སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས་ས་ཁོངས་ལ་གཏོགས་པའི་དྲ་སྦྲེལ་གྲངས་གཞིའི་ལྟེ་གནས་ཐོག་མ་བཙུགས་པ།
སྤེལ་དུས། 2016-12-20   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྣམ་གྱིས་བསྒྱུར།
          ཟླ་12ཚེས་19ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། བོད་ལྗོངས་ཀྱི་ས་ཁོངས་ལ་གཏོགས་པའི་དྲ་སྦྲེལ་གྲངས་གཞིའི་ལྟེ་གནས་ཐོག་མ་དངོས་སུ་བཙུགས་པ་ལས་ལྗོངས་ཡོངས་ཀྱི་གྲངས་གཞི་སྤྱོད་མཁན་ལ་བདེ་འཇགས་བློས་འགེལ་ཆོག་པ་དང་། སྤྲིན་ཚོགས་དྲ་རྒྱ་མཉམ་འདྲེས། སྤྲིན་ཚོགས་གྲངས་གཞི་སྣོལ་རེས་བཅས་ཀྱི་ཐེན་དབྱིས་སྤྲིན་ཚོགས་སྤུས་རྟགས་ཞབས་ཞུ་མཁོ་འདོན་བྱས་ཏེ་ལྗོངས་ཡོངས་ཀྱི“རིག་ནུས་བོད་ལྗོངས”འཛུགས་སྐྲུན་སླར་ཡང་རིམ་སྤོར་བྱ་རྒྱུ་རེད།
          ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དྲ་སྦྲེལ་གྲངས་གཞིའི་ལྟེ་གནས་སུ་ས་ཁོངས་རང་བཞིན་གྱི་འགྲེམ་ཚུལ་སྤྱད་པ་དང་ཞིང་ཆེན་དང་བོད་ལྗོངས་སྐྱོང་མང་པོའི་ས་ཁོངས་ནང་གཅིག་ལས་མེད། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དོན་འཁྱོལ་བྱ་ཆེད། 2016ལོའི་ཟླ་བརྒྱད་པར། ཀྲུང་གོའི་གློག་འཕྲིན་གྱིས་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱས་ཏེ་བོད་ཀྱི་དྲ་སྦྲེལ་འཛུགས་སྐྲུན་ལ་དམིགས་བསལ་རོགས་སྐྱོར་བྱས་ནས་བོད་ཀྱི་དྲ་སྦྲེལ་གྲངས་གཞིའི་ལྟེ་གནས་འཛུགས་སྐྲུན་ལ་དམིགས་བསལ་ཆོག་མཆན་སྤྲད་པ་རེད། ཀྲུང་གོའི་གློག་འཕྲིན་བོད་ལྗོངས་ཀུང་སིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་སྤྱོད་མཁན་གྱི་དགོས་མཁོར་དོ་ཁུར་བྱས་ཏེ་ཕྱོགས་ཁག་ནས་མ་དངུལ་གྲབས་གསོག་བྱས་པ་དང་འབྲེལ། གོ་ལ་ཧྲིལ་པོའི་སྔོན་ཐོན་འཕྲིན་གཏོང་སྒྲིག་ཆས་ཚོང་པ་ཀྲུང་ཤིང་འཕྲིན་གཏོང་དང་མཉམ་དུ་ལས་རིགས་ནང་ཁུལ་གྱི་སྔོན་ཐོན་ལག་རྩལ་སྤྱད་དེ་ལྷ་ས་དང་། གཞིས་རྩེ། ཉིང་ཁྲི་བཅས་གྲོང་ཁྱེར་གསུམ་དུ་དུས་གཅིག་ཏུ་གྲངས་གཞིའི་ལྟེ་གནས་སྐྲུན་འགོ་ཚུགས་པ་རེད། ཡན་ལག་ལྟེ་གནས་གསུམ་གྱིས་ས་ཁོངས་སུ་སྒྲོམ་གཞི་བཙུགས་ནས་སྤྲིན་ཚོགས་གཙོ་འཕྲུལ་དང་། སྤྲིན་ཚོགས་གསོག་ཉར། སྤྲིན་ཚོགས་གྲངས་གཞིའི་མཛོད། སྤྲིན་ཚོགས་སྒུལ་བྱེད་འཕྲུལ་འཁོར་བཅས་ལ་བརྟེན་ནས་ནུས་ཆེ་དང་ཆད་ལུས་མེད་པའི་སྒོ་ནས་གྲོང་ཁྱེར་དང་ས་ཁུལ་བདུན་ལ་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།
