སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་གནམ་གཤིས་དྲོ་ཞིང་གཤེར་བར་འགྱུར་བཞིན་ཡོད་པ།
སྤེལ་དུས། 2016-11-10   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  གཡུ་སྒྲོན་གྱིས་བསྒྱུར།
          བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི《2016ལོའི་བོད་ལྗོངས་ཀྱི་དབྱར་ཁའི་གནམ་གཤིས་སྤྱི་བསྒྲགས》ལས་མངོན་པ་ལྟར་ན། བོད་ལྗོངས་ཀྱི་གནམ་གཤིས་དྲོ་ཞིང་གཤེར་བར་འགྱུར་བཞིན་ཡོད།
          གནམ་གཤིས་སྤྱི་བསྒྲགས་ལྟར་ན། ད་ལོའི་དབྱར་ཁར་བོད་ལྗོངས་ཀྱི་ས་ཁུལ་མང་ཤོས་ཀྱི་དྲོད་ཚད་ཇེ་མཐོར་སོང་བ་དང་ཆར་ཆུ་རྒྱུན་ལྡན་ནམ་ཅུང་མང་པོ་ཡིན་ལ།ཉི་འོད་ཕོག་ཡུན་ཅུང་ཉུང་། ས་ཚིགས་ཁ་ཤས་ཀྱི་ཟླ་རེའི་ཆར་ཆུ་བབས་ཚད་ཀྱིས་ལོ་རྒྱུས་དུས་མཉམ་གྱི་ཆེས་མཐོའི་ཟིན་ཐོ་བསྐྲུན། ཡར་ཀླུང་གཙང་པོའི་འབབ་རྒྱུད་དང་ཤར་ལྷོ་རྒྱུད་ས་ཁུལ་གྱི་རྫོང་དང་ཞང་ཁ་ཤས་སུ་སེར་བ་དང་ཆུ་ལོགཞོད་སྐྱོན། ཐོག་སོགས་ཀྱི་གནོད་འཚེ་མང་པོ་བྱུང་། གནམ་གཤིས་སྤྱི་བསྒྲགས་ལས་མངོན་པ་ལྟར་ན། 1981ལོ་ནས2016ལོའི་བར། བོད་ལྗོངས་ཀྱི་དབྱར་ཁའི་ཆ་སྙོམས་དྲོད་ཚད་ཡར་འཕར་བའི་རྣམ་པ་བྱུང་སྟེ།ཆ་སྙོམས་ཀྱིས་ལོ10རེར་དྲོད་ཚད0.28འཕར་ཞིང་།ཆར་ཆུ་འབབ་ཚད་ཇེ་མང་དུ་སོང་སྟེ། ཆ་སྙོམས་ཀྱིས་ལོ10རེར་ཧའོ་སྨི8.3འཕར་བ་དང་། ཉི་འོད་ཕོག་ཡུན་ཇེ་ཉུང་དུ་སོང་སྟེ། ཆ་སྙོམས་ཀྱིས་ལོ10རེར་དུས་ཚོད13.1ཇེ་ཉུང་དུ་སོང་ཡོད།
          བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱིས་བསྟན་དོན། གྲངས་ཀ་དེ་དག་ནི་གནམ་གཤིས་དྲོ་ཞིང་གཤེར་བར་འགྱུར་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་སྟེ། སའི་གོ་ལ་ཧྲིལ་པོའི་གནམ་གཤིས་ཇེ་དྲོར་འགྲོ་བའི་རྐྱེན་རེད། སྔོན་ཆད“མཐོ་གྲང་ཡིན་པའི་མཚོ་བོད་མཐོ་སྒང”དེ་སའི་གོ་ལ་ཧྲིལ་པོའི་གནམ་གཤིས་ཇེ་དྲོ་རུ་གྱུར་པ་དང་བསྟུན་ནས་དེའི་ཤུགས་རྐྱེན་ཟབ་མོ་ཐེབས་པའི་ས་ཁུལ་གཙོ་བོར་གྱུར་ཡོད། སྔོན་ཆད་ལྷ་སར་མཚན་མོར་ཆར་བ་བབས་ཏེ་ཉིན་དཀར་གནམ་ངོ་དྭངས་མོ་ཡིན་མོད། ད་ལྟ་ཉིན་འགའ་རེར་བསྟུད་མར་ཆར་བ་འབབ་པའི་གནས་ཚུལ་མངོན། སྔོན་ཆད་དབྱར་ཁར་མི་རྣམས་ཀྱིས་གྱོན་ཆས་མཐུག་པོ་གྱོན་ཡོད་ལ། ད་ལྟ་ཚིལ་ལེན་གྱོན་བཞིན་འདུག
          ཆེད་མཁས་པས་བསྟན་དོན། འཕྲེད་ཐིག་མཐོ་བ་དང་མཚོ་ངོས་ལས་མཐོ་བའི་ས་ཁུལ་ལ་སའི་གོ་ལ་ཧྲིལ་པོའི་གནམ་གཤིས་ཇེ་དྲོར་འགྲོ་བའི་ཤུགས་རྐྱེན་ཐེབས་སླ་བ་དང་། དུས་ཡུན་ཐུང་ངུའི་ནང་བལྟས་ན། བོད་ལྗོངས་ཀྱི་གནམ་གཤིས་ནི་མི་རྣམས་འཚོ་སྡོད་བྱེད་པར་སྔར་ལས་འཕྲོད་པར་གྱུར་པས། ཞིང་ཕྱུགས་ལས་ཐོན་སྐྱེད་ལ་ཡང་ཕན་ཐོགས་ཆེ་མོད། འོན་ཀྱང་འཁྱགས་རོམ་དང་འཁྱགས་ས་ཞུ་བ་སོགས་ཀྱི་འབྲས་བུ་ངན་པའང་མང་པོ་བྱུང་འདུག
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716