སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ཀྱི་གློག་འཕྲིན་གྱི་ཁག་དང་པོའི་ཡོངས་ཁྱབ་ཞབས་ཞུའི་ཚོད་ལྟའི་རྣམ་གྲངས་ལ་མིང་རྟགས་བཀོད།
སྤེལ་དུས། 2016-11-22   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཆོས་སྒྲོན་གྱིས་བསྒྱུར།
          ཉེ་ཆར། བོད་ལྗོངས་ཀྱི་གློག་འཕྲིན་གྱི་ཁག་དང་པོའི་ཡོངས་ཁྱབ་ཞབས་ཞུའི་ཚོད་ལྟའི་རྣམ་གྲངས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་ལྷ་སར་འཚོགས་པ་རེད། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཀྲུང་གོ་གློག་འཕྲིན་ཚོགས་པ་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སིས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེ་ཐོག་ནས་ཉིང་ཁྲི་གྲོང་ཁྱེར་གློག་འཕྲིན་ཡོངས་ཁྱབ་ཞབས་ཞུའི་ཚོད་ལྟའི་རྣམ་གྲངས་དངོས་སུ་ལག་བསྟར་གྱི་དུས་མཚམས་སུ་སླེབས་པ་མཚོན་པ་རེད།
          ཀྲུང་གོ་གློག་འཕྲིན་ཚོགས་པ་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སིས་ཉིང་ཁྲི་གྲོང་ཁྱེར་གྱི་དྲ་ཆེན་འཁྲིད་མེད་པའི་སྲིད་འཛིན་གྲོང་ཚོ་17དང་དྲ་ཆེན་རིམ་སྤོར་བྱ་རྒྱུའི་སྲིད་འཛིན་གྲོང་ཚོ་8ལ་འོད་ཁྲིད་ཚི་སྐུད་འཁྲིད་རྒྱུ་དང་འོད་ཁྲིད་ཚི་སྐུད་ཀྱི་རིམ་སྤོར་སྒྱུར་བཀོད་བྱ་རྒྱུ་ཡིན་པ་རེད། ཚོད་ལྟའི་ལས་གྲྭ་ལེགས་གྲུབ་ཟིན་རྗེས་དེ་འབྲེལ་གྱི་སྲིད་འཛིན་གྲོང་ཚོའི་དྲ་ཆེན་གྱི་མྱུར་ཚད་12Mཡན་ཟིན་པ་མ་ཟད། ལོ་6རིང་འཁོར་རྒྱུག་བརྟན་པོ་རྒྱུན་འཁྱོངས་ཐུབ་རྒྱུ་དང་ཆབས་ཅིག་མཉམ་སྐྲུན་མཉམ་སྤྱོད་ཀྱི་འབྲེལ་ཡོད་རེ་བ་བསྐང་རྒྱུ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716