སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་གྱི་རྣམ་པ་གསར་པ།
སྤེལ་དུས། 2016-10-23   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྣམ་གྱིས་བསྒྱུར།
          ཉེ་ཆར། “རྫོང་དང་ཤང་གི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་ཀ་སྒྲུབ་རིང་། ཉིང་ཁྲི་གྲོང་ཨུད་ཀྱིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ལས་བྱེད་པ་ལེགས་འདེམས་ཧྲག་སྒྲུག་བྱ་རྒྱུ་དང་ཚན་ཁག་ཆ་ཚང་པོ་དང་སྟོབས་ཆེ་རུ་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་འགག་རྩར་བརྩི་བ་དང་། ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་དང་བྱ་གཞག་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུ་རྩ་བར་བརྩིས་ཏེ་བྱེད་ཐབས་ནུས་ལྡན་སྤྱོད་པ་དང་། རྫོང་དང་ཤང་གི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་སྤྱི་ཚོགས་ཀྱི་དུས་བབ་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད”ཅེས་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་མཱ་ཧྲེང་ཁྲང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་དེ་ལྟར་བཤད།
          གྲུབ་ཆ་ལེགས་སུ་བཏང་སྟེ་ཚན་ཁག་ལ་རྣམ་པ་བཟང་པོ་མངོན་་པ་བྱས་པ།
          “ས་ཆ་གཅིག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པའི་འགག་རྩ་ནི་ཚན་ཁག་ཡག་པོ་ཞིག་གདམ་རྒྱུར་ཐུག་ཡོད”མཱ་ཧྲེང་ཁྲང་གིས་རྫོང་དང་ཤང་གི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་ཀ་སྒྲུབ་རིང་། ཉིང་ཁྲི་གྲོང་ཨུད་ཀྱིས་འགོ་ཁྲིད་ཚན་ཁག་ཡུན་རིང་འཛུགས་སྐྱོང་དང་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ཏེ་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“ལྷག་པར་དུ་གསུམ”གྱི་བླང་བྱ་མཐའ་འཁྱོངས་ཀྱིས་ལས་ཀའི་དགོས་མཁོར་གཞིགས་ནས་ལས་གནས་གཏན་འཁེལ་དང་། མི་དང་ལས་གནས་འཚམ་པ། མཁས་འདེམས་འཇོན་བསྐོ། ལེགས་ཆ་གསབ་རེས་བཅས་ཀྱི་རྩ་དོན་ལྟར་ལས་བྱེད་པ་འདེམས་སྤྱོད་བྱེད་སྐབས་གནད་ལ་འཁེལ་བ་དང་ཚན་རིག་དང་མཐུན་པ་བྱས་ཡོད། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་མཚོན་ཚུལ་ཨང་དང་པོ་བཞག་སྟེ་འགོ་ཁྲིད་ཀྱི་ཉམས་མྱོང་ཟབ་པ་དང་། འཕེལ་རྒྱས་ལ་དམ་འཛིན་བྱེད་མཁས་པ། ཞི་མཐུན་ལ་སྐུལ་མ་གཏོང་མཁས་པ་བཅས་ཀྱི་ལས་བྱེད་པ་རྫོང་དང་ཤང་གི་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོའི་ལས་གནས་ཐོག་བསྐོ་གཞག་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་ཀྱི་ཏང་སྲིད་ལས་འགན་གཙོ་བོ་འཁུར་མཁན་ལས་བྱེད་པ་14ཡི་ནང་ཤང་དང་གྲོང་རྡལ་གྱི་ཏང་སྲིད་ཀྱི་འགན་གཙོ་བོ་འཁུར་མྱོང་བའི་ལས་བྱེད་པ་5ཡོད་པ་དེས་36.7%བཟུང་ཡོད། ཤང་དང་གྲོང་རྡལ་གྱི་ཏང་སྲིད་ཀྱི་འགན་གཙོ་བོ་འཁུར་མཁན་ལས་བྱེད་པ་108ཀྱི་ཁྲོད་ཤང་དང་གྲོང་རྡལ་ཚན་ཁག་གི་འགོ་འཛིན་གཞོན་པའི་འགན་འཁུར་མྱོང་མཁན་ལས་བྱེད་པ་67ཡོད་པ་དེས་63%བཟུང་ཡོད། སྤྱི་ཡོངས་ཀྱི་འདུ་ཤེས་ལྡན་པ་དང་། དཀའ་ངལ་འཕྲད་དུས་དཔའ་མི་ཞུམ་པ། མང་ཚོགས་ལ་ལྷག་བསམ་རྣམ་པར་དག་པ། གནད་དོན་འཕྲད་སྐབས་རང་འགན་གཞན་དུ་མི་དཀྲི་བ། འགལ་ཟླ་ཐོན་སྐབས་མི་གཡོལ་བ་བཅས་ཀྱི་ལས་བྱེད་པ་འཐབ་ཕྱོགས་གཅིག་གྱུར་དང་སྲིད་ཁྲིམས་སོགས་བརྟན་ལྷིང་དང་འབྲེལ་བའི་སྡེ་ཚན་གྱི་ལས་གནས་ཐོག་བསྐོ་གཞག་བྱས་ཡོད། དམིགས་ཡུལ་གྱི་འདུ་ཤེས་ཟབ་པ་དང་། མང་ཚོགས་ལ་ལྷག་བསམ་རྣམ་པར་དག་པ། དམངས་ཕན་དང་དམངས་སེམས་གཅིག་སྒྲིལ་གྱི་ལས་ཀ་སྒྲུབ་མཁས་པ། འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ་བཅས་ཀྱི་ལས་བྱེད་པ་དབུལ་སྐྱོར་དང་ཆུ་བེད་སོགས་སྡེ་ཚན་གྱི་ལས་གནས་ཐོག་བསྐོ་གཞག་བྱས་ཡོད། དབུལ་སྐྱོར་བྱ་ཡུལ་གཙོ་བོའི་ཤང་དང་གྲོང་རྡལ་18ཀྱི་འགོ་ཁྲིད་ཚན་ཁག་ནང་ལོ་གཉིས་ཡན་ཤང་དང་གྲོང་རྡལ་ལ་ལས་ཀ་བྱེད་མྱོང་བའི་མི་152ཡོད་པ་དེས་91.1%བཟུང་ཡོད། ཕྱོགས་བསྡུས་བྱང་ཚད་ལེགས་པ་དང་། “ཞིང་གསུམ”གྱི་ལས་དོན་ལ་རྒྱུས་མངའ་ཆེ་བ། ཤེས་ཚད་མཐོ་བ་དང་ཆེད་ལས་བྱང་ཚད་ལེགས་པའི་ལས་བྱེད་པ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གཙོ་གནད་ལས་གནས་ཐོག་བསྐོ་གཞག་བྱས་པས་རྫོང་དང་། ཤང་། གྲོང་རྡལ་བཅས་ཀྱི་འགོ་ཁྲིད་ལས་བྱེད་པའི་སྤྱི་ཡོངས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
          འཕེལ་རྒྱས་དོན་གཉེར་གྱིས་འབྱུང་འགྱུར་གྱི་འཆར་གཞི་ཡག་པོ་བཀོད་པ།
          ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་དང་། ཤང་། གྲོང་རྡལ་བཅས་སུ་གསར་དུ་བསྐོ་གཞག་བྱས་པའི་འགོ་ཁྲིད་ཚན་ཁག་གིས་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་འབྲེལ་ཡོད་དགོངས་དོན་ལ་དམ་པོར་གཞིགས་ཏེ་གྲོང་ཨུད་ཀྱི“236”ལས་ཀའི་བསམ་ཕྱོགས་གཞིར་བཟུང་འབྱུང་འགྱུར་ལོ་ལྔའི་རིང་གི་འཕེལ་རྒྱས་དེ་གྲོང་ཁྱེར་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིགས་འཆར་འགོད་བྱས་ཐོག་སྣོད་བཅུད་ཡུལ་སྐོར་དང་། ཁྱད་ལྡན་ཞིང་འབྲོག་ལས། ཆུ་གློག་ནུས་རྒྱུ། བོད་ལུགས་གསོ་རིག རིག་གནས་སོགས་ཐོན་ལས་ཆེ་གྲས་ལྔ་ལ་དམ་པོར་དམིགས་ཏེ་ས་ཁོངས་དེའི་དོན་དངོས་དང་འཚམ་པ་དང་མི་དམངས་ཀྱི་འདོད་འདུན་དང་མཐུན་པའི་འཆར་གཞི་ཡག་པོ་བཀོད་དེ་དམིགས་ཚད་ལས་འགན་དང་ལས་ཀའི་གཙོ་གནད་སྔར་བས་གསལ་པོ་བཟོས་ནས་ལས་ཀའི་བྱ་ཐབས་ཚགས་ཚུད་ཡོང་བ་བྱས་ཡོད།
          ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་གསར་པའི་རྫོང་དང་ཤང་གི་འགོ་ཁྲིད་ཚན་ཁག་གིས་གྲོང་ཨུད་ཀྱི“1693”དབུལ་སྒྲོལ་འགག་སྒྲོལ་བསམ་ཕྱོགས་དང“232”གནད་སྨིན་དབུལ་སྐྱོར་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་ཁྱོན་ཡོངས་ནས་མ་འཇོག་དང་། ཤང་ཧྲིལ་པོར་སྐུལ་འདེད་གཏོང་བ། ངལ་རྩོལ་ནུས་ཤུགས་གཞན་སྒྱུར། སྦྲང་ཆར་ཟིལ་མའི་འཆར་གཞི། དུད་ཚང་དབུལ་པོའི་བདེ་སྡོད་ལས་གྲྭ ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་སོགས་འདུ་འགོད་ཆེ་གྲས་དྲུག་ཕྱོགས་ཡོངས་ནས་ལག་ལེན་བསྟར་ནས་སྲིད་ཇུས་འབྲེལ་མཐུད་དང་། ཐོན་ལས་གོང་འཕེལ། དམངས་འཚོར་ཞབས་ཞུ། སྣོད་བཅུད་སྲུང་སྐྱོང་སོགས་གཙོ་གནད་ལས་དོན་ཐད་གནད་སྨིན་ཐོག་ཤུགས་རྒྱག་པ་དང་། བདེ་སྡོད་དང་ལས་བརྩོན་གལ་ཆེ་མཉམ་དུ་འཛིན་རྒྱུར་མཐོང་ཆེན་བྱེད་པ། རྨང་བརྟན་དམངས་ཕན་དང་ལས་བྱེད་པའི་ཆ་སྒྲིག་གཉེན་འཚོལ་གྲོགས་སྒྲིག་སོགས་བྱེད་སྒོ་དང་ཟུང་འབྲེལ་བྱེད་པ། ཐོན་ལས་དབུལ་སྐྱོར་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཡུལ་བབ་དང་བསྟུན་པ་དང་། རིགས་དབྱེའི་མཛུབ་ཁྲིད། དུད་ཚང་བགོས་ནས་ཐབས་ཇུས་ལག་བསྟར་བཅས་མཐའ་འཁྱོངས་བྱེད་པ། ཐོན་ལས་ཀྱི་དབུལ་སྐྱོར་རྣམ་གྲངས་སྔར་བས་མང་བ་བརྩོན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་དཀའ་ངལ་ཡོད་པའི་མང་ཚོགས་དེ་བས་མང་བ་ཐོན་ལས་འཕེལ་རྒྱས་ནང་མཉམ་ཞུགས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་སྤྱོད་ཐུབ་པ་བྱས་ཡོད། མིག་སྔར་ཉིང་ཁྲི་གྲོང་ཁྱེར་དུ་དུད་ཚང་425ཡི་མི་གྲངས་1452གནད་སྨིན་དབུལ་སྒྲོལ་བྱུང་ཡོད་པ་རེད།
          བརྟན་ལྷིང་འགན་ལེན་བྱས་ནས་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་བཏོད་པ།
