སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
2020ལོར་རང་རྒྱལ་གྱིས་མཁའ་རླུང་དང་ས་ཆུར་ཁྱབ་པའི་ཁོར་ཡུག་ལྟ་སྐུལ་ཚོད་འཛིན་མ་ལག་ཅིག་བསྐྲུན་རྒྱུ་ཡིན་པ།
སྤེལ་དུས། 2016-11-09   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  སྤེན་ཚེས་བསྒྱུར།
          ཟླ་11ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་ཁོར་ཡུག་སྲུང་སྐྱོང་པུས་ཁྱབ་བསྒྲགས་བྱས་པའི《“ལོ་ལྔ་ཚན་བཅུ་གསུམ་པའི”ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་སྤུས་ཚད་དོ་དམ་ལས་དོན་ཇུས་གཞི》ལ་གཞིགས་ན། 2020ལོར་སླེབས་སྐབས་རང་རྒྱལ་གྱིས་མཁའ་རླུང་དང་ས་ཆུར་ཁྱབ་པའི་ཁོར་ཡུག་ལྟ་སྐུལ་ཚོད་འཛིན་མ་ལག་ཅིག་བསྐྲུན་རྒྱུ་རེད་འདུག
          ཇུས་གཞི་ལྟར་ན། 2016ལོའི་ལོ་མཇུག་གོང་རྒྱལ་ཁབ་ཀྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ལྟ་ཞིབ་ཚད་ལེན་འགན་དབང་བསྡུ་རྒྱུ་དང་། 2017ལོར་ད་ཡོད་རྨང་གཞིའི་ཐོག་ས་ངོས་ཆུ་དང་མཚོ་ཁ་དང་ཐག་ཉེ་བའི་མཚོ་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་ལྟ་ཞིབ་ཚད་ལེན་དང་སྤུས་ཚད་ཚོད་འཛིན་ལག་རྩལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ། 2020ལོར་མཁའ་རླུང་དང་ས་ཆུ་སོགས་ཀྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་སྤུས་ཚད་ཚོད་འཛིན་མ་ལག་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་རེད།
          ལོ་སུམ་ཅུ་ལྷག་ཙམ་རིང་རང་རྒྱལ་གྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་སྤུས་ཚད་དོ་དམ་ལས་དོན་འཕེལ་རྒྱས་ཆེན་པོ་བྱུང་མོད། འོན་ཏེ་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་འགན་དབང་ཁ་གསལ་པོ་མེད་པ་དང་། ལྟ་ཞིབ་ཚད་ལེན་ལམ་ལུགས་འཐུས་སྒོ་ཚང་པོ་མེད་པ། ཚད་གཞི་དང་མ་ལག་འཐུས་སྒོ་ཚང་པོ་མེད་པ། ཚད་ལྡན་ལམ་ལུགས་ལག་བསྟར་ཡག་པོ་མ་བྱུང་བ་སོགས་ཀྱི་གནད་དོན་ལྷག་ནས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་སྤུས་ཚད་དོ་དམ་ལས་དོན་གཏིང་ཟབ་སྤེལ་རྒྱུར་ཚོད་འཛིན་ཆེན་པོ་ཕོག་ཡོད་པ་རེད།
          དེས་ན་ཇུས་གཞིའི་ནང་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱེད་དགོས་ཞེས་བཏོན་ཡོད། ཁོར་ཡུག་གི་མཁའ་རླུང་དང་། ས་ངོས་ཆུ། ས་རྒྱུ། མཚོ་ཁ་དང་ཐག་ཉེ་བའི་མཚོ་ཁོངས་སོགས་ཀྱི་ཁོར་ཡུག་སྤུས་ཚད་ལྟ་ཞིབ་ཚད་ལེན་དབང་ཆ་བསྡུ་མགྱོགས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ཁོར་ཡུག་སྤུས་ཚད་ལྟ་ཞིབ་དྲ་བ་ཕྱོགས་ཡོངས་ནས་སྐྲུན་པ། ས་ཚིགས་ཚང་མའི་ཐོག་མའི་ལྟ་ཞིབ་ཚད་ལེན་གཞི་གྲངས་ཀྲུང་གོ་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྤྱི་ཁྱབ་ས་ཚིགས་ལ་དུས་ཐོག་ཏུ་སྐུར་བ། “སུས་དཔྱད་ཞིབ་བྱས་ན་དེས་ལྟ་ཞིབ་ཚད་ལེན་བྱེད་པ”བཅས་ཀྱི་ཐོག་ནས་གདེང་འཇོག་དང་དཔྱད་ཞིབ་ཐད་སྤྱོད་པའི་གཞི་གྲངས་ལ་སྲིད་འཛིན་གྱི་ཐེ་ཇུས་མི་ཕོག་པའི་འགན་ལེན་བྱ་རྒྱུ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716