གཟིགས་སྐྱོང་སྲིད་ཇུས་བཟོས་ཏེ་ལྗོངས་ཡོངས་ནང་སྔོན་ལ་གསོལ་མགྲོན་དང་། ཉམས་ལེན། སོལ་དལ་བཅས་ཚང་བའི་ཁྱིམ་ཚང་མགྲོན་ཁང་གཉེར་བས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་སྟེ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དེ་2010ལོའི་མི་ཐེངས་ཁྲི་5ནས་2015ལོའི་མི་ཐེངས་ཁྲི་20བར་མང་དུ་ཕྱིན་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི་800ནས་ཁྲི་4000ལྷག་ཙམ་བར་འཕར་བ། ཞིང་འབྲོག་པ་ཐད་ཀར་ཡུལ་སྐོར་ལས་རིགས་ནང་ཞུགས་ཚད་མི་ཐེངས་2600ནས་5000ལྷག་ཙམ་བར་མང་དུ་སོང་བ། ཞིང་འབྲོག་པས་ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་། རྟ་གླ་བ། ཡུལ་སྐོར་དྲན་རྟེན་དངོས་པོ་འཚོང་བ་སོགས་བྱས་ནས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་3120ནས་སྒོར་5200ལྷག་ཙམ་བར་མང་དུ་སོང་ནས་ལོ་རེར་15%འཕར་བ། གྲོང་ཁྱེར་དེ་ཡོངས་ལ་ཞིང་འབྲོག་པའི་ཁྱིམ་ཚང་མགྲོན་ཁང་2010ལོའི་172ནས་2015ལོའི་394བར་མང་དུ་ཕྱིན་པ། སྐར་མ་རིམ་པའི་ཁྱིམ་ཚང་མགྲོན་ཁང་36ནས་145བར་མང་དུ་སོང་བ། ཁྱིམ་ཚང་མགྲོན་ཁང་གིས་ལོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དེ་མི་ཐེངས་ཁྲི་53.8ནས་མི་ཐེངས་ཁྲི་182བར་མང་དུ་ཕྱིན་ནས་ལོར་46%འཕར་བ། ཡུལ་སྐོར་ཡོང་འབབ་སྒོར་ཁྲི་540ནས་ཁྲི་2000ལྷག་ཙམ་བར་མང་དུ་ཕྱིན་ནས་ལོར་54%འཕར་བ་བཅས་རེད།
          དེ་དང་ཆབས་ཅིག་ཉིང་ཁྲི་གྲོང་ཁྱེར་དང་རྫོང(ཆུས)རིམ་གཉིས་ཀྱིས་ཞིང་འབྲོག་པར་ཡུལ་སྐོར་གྱི་ཕྱོགས་ཐོན་འཚོལ་སྐྱོབ་བྱེད་སྟངས་དང་། མགྲོན་ཁང་གཉེར་སྟངས། བཟའ་འཐུང་ཞབས་ཞུའི་རྩལ་ནུས་དང་གུས་ཞབས་བྱེད་སྟངས། ཏེང་པ་བའི་ཁྱད་ལྡན་ཞིམ་ཟས་བཟོ་སྟངས། བདེ་འཇགས་ཐོན་སྐྱེད་སྐོར་སོགས་གསོ་སྦྱོང་བྱས་ཏེ་ཞིང་འབྲོག་པ་73ནང་སར་སློབ་སྦྱོང་བྱེད་པར་བཏང་བ་དང་ནང་སའི་ཡུལ་སྐོར་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་34ཁག་11ལ་བགོས་ནས་ཉིང་ཁྲི་གྲོང་ཁྱེར་ལ་སློབ་ཚན་འཁྲིད་པར་གདན་དྲངས་ཏེ་ཡུལ་སྐོར་ལས་ཀ་བྱེད་མཁན་ཞིང་འབྲོག་པ་མི་ཐེངས་9000ལྷག་ཙམ་དང་མཛེས་ལྗོངས་ཁུལ་ལ་འགྲེལ་བཤད་རྒྱག་མཁན་མི་ཐེངས་400ལྷག་ཙམ་གསོ་སྦྱོང་བྱས་ནས་གསོ་སྦྱོང་ཚད་གཞི་ལོན་ཚད་ཆ་སྙོམས་85%ཡན་ཟིན་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716