སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སྐབས་བདུན་པའི་ཁམས་པའི་རིག་གནས་དུས་ཆེན་ནར་འགྱངས་བྱས་ནས་ཚེས་༡༩ནས་ཚེས་༢༣བར་སྤེལ་རྒྱུ་ཡིན་པ།
སྤེལ་དུས། 2013-10-17   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ནོར་བུ།

      གསར་འགོད་པས་ཆབ་མདོ་ས་ཁུལ་རིག་གནས་ཅུད་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ཟླ་༡༠པའི་ཚེས་༡༥ནས་ཚེས་༡༩བར་གཏན་འཁེལ་བྱུང་བའི་སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དེ་གནད་དོན་ཁག་གི་རྐྱེན་པས་སྤྱི་ཟླ་༡༠པའི་ཚེས་༡༩ནས་ཚེས་༢༣བར་སྤེལ་རྒྱུ་ཡིན་པ་རེད། 

ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ནི་བོད་ལྗོངས་དང་།   ཟི་ཁྲོན།   མཚོ་སྔོན།  ཡུན་ནན་བཅས་དུས་རབས་གོང་མའི་ལོ་རབས་དགུ་བཅུའི་དུས་འགོར་ཐུན་མོང་ཐོག་གྲོས་འགོ་འདོན་ནས་ཟི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་།  མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།  ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ།    བོད་ལྗོངས་ཆབ་མདོ་ས་ཁུལ་བཅས་དུས་བཀག་ལྟར་རེ་མོས་བྱས་ནས་སྤེལ་བའི་བྱེད་སྒོ་ཞིག་ཡིན་པ་དང་།    བྱེད་སྒོ་དེ་ནི་ས་ཁུལ་ཁག་གི་དཔལ་འབྱོར་རིག་གནས་ཕན་ཚུན་སྤེལ་རེས་བྱས་ཏེ་ཁམས་པའི་རིག་གནས་དར་སྤེལ་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད། 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060