སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
2016ལོའི་སེམས་ཀྱི་ཉི་ཟླའི་སྐབས་དང་པོའི་དགུན་དུས་སུ་འདབ་ཆཊ་ལ་བལྟ་བའི་དུས་ཆེན་འགོ་ཚུཊ།
སྤེལ་དུས། 2016-11-23   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བྱམས་པས་བསྒྱུར།

          ཟླ་11ཚེས་18ཉིན་གྱི་ཕྱི་དྲོའི་ཆུ་ཚོད་17ཐོག  བདེ་ཆེན་གྱི་སྐྱེ་ཁམས། གཤོག་སྒྲོའི་ལྷ་ཡུལ་ཞེས་པ་བརྗོད་དོན་གཙོ་བོ་བྱས་པའི་2016ལོའི་སེམས་ཀྱི་ཉི་ཟླའི་སྐབས་དང་པོའི་དགུན་དུས་སུ་འདབ་ཆགས་ལ་བལྟ་བའི་དུས་ཆེན་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འགོ་ཚུགས།

          བདེ་ཆེན་ཁུལ་དུ་མཚེའུ་དང་ན་ཐང་། རྩྭ་ཐང་། རི་བོ།  ནགས་ཚལ་སོགས་ཀྱིས་ཐུན་མོང་ཐོག་གྲུབ་པའི་རྙོག་འཛིང་ཆེ་ལ་ཕན་ཚུན་ལ་འབྲེལ་བ་ཟབ་པའི་ས་མཐོའི་འདམ་རའི་སྣོད་བཅུད་མ་ལག་ཡོད། སེམས་ཀྱི་ཉི་ཟླ་དཀྱིལ་སྙིང་བྱས་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་འདབ་ཆགས་རིགས་300བརྒལ་བ་ཟིན་ཐོར་བཀོད་ཡོད། དེའི་ཁྲོད་རྩ་ཆེའི་རིགས་མང་པོ་འདུས། མིང་དུ་གྲགས་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་འདབ་ཆགས་རིགས་ལ་ཁྲུང་ཁྲུང་སྐེ་ནག་ལོ་ལྟར་སེམས་ཀྱི་ཉི་ཟླར་དགུན་བསྐྱལ་བ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་གཉིས་པའི་སྲུང་སྐྱོབ་འདབ་ཆགས་རིགས་གཞན་དག་དཔེར་ན། ཆུ་བྱ་ནག་པོ་དང་མཇུག་དཀར་མཚོ་གླག  གླག   གོ་བོ།  ཁྲུང་སྐྱ། ཆུ་སྐྱུར་དཀར་པོ་སོགས་སེམས་ཀྱི་ཉི་ཟླའི་ཞོ་རྡོ་མཚོ་དང་ནགས་ཕག་མཚོར་འཚོ་སྡོད་བྱས་ཡོད་པས། སེམས་ཀྱི་ཉི་ཟླ་ས་ཁུལ་ནི་རང་བྱུང་ཡུལ་ལྗོངས་དང་བྱ་རིགས་པར་ལེན་མཁན། དེ་བཞིན་དུ་འདབ་ཆགས་རིགས་ལ་ཞིབ་འཇུག་དང་བྱ་རིགས་ལ་བལྟ་བའི་ཡུལ་སྐོར་བའི་དགའ་མོས་བྱེད་པའི་གནས་ལྗོངས་ཞིག་ཏུ་གྱུར་ཡོད།

          ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་འདབ་ཆགས་ལ་བལྟ་བའི་དུས་ཆེན་བརྒྱུད་རྒྱལ་ཁབ་ཕྱི་ནང་གི་འདབ་ཆགས་ལ་དགའ་མོས་བྱ་མཁན་དང་སྤྱི་དམངས་ཀྱི་འདབ་ཆགས་ཀྱི་ལྟ་ཚུལ་རྒྱ་བསྐྱེད་པ་དང་། འདབ་ཆགས་ལ་དགའ་མཁན་དང་ཆེད་ལས་མཁས་པས་ས་གནས་དེ་གའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་ལ་དོ་ཁུར་སྐོང་འགུགས་ཀྱིས་ཀྲུང་གོའི་འདབ་ཆགས་ལ་བལྟ་བའི་བྱ་འགུལ་རྒྱལ་སྤྱི་ཅན་དུ་ཕྱོགས་པར་མངོན་འགྱུར་བྱ་རྒྱུ་དང་། གཉིས་ནས་ལོ་20རིང་གི་ཀྲུང་གོའི་འདབ་ཆགས་ལ་བལྟ་བའི་བྱེད་སྒོའི་གྲུབ་འབྲས་འགྲེམས་སྟོན་གྱིས་བྱ་རིགས་ལ་བལྟ་བའི་ཡུལ་སྐོར་དང་། དེ་བཞིན་སྐྱེ་ཁམས་ཡུལ་སྐོར་རྩེ་སོན་གཞན་དག་ཡར་སྤེལ་བྱས་ཏེ་བདེ་ཆེན་གྱི་ཡུལ་སྐོར་ལས་རིགས་ཀྱི་སྙན་གྲགས་ཆེ་རུ་གཏོང་བ། གསུམ་ནས་གྲོང་གསེབ་དང་སྡེ་ཁུལ་དུ་འདབ་ཆགས་སྲུང་སྐྱོབ་དང་དགའ་ཞེན། འདབ་ཆགས་ཀྱི་ཤེས་བྱ་དང་སྣོད་བཅུད་ཡུལ་སྐོར་སྦྱོང་བརྡར་བྱས་པ་བརྒྱུད། མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་མཐོ་རུ་གཏོང་བ་དང་།  སྡེ་ཁུལ་ལའང་མིག་མཐོང་ལག་ཟིན་གྱི་ཡོང་འབབ་བསྐྲུན་ཐུབ།

          རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་རྒྱལ་ཡོངས་སུ་འདབ་ཆགས་རིགས་ལ་བལྟ་བའི་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད།  རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་དུ་འདབ་ཆགས་ལ་དགའ་བོ་བྱ་མཁན་དང་ཚོགས་པ་མང་པོ་ཡོད། ས་གནས་རང་བཞིན་དང་རྒྱལ་ཡོངས་རང་བཞིན་གྱི་འདབ་ཆགས་ལ་བལྟ་བའི་འགྲན་བསྡུར་དང་། ས་གནས་ཁག་གིས་བསྟུད་མུར་འདབ་ཆགས་ལ་བལྟ་བའི་དུས་ཆེན་བསྡུས་པས་འདབ་ཆགས་ལ་བལྟ་མཁན་དང་ས་གནས་མང་ཚོགས་ཀྱིས་ཐུན་མོང་ཐོག་མཛའ་འབྲེལ་གྱི་དགའ་སྟོན་དུས་ཆེན་ལ་རོལ་བས།  ས་གནས་ཀྱི་སྣོད་བཅུད་འཛུགས་སྐྲུན་དང་སྐད་གྲགས་ལྡན་པའི་གར་སྟེགས་གསར་པ་ཞིག་ཏུ་གྱུར་ཡོད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716