སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་ཨར་འདམ་དང་ཤེལ་སྒོའི་ལས་རིགས་ལ་གོང་འཕེལ་གྱི་རྣམ་པ་བཟང་པོ་ཐོན་པ།
སྤེལ་དུས། 2017-02-23   ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།   རྩོམ་སྒྲིག་པ།  རིན་ཆེན།
          སྤྱི་ཟླ2པའི་ཚེས20ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་སྲིད་གཞུང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཨར་འདམ་དང་ཤེལ་སྒོའི་ལས་རིགས་ཀྱི་ཐོན་ནུས་རྗེས་ལུས་མེད་པ་བཟོ་བའི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།
          ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་ལྗོངས་ཡོངས་ཀྱི་ཨར་འདམ་དང་ཤེལ་སྒོའི་ལས་རིགས་ཀྱི་ཐོན་ནུས་རྗེས་ལུས་མེད་པ་བཟོ་ཚུལ་གསན་རྗེས། བོད་ཀྱིས་ཐོན་ནུས་རྗེས་ལུས་མེད་པ་བཟོ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་འབྲེལ་ཡོད་སྲིད་ཇུས་བླང་བྱ་མུ་མཐུད་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་མགྱོགས་སུ་གཏོང་བ་དང་ཐོན་ལས་གྲུབ་ཆ་ལེགས་འགྱུར་རིམ་སྤོར་ལ་སྐུལ་སྤེལ་ཧུར་ཐག་བཏང་ནས། ཐོན་ནུས་རྗེས་ལུས་མེད་པར་བཟོ་བའི་ལས་ཀར་སྐུལ་སྤེལ་གཏོང་རྒྱུའི་ཐད་ཕན་འབྲས་ཡག་པོ་ཐོན་པ་བྱེད་རྒྱུའི་ཐུགས་རེ་གནང་བ་རེད། །
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716