          མཱ་ཧྲེང་ཁྲང་གིས་གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་གསར་པའི་རྫོང་དང་ཤང་གི་འགོ་ཁྲིད་ཚན་ཁག་གིས་མཐའ་སྐྱོང་བོད་བརྟན་གྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་ཐོག་མཐའ་བར་གསུམ་དུ་དམ་པོར་བཟུང་ནས་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི“བྱ་ཐབས་ཁག་བཅུ”དང་གྲོང་ཨུད་ཀྱི་འབྲེལ་ཡོད་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་མ་འོངས་སྔོན་འགོག་དང་དོགས་ཟོན་སྔོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཁར་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་མཐུད་གཏིང་ཟབ་ངང་སྤེལ་བ་དང། སྤྱི་ཚོགས་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་མ་ལག་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་བ། སྔོན་ཇུས་ནང་སྦྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། ལས་བྱེད་པ་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་དོན་སྔར་བས་གཏིང་ཟབ་ཏུ་གཏོང་བ། “གཉིས་ལྡན་དུད་སྦྲེལ”གྱི་ལས་ཀའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། གྲོང་ཁྱེར་དེ་ཡོངས་ཀྱིས་གཉིས་ལྡན་དུད་སྦྲེལ་ཚན་པ་6450མཉམ་སྐྲུན་བྱེད་པ། དུད་སྦྲེལ་ལ་འབབ་འཕར་དང་། དུད་སྦྲེལ་གྱིས་དུས་བདེ་འགན་ལེན། དུད་སྦྲེལ་གྱིས་ཏང་འཛུགས་སྐྱོང་དམ་འཛིན་བཅས་ཀྱི“དུད་སྦྲེལ་གསུམ”གྱི་རྣམ་པ་འཚོལ་ཞིབ་བྱས་ནས“གཉིས་ལྡན་དུད་སྦྲེལ”གྱི་ལས་དོན་དེ་གཏིང་ཟབ་ཕྱོགས་སུ་གོང་འཕེལ་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་དྲ་མིག་ཅན་གྱི་དོ་དམ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ནས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་56བསྐྲུན་པ་དང་། དྲ་མིག་704ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་བ། དྲ་མིག་དོ་དམ་པ་7264བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་སྔོན་འགོག་ཚོད་འཛིན་དྲ་བ་ཞིག་བཟོས་ཡོད། དེ་དང་ཕྱོགས་མཚུངས“ཆུང་ས་ནས་དམ་འཛིན་དང་། སྔ་ཙམ་དམ་འཛིན། དམ་འཛིན་མགྱོགས་པོ། དམ་འཛིན་ཡག་པོ”བཅས་ཀྱི་བླང་བྱ་གཞིར་བཟུང་ངལ་རྩོལ་གླ་ཕོགས་ཀྱི་རྩོད་གཞི་དང་། འཛུགས་སྐྲུན་ཨར་ལས། ས་ཆ་བསྡུ་ལེན་དང་བཤིག་སྤོ། ཁྲིམས་དང་ཞུ་གཏུག་དང་འབྲེལ་བ་ཡོད་པ་སོགས་གཙོ་གནད་ལ་དམིགས་ཏེ་འགལ་བ་དང་རྩོད་གཞི་གྲལ་བཤེར་དང་སེལ་བའི་ལས་དོན་མུ་མཐུད་སྤེལ་ནས་མི་མངོན་པའི་རྐྱེན་ངན་དང་འབྱུང་རྩ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱས་ཏེ“མེད་པ་གསུམ”དང“མི་ཐོན་པ་གསུམ”“བརྟན་ལྷིང་གསུམ”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ཏེ་སྒྱུར་བཅོས་དང་འཕེལ་རྒྱས་ཆེད་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716