སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
2016ལོའི་བོད་འབྲེལ་དྲ་འཕྲིན་ལས་དོན་གྱི་མཉམ་འགུལ་མཐུན་སྦྱོར་ལམ་སྲོལ་ལས་དོན་ཚོགས་འདུ་འཚོགས་པ།
སྤེལ་དུས། 2016-11-10   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཤ་ཚེས་བསྒྱུར།
ཀྲོང་རུང་ཝུན་གྱིས་གསུང་བཤད་གནང་བ་དང་ཏེང་ཞའོ་ཀང་གིས་ཤིས་ཚིག་གསུངས་པ།
          ཚེས་8ཉིན་གྱི་སྔ་དྲོ། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་ལྷ་སར་2016ལོའི་བོད་འབྲེལ་དྲ་འཕྲིན་ལས་དོན་གྱི་མཉམ་འགུལ་མཐུན་སྦྱོར་ལམ་སྲོལ་ཚོགས་འདུ་འཚོགས་པ་རེད།
          ཀྲུང་དབྱང་དྲ་འཕྲིན་བདེ་འཇགས་དང་ཆ་འཕྲིན་ཅན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀྲོང་རུང་ཝུན་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལྗོངས་དྲ་འཕྲིན་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་ཚོགས་འདུར་ཕེབས་པ་དང་སྦྲགས་ཤིས་ཚིག་ཀྱང་གསུངས་པ་རེད།
          ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེ་ཚོགས་འདུར་ཕེབས་པ་རེད།
          ཀྲོང་རུང་ཝུན་གྱིས་ཞིང་ཆེན་ལྔའི་བོད་རིགས་ས་ཁུལ་གྱི་དྲ་འཕྲིན་འཐབ་ཕྱོགས་ཀྱི་བློ་མཐུན་ཡོངས་ལ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་དང་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་ཏན་ཏིག་དང་སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་མཐུན་སྦྱོར་ལམ་སྲོལ་བསམ་བློ་དང་། སྲིད་ཇུས། ཆ་འཕྲིན། ཐོན་ཁུངས་བཅས་ ཀྱི་ཐད་མཉམ་འབྲེལ་བྱས་ནས་སུབ་ཀ་མེད་པར་འབྲེལ་མཐུད་ཐུབ་པའི་དྲ་འཕྲིན་ལས་དོན་གྱི་མ་ལག་ཅིག་ཆགས་པར་བྱེད་པ་དང་། འགན་ནུས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཕན་ཚུན་གཞོགས་འདེགས་དང་ཕན་ཚུན་ཁ་གསབ་མཐའ་འཁྱོངས་དང་ཐབས་ལམ་གྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་མཐུན་སྦྱོར་ལམ་སྲོལ་མཉམ་འབྲེལ་བྱེད་པ། སྤུས་ཚད་ཀྱི་ཕན་འབྲས་མཐོ་རུ་ཧུར་ཐག་བཏང་ནས་དངོས་སྒྲུབ་གོང་དུ་བཀུར་བ་དང་ཕན་འབྲས་དངོས་ཐོན་པ་བྱེད་པ་དང་། ཏན་ཏན་ཏིག་ཏིག་དང་གོམ་པ་རེ་རེ་བཞིན་ལམ་སྲོལ་ཐོག་ཁ་གསལ་བཟོས་པའི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། མཐུན་སྦྱོར་ལམ་སྲོལ་ཏན་ཏིག་ཡོང་བ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཁག་བོད་འབྲེལ་དྲ་འཕྲིན་ལས་དོན་གྱི་ཞིབ་ཕྲའི་ལག་ལེན་ཐོག་ཆད་ལུས་མེད་པར་དོན་འཁྱོལ་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
          ཏེང་ཞའོ་ཀང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་དྲ་འཕྲིན་མ་ལག་གིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུས་གནང་བ་རེད།
          ཏེང་ཞའོ་ཀང་གིས་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་སྤྱི་འདོམས་མཐུན་སྦྱོར་བྱས་ཏེ་བོད་འབྲེལ་དྲ་འཕྲིན་ལས་དོན་གྱི་མཉམ་འགུལ་མཐུན་སྦྱོར་ལམ་སྲོལ་བཙུགས་པ་དེ་ནི། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་པས། བོད་དང་དེ་བཞིན་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་ཞི་མཐུན་བརྟན་ལྷིང་གི་དུས་བབ་བཟང་པོ་སྲུང་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། ད་རེས་ཀྱི་ཚོགས་འདུ་ལྷ་སར་འཚོགས་པ་དེས་བོད་ཀྱི་དྲ་འཕྲིན་ལས་དོན་འཕེལ་རྒྱས་ལ་གོ་སྐབས་གསར་པ་འཕྲད་པས། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་དྲ་འཕྲིན་མ་ལག་གིས་སྔར་རྒྱུན་བཞིན་བོད་ཀྱི་དྲ་འཕྲིན་བྱ་གཞག་ལ་དམིགས་བསལ་ཐུགས་ཁུར་དང་། མཛུབ་ཁྲིད་ནུས་ལྡན། རྒྱབ་སྐྱོར་ ཤུགས་ཆེན་བཅས་བྱ་རྒྱུའི་རེ་བ་ཡོད། བོད་ལྗོངས་དྲ་འཕྲིན་མ་ལག་གིས་དེ་གོ་སྐབས་སུ་བྱས་ནས་སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཀྱི་དྲ་འཕྲིན་སྡེ་ཚན་དང་འབྲེལ་མཐུད་སྔར་བས་དམ་ཟབ་བྱས་ཏེ་བོད་འབྲེལ་དྲ་འཕྲིན་ལས་དོན་གྱི་མཉམ་འགུལ་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་ཞུགས་ནས་བོད་འབྲེལ་དྲ་རྒྱའི་ནང་གི་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་རྦད་དེ་བདེ་འཇགས་ཡོང་བ་བྱེད་དགོས་ལུགས་བསྟན་གནང་བ་རེད།
          ཚེས་8ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་བོད་ལྗོངས་གྲངས་གཞི་ཆེ་མོ་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་རེད། ཀྲོང་རུང་ཝུན་དང་ཏེང་ཞའོ་ཀང་རྣམ་གཉིས་ཀྱིས་ལྷན་དུ་རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་བོད་ལྗོངས་གྲངས་གཞི་ཆེ་མོ་ཞིབ་འཇུག་ལྟེ་གནས་ཀྱི་ཡོལ་བ་ཕྱེ་གནང་བ་རེད།
          སྒོ་བྱང་འགེལ་བའི་མཛད་སྒོའི་ཐོག་ཀྲོང་རུང་ཝུན་གྱིས་རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་བོད་ལྗོངས་གྲངས་གཞི་ཆེ་མོ་ཞིབ་འཇུག་ལྟེ་གནས་བཙུགས་པ་དེ་ནི། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་དང་དྲ་བའི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། རྒྱལ་ཁབ་ཆ་འཕྲིན་ཅན་འཛུགས་མགྱོགས་སུ་གཏོང་བའི་གོམ་སྟབས་གལ་ཆེན་ཞིག དྲ་བའི་བདེ་འཇགས་དང་། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་སྲུང་སྐྱོང་བྱེད་པའི་འགན་ལེན་གལ་ཆེན་ཞིག་བཅས་རེད། བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་དོན་ཁང་གིས་འགན་འཁྲི་ཏན་ཏིག་ངང་ཁུར་བྱས་ནས་མུ་མཐུད་ལག་རྩལ་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། བོད་ཀྱི་གྲངས་གཞི་ཆེ་མོ་ཞིབ་འཇུག་ལྟེ་གནས་ཀྱི་ལས་སྟེགས་ནུས་པ་ཆེ་ཤོས་ཐོན་རྒྱུར་སྐུལ་མ་ཧུར་ཐག་བཏང་ཐོག བོད་འབྲེལ་དྲ་འཕྲིན་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་མ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
          ཅང་ཅེས་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་གིས་ཞིབ་འཇུག་ལྟེ་གནས་བཙུགས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཏང་དང་རྒྱལ་ཁབ་དང་། སྤྱི་ཚོགས། མི་དམངས་བཅས་ལ་འགན་འཁུར་བའི་རྣམ་འགྱུར་གྱིས་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་ཡག་པོ་དང་། དོ་དམ་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྤྱོད་གཙང་གཞུང་དྲང་གི་དྲ་བའི་བར་མཐོངས་གཏོད་དེ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་བོད་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ལུགས་བསྟན་གནང་བ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716