སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས་རྨང་བརྟན་དམངས་ཕན་གྱི་གཞུང་ལམ་ཤར་གཏོང་ཐུབ་པ་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་པ།
སྤེལ་དུས། 2011-11-11   ཡོང་ཁུངས། བོད་ལྗོངས་རླུང་འཕྲིན།    རྩོམ་སྒྲིག་པ།  བསོད་སྒྲོན།

སྤྱི་ཚེས ༨ ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱིས་རྨང་བརྟན་དམངས་ཕན་གྱི་གཞུང་ལམ་ཤར་གཏོང་ཐུབ་པ་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་འགོ་འཛུགས་མཛད་སྒོའི་ཐོག་གསུང་བཤད་གནང་བ་མ་ཟད། རྨང་བརྟན་དམངས་ཕན་གྱི་གཞུང་ལམ་ཤར་གཏོང་ཐུབ་པ་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་རེད།
      པད་མ་འཕྲིན་ལས་ཀྱིས་གཞུང་ལམ་ཤར་གཏོང་ཐུབ་པའི་ལས་གཞི་ལག་བསྟར་བྱས་ཚུན་རང་སྐྱོང་ལྗོངས་ཀྱིས་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས ༡༦༣༢ བཀོད་སྒྲིག་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར ༡༡༠.༤༩ བཏང་ནས། ཤང་གྲོང་རྡལ ༢༣༡ དང་སྒྲིག་ཚུད་གྲོང་ཚོ ༢༥༥༠ ཡི་གཞུང་ལམ་ཤར་གཏོང་ཐུབ་པ་བྱེད་པའི་གནད་དོན་ཐག་གཅོད་བྱས་པ་དང་གཞུང་ལམ་སྤྱི་ལེ ༣༩༢༣༤.༤ གསར་དུ་བསྐྲུན་ཡོད་པས། གྲོང་གསེབ་གཞུང་ལམ་ཤང་གྲོང་རྡལ་ཡོངས་དང་སྒྲིག་ཚུད་གྲོང་ཚོ་བརྒྱ་ཆ ༨༩.༩༨ ལ་ཁྱབ་ནས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཡིན་ན་ཡང་དེང་སྐབས་ལྗོངས་ཡོངས་ཀྱི་སྒྲིག་ཚུད་གྲོང་ཚོ ༧༡༤ ལ་གཞུང་ལམ་ཤར་གཏོང་ཐུབ་མེད། ད་རེས་ཀྱི་རྨང་བརྟན་དམངས་ཕན་གྱི་གཞུང་ལམ་ཤར་གཏོང་ཐུབ་པ་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་པ་དེས་འཆར་གཞི་ལྟར་ན་ལོ་གསུམ་ནང་སྒྲིག་ཚུད་གྲོང་ཚོ ༦༦༩ ཡི་གཞུང་ལམ་ཤར་གཏོང་ཐུབ་པ་བྱེད་པའི་གནད་དོན་ཐག་གཅོད་ཐུབ་པ་བྱེད་རྒྱུ་རེད་ཅེས་གསུངས་པ་རེད།
པད་མ་འཕྲིན་ལས་ཀྱིས་ལྗོངས་ཡོངས་ཀྱི་ས་ཁུལ་ཁག་དང་ཚན་པ་ཁག་ནས་མཛུབ་སྟོན་མཐུན་སྦྱོར་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ། ལོ་ལྔ་ཚན་བཅུ་གཉིས་པའི་རིང་གི་གཞུང་ལམ་འགྲིམ་འགྲུལ་གོང་འཕེལ་བྱེད་མགྱོགས་སུ་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་དྲིལ་བསྒྲགས་བྱེད་སྒོ་ཤུགས་ཆེན་སྤེལ་ནས། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གཞུང་ལམ་རྒྱུད་ཀྱི་རྫོང་དང་ཤང༌། གྲོང་ཚོ་བཅས་ཁག་སྐུལ་སློང་བྱས་ནས་རྨང་བརྟན་དམངས་ཕན་གྱི་གཞུང་ལམ་ཤར་གཏོང་ཐུབ་པ་བྱེད་པའི་ལས་དོན་བདེ་བླག་ངང་སྤེལ་རྒྱུར་ཁོར་ཡུག་བཟང་པོ་གཏོད་པ་དང་མང་ཚོགས་སྒྲིག་འཛུགས་ཡག་པོ་བྱས་ཏེ་གཞུང་ལམ་འཛུགས་སྐྲུན་ནང་ཞུགས་སུ་འཇུག་དགོས་པ། སྒྲིག་འཛུགས་ཞིབ་ཚགས་དང་ཚན་རིག་དང་མཐུན་པའི་དོ་དམ་བྱས་ཏེ་ལས་གཞི་དེ་སྤུས་ཚད་ལེགས་པའི་ལས་གཞི་ཞིག་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་ལས་གཞི་ཞིག དམངས་ལ་སྟབས་བདེ་དང་ཕན་པ་སྐྲུན་པ་དང་མང་ཚོགས་ལ་ཁེ་ཕན་སྐྲུན་པའི་དམངས་ཕྱུག་ལས་གཞི་ཞིག་བཅས་སུ་འགྱུར་ཐུབ་པ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ནག་ཆུ་དང༌གཞིས་རྩེ། ཆབ་མདོ། ཉིང་ཁྲི། མངའ་རིས་བཅས་ས་ཁུལ་དང་དམངས་བརྟན་དམངས་ཕན་གྱི་གཞུང་ལམ་ཤར་གཏོང་ཐུབ་པ་བྱེད་པའི་འགན་འཁྲིའི་ཡི་གེ་བཞག་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060