སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལྷ་སར“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་དཔེ་སྟོན་གྲོང་ཁྱེར”གྱི་མཚན་སྙན་ཐོབ་པ།
སྤེལ་དུས། 2017-02-13   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  དོན་གྲུབ་ཀྱིས་བསྒྱུར།
ཆེ་དགྲ་ལྷ་མཛད་སྒོར་ཕེབས་པ།
          ཚེས་10ཉིན་གྱི་སྔ་དྲོར་ལྷ་ས་གྲོང་ཁྱེར་ལ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་དཔེ་སྟོན་གྲོང་ཁྱེར”གྱི་མཚན་སྙན་བྱང་བུ་སྤྲོད་པའི་མཛད་སྒོ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་མཛད་སྒོར་ཞུགས་པ་དང་སྦྲགས་ལྷ་ས་གྲོང་ཁྱེར་ལ་བྱང་བུ་གནང་བ་རེད།
          ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཀྱིས་གསུང་བཤད་གནང་བ་རེད།
          བསྟན་ཁོས་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དང་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་མཚན་སྙན་ལ་གཅེས་སྤྲས་ཀྱིས་ཡང་འབད་བསྐྱར་འབད་བྱས་ཏེ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་སའི་དཔེ་སྟོན་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱས་ནས་ལས་ཀའི་བྱ་ཐབས་དེ་བས་ནུས་ལྡན་དང་། དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ། བསམ་པའི་ཉམས་འགྱུར་དེ་བས་རབ་འཕེལ་བཅས་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་དེ་བས་མང་བ་གཏོད་འཛུགས་བྱེད་སྒོའི་དཔེ་མཚོན་གྲོང་ཁྱེར་གྲས་སུ་སླེབས་རྒྱུར་ཁྲིད་སྟོན་གྱིས་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་ཧྲིལ་པོ་ཡག་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ཐུགས་རེ་གནང་བ་རེད།
          པད་མ་དབང་འདུས་ཀྱིས། བྱང་བུ་སྤྲོད་པའི་མཛད་སྒོ་འཚོགས་པ་ལས་ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ལེའུ་གསར་པ་འགོ་ཚུགས་པས། ལྷ་ས་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་རང་དགར་ཐོབ་དཀའ་བའི་མཚན་སྙན་ལ་གཅེས་སྤྲས་ལྡབ་བརྒྱ་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ཁྲིད་སྟོན་དུ་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག མི་རིགས་མཐུན་སྒྲིལ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སེམས་ལ་འཇོག་པ་དང་དམ་འཛིན་ནན་ཏན་བྱས་ཐོག སྲོག་རྩ་ཞིག་ཡིན་པའི་ངོས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ཕྱོགས་གང་ས་ཅི་ཐད་དུ་ཁྱབ་པ་བྱས་ཏེ། བསམ་བློའི་ཐད་ནས་ཚད་མཐོའི་མཐོང་ཆེན་དང་། བྱ་སྤྱོད་ཐད་ནས་གོམ་སྟབས་གཅིག་གྱུར། སྒྲིག་སྲོལ་ཐད་ནས་འཐུས་སྒོ་ཚང་པོ་འཛུགས་པ། བྱ་ཐབས་ཐད་ནས་ཞིབ་ཅིང་ཕྲ་བ་བཅས་བྱས་ཐོག གསར་གཏོད་བྱེད་ཕོད་པ་དང་ལག་ལེན་བསྟར་ཕོད་པ་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་མཚོན་ཁུལ་འཛུགས་པའི་ལས་དོན་ལ་ཉམས་མྱོང་དེ་བས་མང་བ་གསོག་འཇོག་བྱེད་དགོས་ཞེས་གསུངས་པ་རེད།
          རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་སྐལ་བཟང་ཚེ་རིང་གིས《ལྷ་ས་གྲོང་ཁྱེར་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་དཔེ་སྟོན་གྲོང་ཁྱེར་གྱི་མཚན་སྙན་བྱང་བུ་སྤྲོད་རྒྱུའི་སྐོར་གྱི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་གཏན་འབེབས》སྒྲོག་སྦྱངས་གནང་བ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716