སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་རང་བཀོལ་དངུལ་ཁང་ནས་བོད་སྐད་བཀོལ་སྤྱོད་ཐུབ་པ།
སྤེལ་དུས། 2016-12-30   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  བསྟན་འཛོམས་ཀྱིས་བསྒྱུར།
          ཉེ་བའི་ལོའི་ནང་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ཁྲོམ་ར་བཟུང་ཚད་ཨང་དང་པོ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོ། ཞབས་ཞུའི་འགན་ཁུར་ཨང་དང་པོ”བཅས་ཀྱི་ལས་ཀའི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ་སྤྱོད་མཁན་གཙོ་བོར་འཛིན་པའི་གཉེར་སྐྱོང་འདུ་ཤེས་ཟབ་མོ་བཙུགས་ནས་སྐུ་མགྲོན་གྱི་དགོས་མཁོར་ཤེས་རྟོགས་གཏིང་ཟབ་དང་། བོད་ལྗོངས་ཀྱི་དམིགས་གསལ་གནས་ཚུལ་ལ་གཞིགས་ཏེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། མ་ལག་གི་ནུས་པ་ལེགས་སུ་གཏོང་བ། ཞབས་ཞུའི་ཆུ་ཚད་གོང་མཐོར་གཏོང་བ་བཅས་བྱས་ནས་སྔ་རྗེས་སུ་བོད་རྒྱ་དབྱིན་གསུམ་གྱི་བཀོལ་སྤྱོད་དྲ་ངོས་དང་། བོད་ཡིག་སྐུད་ཡོད་རིག་སྟོབས་གཏོང་སྤྲོད། བོད་ཡིག་སྐུད་མེད་རིག་སྟོབས་གཏོང་སྤྲོད་ལ་སོགས་པའི་རིག་སྟོབས་སྒྲིག་ཆས་དང་ཞབས་ཞུའི་ནུས་པ་ལྡན་པའི་རང་བཀོལ་སྒྲིག་ཆས་བཟོས་ནས“ལས་མི་ཡོད་པའི་དྲ་ཚིགས་དང་གློག་རྡུལ་ཐབས་ལམ། འཁོར་སྐྱོད་ཞབས་ཞུ”བཅས་ཟུང་དུ་འབྲེལ་བའི་ཁྱབ་རྒྱ་ཆེ་བ་དང་། སྣ་མང་ཅན། རྣམ་པ་མང་བ་བཅས་ཀྱི་དངུལ་རྩའི་ཞབས་ཞུའི་མ་ལག་བཟོས་ཏེ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་དང་བྱེད་བཞིན་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་ཁོངས་ཀྱི་སྤྱོད་མཁན་གཙོ་བོ་ཞིང་འབྲོག་པ་ཡིན་པར་བརྟེན། རང་བཀོལ་དངུལ་ཁང་གི་ལས་སྒོ་སྒྲུབ་སྐབས་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་ཡོད་པ་མ་ཟད། ཉེན་འགོག་འདུ་ཤེས་ཟབ་པོ་མེད་པའི་གནས་ཚུལ་ལ་བསམ་གཞིག་གང་ལེགས་བྱས་ནས། 2016ལོར་དངུལ་ཁང་དེས་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གི་འབོད་སྐུལ་དང་ལེན་གྱིས་དུས་ཡུན་ལོ་ཕྱེད་ཙམ་རིང་སྐད་སྒྱུར་དང་། སྒྲ་ཕབ། ཞིབ་འཇུག་གསར་སྤེལ། ཚོད་ལྟ་བཅས་བྱས་པ་བརྒྱུད། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་སྔོན་ལ་དངུལ་སྨར་རིགས་ཀྱི་རང་བཀོལ་སྒྲིག་ཆས་བོད་སྐད་ལམ་ནས་སྤྱོད་ཐུབ་ཡོད་པ་རེད། གོམ་སྟབས་རྗེས་མར་དངུལ་ཁང་དེས་ད་ཡོད་ཀྱི་གྲུབ་འབྲས་ལ་གཞི་བཙུགས་ནས་ཞིང་འབྲོག་ཁུལ་གྱི་སྤྱོད་མཁན་ཚོའི་དངུལ་རྩའི་དགོས་མཁོར་གཞིགས་ནས། ཀུན་ཕན་དངུལ་རྩའི་ཞབས་ཞུའི་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་མགྱོགས་སུ་བཏང་ནས་རང་བཀོལ་སྒྲིག་ཆས་སྤྱོད་པའི་ནུས་པ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཁར། ཞིང་འབྲོག་པ་སྤྱོད་མཁན་ཚོར་དངུལ་རྩའི་ཉེན་ཁ་དྲིལ་བསྒྲགས་དང་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས། ཞིང་འབྲོག་ཁུལ་གྱི་སྤྱོད་མཁན་ཚོར་དེ་བས་སྟབས་བདེ་བ་དང་། ཉེན་ཁ་མེད་པ། མགྱོགས་ལ་མྱུར་བ་བཅས་ཀྱི་རིག་སྟོབས་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱས་ཏེ། གོམ་སྟབས་བརྟན་པོའི་སྒོ་ནས་རང་བཀོལ་དངུལ་ཁང་གི“སྤྱོད་མཁན་ལ་ཞབས་ཞུ་དང་། རང་འགུལ་གཉེར་སྐྱོང་། འཁོར་སྐྱོད་འགན་ལེན”བཅས་ཀྱི་ནུས་པ་ཆེན་པོ་གསུམ་གོང་མཐོར་གཏོང་རྒྱུ་ཡིན་པ་རེད།
          གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོའི་ཟླ་10པའི་ཟླ་མཇུག་བར་དངུལ་ཁང་དེའི་ཁྱབ་ཁོངས་སུ་དངུལ་སྨར་བཅོལ་ལེན་གྱི་རང་བཀོལ་སྒྲིག་ཆས་800ལྷག་ཡོད་པའི་ནང་། རྗོང་ཁོངས་སུ་ཡོད་པའི་དངུལ་སྨར་རིགས་ཀྱི་རང་བཀོལ་སྒྲིག་ཆས་600ལྷག་ཙམ་ཡོད་པ་དེས་དངུལ་སྨར་རིགས་ཀྱི་རང་བཀོལ་སྒྲིག་ཆས་ཡོངས་ཀྱི་75%ལྷག་ཙམ་ཟིན་ཡོད། ལྗོངས་ཡོངས་དང་རྫོང་ཁོངས་སུ་དངུལ་སྨར་བཅོལ་ལེན་གྱི་རང་བཀོལ་སྒྲིག་ཆས་འཛུགས་ཚད་གཉིས་ཀ་ལས་རིགས་གཅིག་པའི་ཁྲོད་ཀྱི་ཨང་དང་པོ་ཟིན་ནས་རྫོང་ཁོངས་སུ་རང་བཀོལ་དངུལ་རྩའི་ཞབས་འདེགས་ཞུ་བའི་སྟོབས་ཤུགས་གཙོ་བོར་གྱུར་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716