སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྒྱལ་ཡོངས་ཀྱི་རིག་གནས་དང་ཚན་རྩལ་འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་བྱེད་སྒོ་སྤེལ་འགོ་ཚུགས་པ།
སྤེལ་དུས། 2016-12-22   ཡོང་ཁུངས། མི་དམངས་ཉིན་ཚགས   རྩོམ་སྒྲིག་པ།  དབང་འདུས་ཀྱིས་བསྒྱུར།
          ཟླ་12ཚེས་20ཉིན་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་། སློབ་གསོ་པུའུ། ཚན་རྩལ་པུའུ། ཁྲིམས་འཛིན་པུའུ། ཞིང་ལས་པུའུ། རིག་གནས་པུའུ། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན། གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་སོགས་སྡེ་ཚན་12དང་ཕུའུ་ཀྲོའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་མཉམ་དུ་སྤེལ་བའི་རྒྱལ་ཡོངས་ཀྱི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ཕུའུ་ཅན་ཁྲང་ཐིང་དུ་འཚོགས་པ་དེ་ཐོག་ནས་2017ལོའི་རྒྱལ་ཡོངས་ཀྱི“གཤམ་སྤེལ་གསུམ”གྱི་བྱེད་སྒོ་སྤེལ་འགོ་ཚུགས་པ་མཚོན་ཡོད།
          འདི་ལོ་ནི་ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་ལོ་ཞིག་ཡིན། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོངས་དར་སྤེལ་བཏང་སྟེ་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད། ཕུའུ་ཅན་ཁྲང་ཐིང་ཕུད་དམར་དམག་རྒྱང་སྐྱོད་བརྒྱུད་ལམ་གྱི་དེ་བྱིངས་ཀྱི་ཞིང་ཆེན་དང་། ལྗོངས། གྲོང་ཁྱེར་བཅས་14ཡིས་ཀྱང་ཉིན་དེ་རང་དུ“གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་སྤེལ་བ་རེད།
          ཀན་སུའུ་ཡི“གཤམ་སྤེལ་གསུམ”གྱི་ཡན་ལག་ཚོགས་ར་དམར་དམག་རྒྱང་སྐྱོད་ཀྱི“སྣུམ་སྣོན་ས་ཚིགས”ལུང་ནན་གྲོང་ཁྱེར་ཏང་ཁྲང་རྫོང་ཧ་ཏ་ཕུའུ་གྲོང་རྡལ་དུ་བཙུགས་ཤིང་། ལོ་44ལ་སླེབས་པའི་ཀྲོའུ་ཕུའུ་ཧ་ནི་ཧ་ཏ་ཕུའུ་གྲོང་རྡལ་ཧྲང་ཅེ་གྲོང་ཚོའི་གྲོང་མི་ཡིན། ཁོང་གིས《ཕག་པ་གསོ་ཚགས་ལག་རྩལ》ཞེས་པའི་དཔེ་དེབ་ཅིག་ལ་ལྟ་བཞིན་ཡོད་པ་གསར་འགོད་པས་མཐོང་བྱུང་། ཁོང་གིས“ལོ་ཤས་གོང་ངས་བྱ་དེ་1500གསོས་པ་ཡིན། རྗེས་སུ་བྱ་དེར་རིམས་ནད་ཕོག་ནས་མ་རྩ་ལྷོག་རྒྱུ་ལྟ་ཅི། ད་དུང་སྒོར་ཁྲི་2གྱོང་གུན་ཕོག་བྱུང། ང་སློབ་གྲྭར་འགྲོ་ཉུང་བས་དཔེ་དེབ་དེ་དག་ཞིང་པར་གོ་ཆོད་པོ་འདུག་པས་ཞིབ་ཕྲ་ཞིག་ཀློག་གི་ཡིན”ཞེས་བཤད་བྱུང་།
          ཀྲུང་དབྱང་དམར་དམག་རྒྱང་སྐྱོད་ཀྱི་རྡོག་ཐོན་བྱ་ཡུལ་ཡུས་ཏུའུ་རྫོང་གི་རྒྱང་སྐྱོད་ཐང་ཆེན་དུ་ཅང་ཤིས་ཞིང་ཆེན་གྱི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་སྤེལ་བཞིན་མཆིས། ཉིན་ཤས་གོང་། ཧོ་ཧྥུང་གྲོང་རྡལ་ཧོ་ཧྥུང་གྲོང་ཚོའི་གྲོང་མི་ཏིང་ཧྲེང་ཡུས་ཀྱི་སྒལ་པར་ལི་སྨི་2ཟིན་པའི་ཤ་སྐྲན་ཞིག་སྐྱེས་པས་སེམས་ཁྲལ་ཆེན་པོ་བྱུང་། སྨན་བཅོས་བྱེད་ཁོམ་མ་བྱུང་བའི་ཁོང་འོས་འགན་སྨན་བཅོས་སྟེགས་བུའི་མདུན་དུ་སེམས་ལྷོད་ལ་བབས། གང་ལགས་ཤེ་ན། “གྲོང་ཁྱེར་ནས་ཕེབས་པའི་སྨན་པས་ང་ལ་དེ་ནི་ཚི་ལུའི་ཤ་འབུར་ཡིན་པས་སྨན་བཟའ་དགོས་མེད་ལ་སྨན་ཁང་དུའང་སྡོད་དགོས་མེད་ཅེས་བཤད་བྱུང་། ད་ཐེངས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོས་ང་རང་གྲོང་ཚོ་ནས་ཐོན་མི་དགོས་པར་སྨན་བཅོས་ཞབས་ཞུ་སྔར་བས་ལེགས་པ་ལོངས་སུ་སྤྱོད་རྒྱུ་བྱུང”ཞེས་བཤད།
          མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་པད་མ་རྫོང་དུ་མཚོ་སྔོན་ཞིང་ཨུད་དྲིལ་བསྒྲགས་པུའུ་སོགས་ཚན་པ་12ཀྱིས་པད་མ་རྫོང་ལ་སྒོར་ཁྲི་4058.4རི་བའི་དངོས་ཟོག་ཞལ་འདེབས་བརྒྱབ་ཁར་ས་གནས་ས་ཐོག་ཏུ་འབྲོག་ཁུལ་མང་ཚོགས་ལ་ཚན་རྩལ་ཤེས་བྱ་སློབ་པ་དང་། དཔེ་དེབ་སྤྲོད་པ། སྨན་བཅོས་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་ཞིང་། “གཤམ་སྤེལ་གསུམ”གྱི་བྱེད་སྒོས་ང་ཚོར་ཚན་རྩལ་ཞིང་ཕན་གྱི་ཤེས་བྱ་ཁྱབ་གདལ་བཏང་བ་མ་ཟད། ང་ཚོའི་རིག་གནས་འཚོ་བ་ཡང་ཕུན་སུམ་ཚོགས་སུ་བཏང་བས་བྱ་བཟང་དེ་འདྲ་མང་ཙམ་སྒྲུབ་རྒྱུའི་རེ་བ་ཡོད”ཅེས་པད་མ་རྫོང་རྡོ་གོང་མ་ཤང་གི་འབྲོག་པ་བསོད་རྡོར་གྱིས་བཤད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716