          བོད་ལྗོངས་ཀྱི་ཕྱོགས་བསྡུས་རིག་ནུས་ཆ་འཕྲིན་ཞབས་ཞུ་མཁོ་འདོན་ཚོང་པ་ཡིན་པའི་ཀྲུང་གོའི་གློག་འཕྲིན་བོད་ལྗོངས་ཀུང་སིར་དྲ་སྦྲེལ་གྲངས་གཞི་ལྟེ་གནས་འཛུགས་སྐྲུན་ལ་དམིགས་བསལ་གྱི་ལེགས་ཆའི་སྐྱེས་སྟོབས་ལྡན་ཡོད། ལེགས་ཆ་དེ་དག་ལ་གཞི་ཚུགས་ཏེ་གྲངས་གཞི་ལྟེ་གནས་བསྐྲུན་རྗེས། སྤྱོད་མཁན་ལ་གཞི་ཁྱོན་ཆེ་བ་དང་། སྤུས་ཚད་མཐོ་བ། བདེ་འཇགས་དང་བློས་འགེལ་ཆོག་པའི་གཙོ་འཕྲུལ་ཚབ་གཉེར་དང་དྲ་རྒྱའི་དྲ་ཆེན་བོགས་གཏོང་སོགས་རྨང་གཞིའི་ཞབས་ཞུ་དང་། རྒྱུན་འབོར་གཙང་སྤྱོད། བདེ་འཇགས་བརྟན་གཏོང་སོགས་ཀྱི་རིན་ཐང་འཕར་མའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་མ་ཟད། བོད་ཀྱི་སྤྱོད་མཁན་གྱིས་གྲངས་གཞིའི་བརྒྱུད་གཏོང་ཞབས་ཞུ་དང་མཐུད་འཇུག་མྱུར་པོའི་ཞབས་ཞུ་རྩེར་སོན་སྤྱོད་ཐུབ་རྒྱུ་རེད། ཐད་ཀར་བརྗོད་ན། དྲ་ཆེན་དང་། ལག་ཐོགས་ཁ་པར། བརྙན་འཕྲིན་བཅས་ནས་བརྙན་ཐུང་བལྟས་ཚེ། འགག་གི་མེད་ཅེས་འགན་འཁུར་བ་དེས་བཤད།
          དྲ་སྦྲེལ་གྲངས་གཞི་ལྟེ་གནས་ལ་བདེ་འཇགས་ཆེ་བ་དང་། ཤོངས་ཚད་ཆེ་བའི་དྲ་ཆེན། ཟམ་མི་ཆད་པའི་འཁོར་རྒྱུག ལྗང་མདོག་ནུས་རྒྱུ་གྲོན་ཆུང་སོགས་ཀྱི་ནུས་པ་ལྡན་པས་ལྗོངས་ནང་ཁུལ་གྱི་རིམ་ཁག་སྲིད་གཞུང་དང་། ཁེ་ལས་དང་བྱ་གཞག་ཚན་པ། སློབ་གྲྭ་སོགས་ཀྱིས་འཕྲུལ་ཁང་དོ་དམ་དང་། སྒྲིག་ཆས་ཉམས་བཟོ། ཆེད་ལས་མི་སྣ་སྒྲིག་བཀོད་སོགས་ཀྱི་ལས་དོན་ཀྲུང་གོའི་གློག་འཕྲིན་གྱིས་གཉེར་སྐྱོང་དོ་དམ་བྱས་པ་བརྒྱུད། དྲ་སྦྲེལ་སྤྱོད་པའི་ཆེད་ལས་དགོས་མཁོ་མང་པོ་ཐག་གཅོད་ཐུབ་ནས་བདེ་འཇགས་དང་། སྤུས་ལེགས། སྟབས་བདེ་བཅས་ཀྱི་ཞབས་ཞུ་དེ་བས་མང་བ་ཐོབ་ཐུབ། དེ་དག་གིས་རང་ལྗོངས་ཀྱི་སྤྱིའི་ཆ་འཕྲིན་ཅན་འཛུགས་སྐྲུན་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུར་ཕན་པ་ཡོད་པ་སྨོས་མི་དགོས།
          དྲ་སྦྲེལ་གྲངས་གཞི་ལྟེ་གནས་བསྐྲུན་པ་དེ་ནི་རང་ལྗོངས་ཀྱི་ཆ་འཕྲིན་ཅན་འཕེལ་རྒྱས་མྱུར་པོ་འགྲོ་བའི་བསྡུས་རིས་ཤིག་ཡིན་ལ། “རིག་ནུས་བོད་ལྗོངས”ཀྱི་ནུས་པ་སླར་ཡང་ཆེ་རུ་སོང་བའི་མཚོན་བྱེད་གལ་ཆེན་ཞིག་ཀྱང་རེད། སླད་ཕྱིན་གྲངས་གཞིའི་ལྟེ་གནས་སྲིད་དོན་དང་། དཔལ་འབྱོར། སྤྱི་ཚོགས། དམངས་འཚོ་སོགས་ཀྱི་ཁྱབ་ཁོངས་སུ་གཏིང་ཟབ་སྤྱོད་པ་དང་བསྟུན་ནས། སྤྱོད་མཁན་ལ་གྲངས་འཛིན་ཅན་གྱི་རིགས་སྒྱུར་དུས་སྐབས་གསར་པར་སླེབས་རྒྱུར་རམ་འདེགས་དང་བོད་ལྗོངས་ཀྱི་ཆ་འཕྲིན་ཅན་གྱི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716