སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ཀྱི་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ཀྱི་བློ་ཡིད་ཚིམ་ཚད་99%ཡན་ཟིན་པ།
སྤེལ་དུས། 2016-12-02   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  ཆོས་སྒྲོན་གྱིས་བསྒྱུར།
          ཀྲུང་གོའི་རྒྱལ་ཁབ་བསྡོམས་རྩིས་ཅུས་བོད་ལྗོངས་རྟོག་ཞིབ་སྤྱི་ཁྱབ་རུ་ཁག་དང་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་རྟོག་ཞིབ་ལྟེ་གནས་ཀྱིས་ཚེས་28ཉིན་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ཐོག་ནས་མངོན་པར། 2016ལོའི་བོད་ཀྱི་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ཀྱི་བློ་ཡིད་ཚིམ་ཚད་99.59%ཡན་ཟིན་པ་དང་། “འགྲིམ་འགྲུལ་ཆག་སྒོ”ནི་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་མངོན་གསལ་དོད་ཤོས་ཤིག་ཡིན་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་རྟོག་ཞིབ་ནང་བོད་ཡོངས་ཀྱི་རྫོང(ཆུས)73དང་། ཤང(གྲོང་རྡལ)141 གྲོང་ཚོ་212བཅས་ཀྱི་ལོ་ན་16ཧྲིལ་པོ་ཡན་གྱི་རྒྱུན་སྡོད་གྲོང་མིར་རྟོག་ཞིབ་བྱས་པ་དང་། ནང་དོན་གྲས་སུ་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་། མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གཙོ་བོ། མིག་སྔའི་སྤྱི་ཚོགས་བདེ་འཇགས་ཐད་ཀྱི་མང་ཚོགས་ཀྱི་མྱོང་ཚོར། སྲིད་ཁྲིམས་ལས་དོན་དང་དཔུང་ཁག་འཛུགས་སྐྱོང་ལས་དོན་མང་ཚོགས་ཀྱི་བློ་ལ་བབ་ཚད་སོགས་མང་ཚོགས་ཀྱིས་སེམས་ཁུར་དང་དོ་ཁུར་བྱེད་ཤོས་ཀྱི་སྤྱི་ཚོགས་བདེ་འཇགས་ཐད་ཀྱི་གནད་དོན་ཚུད་ཡོད་པ་རེད།
          ཟོག་གོང་དང་། སློབ་གསོ། བཟའ་བཅའི་འཕྲོད་བསྟེན་བཅས་ནི་མང་ཚོགས་ཀྱིས་དོ་ཁུར་བྱེད་ཤོས་ཀྱི་སྤྱི་ཚོགས་གནད་དོན་ཞིག་ཡིན་པ་དང་དེ་དག་གིས་21.42%དང་། 12.81% 11.17%བཅས་སོ་སོར་བཟུང་བ་དང་། སྤྱི་ཚོགས་བདེ་འཇགས་གནད་དོན་ལ་མང་ཚོགས་ཀྱིས་དོ་ཁུར་བྱེད་ཚུལ་ཐད་ཀྱི་མིང་སྒྲིག་དེ་ན་ནིང་གི་ཨང་བཅུ་གཅིག་པ་ནས་ཨང་བཅུ་གཉིས་པ་བར་ཆག་པ། རྟོག་ཞིབ་བྱ་ཡུལ་གྱིས་མིག་སྔར་དམངས་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ཆེ་རུ་གཏོང་རྒྱུ་དེ་འཕྲལ་མ་ཉིད་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཚབས་ཆེ་ཆུང་གཞིར་བཟུང་མིང་སྒྲིག་བྱས་པའི་ཨང་དང་པོ་དང་གཉིས་པ་ནི“གཞོན་ནུ་ལོ་ཆུང་གི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ”དང“ཕྱོགས་མི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ”གཉིས་རེད། གཞན་ཡང་མང་ཚོགས་ཀྱིས་སྲིད་ཁྲིམས་ལས་ཁུངས་དང་ཕྱོགས་བསྡུས་བཅོས་སྐྱོང་སྡེ་ཚན་གྱི་ལས་དོན་ལ་བློ་ཡིད་ཚིམ་ཚད་95.58%ཟིན་གྱི་ཡོད་པ་རེད། 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716