སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ།
སྤེལ་དུས། 2016-11-14   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  རྡོ་རྗེ།
          ཉེ་ཆར། མཚོ་སྔོན་ཞིང་ཆེན་དུ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟ་དང་གཟུགས་བརྙན་མཚོན་རྟགས་བསྡུ་རུབ་དང་དཔྱད་འདེམས་ཀྱི་བརྡ་ཁྱབ་ཚོགས་འདུ་འཚོགས་པ་རེད། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟ་ཐོག་མ་ཡིན་པའི་ངོས་ནས། མིག་སྔར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟ་ཐོག་མའི་འགག་རྩའི་དུས་མཚམས་སུ་གནས་ཡོད་པས་ལས་ཀ་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། འཆར་འགོད་ལ་གཞིགས་ན། མཚོ་སྔོན་གྱིས་ལོ་གཉིས་ནང་ཚོད་ལྟའི་ལས་ཀ་ལེགས་གྲུབ་དང་ལོ་ལྔའི་ནང་ཚུན་དུ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་སུ་མཚོ་སྔོན་ཁུ་ཁུ་ཤི་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་དེ་བཞིན་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མཚོ་སྐྱ་རེངས་དང་། མཚོ་སྔོ་རེངས། ཝ་ཞང་མཚོ་སོགས་ཚུད་ཅིང་། སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་12.31ཟིན་ཡོད།
          གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ས་གཞིས་སྤྱི་གླིང་དང་། རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། རྒྱལ་ཁབ་འདམ་རའི་སྤྱི་གླིང་། འཐུང་ཆུའི་འབྱུང་ཁུངས་གཙོ་གནད། རྒྱལ་སྤྱིའི་གཙོ་གནད་འདམ་ར། མཛེས་ལྗོངས་གྲགས་ཅན། རང་བྱུང་ཤུལ་བཞག་སྲུང་སྐྱོང་ཁུལ་སོགས་རིགས་ཁག་གི་སྲུང་སྐྱོང་ཁུལ་གྱི་བྱེད་ནུས་བསྐྱར་སྒྲིག་དང་། ལེགས་སྒྲིག་སྡེབ་སྒྲིག་བྱས་ཁར། གཅིག་སྡུད་གཅིག་གྱུར་གྱི་དོ་དམ་བྱས་ནས་གླིང་ཁུལ་གྱི་བྱེད་ནུས་ཡན་ལག་ཁུལ་དབར་གྱི་སྤྱི་ཡོངས་རང་བཞིན་དང་། སྦྲེལ་འཕྲིན་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་བཏང་སྟེ། སྲུང་སྐྱོང་བྱ་ཡུལ་ཁག་ལ་སྤྱི་ཡོངས་སྲུང་སྐྱོང་དང་། གོ་རིམ་ལྡན་པའི་སླར་གསོ། གཅིག་སྡུད་ཅན་གྱི་དོ་དམ་བཅས་བྱས་པས། རིགས་ཁག་གི་སྲུང་སྐྱོང་ཁུལ་དང་བྱེད་ནུས་ཡན་ལག་ཁུལ་ཁག་དབར་གྱི་མིས་རང་དགར་བགོས་པ་དང་། ས་ཆ་བཅད་བཟུང་། གླིང་བགོས་དོ་དམ། ཕན་ཚུན་འབྲེལ་བ་མི་བྱེད་པ་བཅས་ཀྱི་སྒྲིག་གཞིའི་ཞན་ཆ་མེད་པ་བཟོས་ཤིང་། མིག་སྔར། གཅིག་གྱུར་གྱི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཚད་ལྡན་དང་ལག་རྩལ་ཚད་གཞི་དུས་ཚོད་དམ་འཛིན་ངང་བཟོ་བཞིན་ཡོད་པ་རེད།
          དུས་མཚུངས། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་གནད་སྨིན་དབུལ་སྒྲོལ་དང་ཟུང་འབྲེལ་གྱིས་སྣོད་བཅུད་དོ་དམ་དང་སྲུང་སྐྱོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད། མཚོ་སྔོན་གྱིས་འབྲོག་པ་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་དང་རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་སྲུང་སྐྱོང་དབར་གྱི་འབྲེལ་བར་སྟངས་འཛིན་འཕྱུགས་མེད་བྱས་ནས། སྣོད་བཅུད་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་ཀྱི་ལམ་སྲོལ་གསར་གཏོད་དང་སྣོད་བཅུད་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་ལམ་སྲོལ་གྱི་ལག་བསྟར་ཇུས་གཞི་པར་འགྲེམས་བྱས་པ་རེད། སྔར་ཡོད་ཀྱི་ནགས་ཚལ་དང་འདམ་ར་རྐྱང་པའི་སྣོད་བཅུད་དོ་དམ་སྲུང་སྐྱོང་གི་ལས་གནས་2554ཡོད་པའི་རྨང་གཞིའི་ཐོག གླིང་ཁུལ་གྱི་ཕྱོགས་བསྡུས་སྣོད་བཅུད་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་བཀོད་སྒྲིག་གི་ལག་བསྟར་ཇུས་གཞི་བཟོས་ནས། གནད་སྨིན་དབུལ་སྒྲོལ་གྱི་རྩ་དོན་གཞིར་བཟུང་སྔོན་དུ་གླིང་ཁུལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ནས་འགོ་བཙུགས་ནས་མིག་སྔར་སྣོད་བཅུད་དོ་དམ་སྲུང་སྐྱོང་བ་7275ལ་ལས་གནས་ཐོག་སྐྱོད་པའི་ལག་ཁྱེར་ཡོད་པ་མ་ཟད། ཟླ་རེར་ཐོབ་ཆ་སྤྲོད་པ་དང་ལོ་མཇུག་ཏུ་དཔྱད་ཞིབ་བྱས་ནས་གནས་ཚུལ་འགྱུར་ལྡོག་ལ་གཞིགས་ཏེ་དོ་དམ་བྱེད་ཀྱི་ཡོད། མིག་སྔར་མཚོ་སྔོན་གྱིས་སྒོར་དུང་ཕྱུར་1.4གླིང་ཁུལ་གྱི་སྲུང་སྐྱོང་ས་ཚིགས་དང་། སྤྱི་པའི་ཞབས་ཞུ། ཁོར་ཡུག་དང་སློབ་གསོའི་སྒྲིག་བཀོད་སོགས་རྣམ་གྲངས་འཛུགས་སྐྲུན་ལ་བཏང་བ་དང་། ཆེད་དམིགས་མ་དངུལ་སྒོར་ཁྲི་3528.8བཏང་ནས་འདི་ལོའི་སྣོད་བཅུད་དོ་དམ་དང་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་ཀྱི་ངལ་ནུས་ཐོབ་ཆར་སྤྲད་པ་དང་དུས་མཚུངས། གཙང་གསུམ་ཆུ་འགོའི་དུས་ཐེངས་གཉིས་པ་དང་། འདམ་ར་སྲུང་སྐྱོང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ། མཛེས་སྡུག་ལྡན་པའི་གྲོང་གསེབ་སོགས་རྣམ་གྲངས་འཛུགས་སྐྲུན་གྱི་མ་དངུལ་བསྡུ་སྒྲིལ་བྱས་པ་དང་ཆབས་ཅིག སྒོར་དུང་ཕྱུར་5ཙམ་ཟིན་པའི་ལོ་འཁོར་གྱི་མ་འཇོག་འཆར་གཞི་གཤམ་བསྒྲགས་ཀྱང་བྱས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716