སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཡུལ་སྐོར་ལས་རིགས་ཀྱི་མི་མངོན་པའི་སྒུལ་ཤུགས་ནི་ཅི་ཞིག་ཡིན།
སྤེལ་དུས། 2014-07-25   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་འདུལ་གྱིས་བསྒྱུར།

      ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས ༢༠༡༣ ལོར་ཡུལ་སྐོར་མགྲོན་པོ་མི་གྲངས་ཁྲི ༡༢༤༠ ལྷག་སྣེ་ལེན་བྱས་ཡོད་ལ། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར ༡༢༠ ལྷག་རག་ཡོད་པ་རེད། ཡུལ་སྐོར་ལས་རིགས་ཀྱི་སྐུལ་འདེད་འོག་ཏུ། ཉིས་སྟོང་བཅུ་གསུམ་ལོར་བདེ་ཆེན་ཁུལ་གྱི་ཐོན་ལས་གསུམ་པས་ས་གནས་དེའི་ཐོན་སྐྱེད་སྤྱིའི་རིན་ཐང་གི་བརྒྱ་ཆའི ༥༠.༥ ཟིན་ཡོད་པ་རེད།

         བདེ་ཆེན་ཁུལ་གྱི་ཡུལ་སྐོར་ལས་རིགས་ནི ༡༩༩༦ ལོར་ཤམ་བྷ་ལའི་ཡུལ་སྐོར་སྣང་བརྙན་བཙུགས་པ་ནས་བཟུང་འཕེལ་རྒྱས་བྱུང་འགོ་བརྩམས་པ་ཡིན། ཀྲན་མུའུ་སི་ཤེར་ཨེར་ཏུན་གྱིས ༡༩༣༣ ལོར་བརྩམས་པའི་འདས་ཟིན་པའི་ས་ངོས་ཐིག་ཅེས་པའི་ནང་དུ་བརྗོད་པའི་ཕུགས་བསམ་རྒྱལ་ཁབ་དེ་ནི་བདེ་ཆེན་གྱི་རྒྱལ་ཐང་ཡིན་པ་གཏན་ཁེལ་བྱས་པས། བདེ་ཆེན་གྱི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་དུ་འཕེལ་རྒྱས་བྱུང་། ༡༩༩༥ ལོར་བདེ་ཆེན་ཁུལ་གྱིས་ལོ་གཅིག་རིང་དུ་ཡུལ་སྐོར་མགྲོན་པོ་མི་གྲངས་ཁྲི ༡ ཡས་མས་སྣེ་ལེན་བྱས་ཡོད། ༡༩༩༧ ལོར་མི་གྲངས་ཁྲི ༥༠ ལ་ཁ་སྣོན་བྱུང་བ་རེད།

           དབྱིན་ཇིའི་སྐད་ཀྱི་ཤམ་བྷ་ལྷ་ནི་བདེ་ཆེན་གྱི་ཡུལ་སྐད་ལས་བྱུང་བ་ཡིན་པ་དང་། དེ་ནི་བདེ་ཆེན་གྱི་རང་བྱུང་ཁོར་ཡུག་དང་གཏམ་རྒྱུད་ཁྲོད་ཀྱི་ཤམ་བྷ་ལ་དང་ཧ་ཅང་འཚམ་པོ་ཡོད། འོ་ན། རྒྱུ་རྐྱེན་དེ་གཉིས་ཁོ་ནར་བརྟེན་ནས་ཤམ་བྷ་ལ་ནི་བདེ་ཆེན་ཁུལ་ཡིན་པ་སྒྲུབ་ཐུབ་བམ། རྒྱུ་རྐྱེན་ཅི་ཞིག་གི་དབང་གིས་བདེ་ཆེན་ཁུལ་ནི་འཛམ་གླིང་ཡོངས་སུ་གྲགས་པའི་དག་པའི་ཞིང་ཁམས་ཡིན་ཞེས་བསྒྲགས་པའི་སྙིང་སྟོབས་བསྐྱེད་པ་ཡིན་ནམ།

འདས་ཟིན་པའི་ས་ངོས་ཐིག་ཅེས་པའི་དཔེ་དེབ་དེ་ཀློག་མྱོང་མཁན་གྱིས་ཤེས་གསལ་ལྟར་རེད། ཀྲན་མོའུ་སི་ཤེར་ཨེར་ཏུན་གྱིས་འདས་ཟིན་པའི་ས་ངོས་ཐིག་ཅེས་པའི་ནང་དུ་བོད་རིགས་དང་རྒྱ་རིགས་བཀོད་ཡོད་པ་མ་ཟད། ད་དུང་ཤམ་བྷ་ལ་དང་ཟླ་བ་གཡུ་མཚོའི་མཛེས་སྡུག་གི་སྣང་བརྙན་བརྗོད་པའི་སྐབས་སུ། ཁོང་གིས་ད་དུང་ན་ཞི་མི་རིགས་ཀྱང་གསལ་བོར་བྲིས་ཡོད། དཔྱད་བརྗོད་མཁན་འགའ་རེས་འདོད་ཚུལ་ལྟར་ན། ཀྲན་མུའུ་སི་ཤེར་ཨེར་ཏུན་གྱིས་དུས་རབས་སྔོན་མའི་ལོ་རབས་སུམ་ཅུ་པའི་དཔལ་འབྱོར་གྱོང་གུད་དང་སྡུག་རྩིབ་ཀྱི་དམག་འཁྲུག་གི་གནས་བབ་ལ་ཁ་གཏད་ནས། ཡི་གེ་ལ་བརྟེན་ཏེ་མི་ཚོར་ལྷང་འཇགས་ཀྱི་ཕུགས་བསམ་རྒྱལ་ཁམས་ཞིག་བསྐྲུན་པ་རེད། མི་དང་མིའི་བར། མི་དང་རང་བྱུང་ཁམས་བར། མི་དང་རང་ཉིད་ཀྱི་ནང་སེམས་ཀྱི་བར་བཅས་ཚང་མར་འབྲེལ་བ་ལེགས་པོ་གྲུབ་ཡོད། རྒྱལ་ཁམས་ཡོངས་ལྷང་འཇགས་དང་ངོ་མཚར་གྱིས་མཁའ་དབུགས་ཁྲོད་ཐུམ་ཡོད་པ་རེད། ཚད་མཐུན་ནི་གནས་དེའི་རྩ་དོན་རེད། འཆམ་མཐུན་ནི་བརྗོད་བྱ་གཙོ་བོ་རེད། རྩོམ་པ་པོས་དཔེ་དེབ་ཁྲོད་དུ་ཐེངས་མང་པོར། མིའི་རིགས་ཀྱི་དཔལ་ཡོན་ནི་ལྡོག་ཐབས་བྲལ་བའི་དམག་འཁྲུག་གིས་རྩ་མེད་བཟོས་པའི་དུས་སུ། འཇིག་རྟེན་གསར་བ་ཞིག་ས་རྡོའི་ཁྲོད་ནས་འབུས། འཇིག་རྟེན་གསར་རྐྱང་དེ་ནི་ཟླ་བའི་གཡུ་མཚོ་རུ་སྦས་ཡོད་ལ། རིག་རྩལ་བསྐྱར་དར་ཐེངས་གཅིག་ངོ་མཚར་ངང་དེ་ནས་འབུས་པ་རེད་ཅེས་བརྗོད་ཡོད།

           བདེ་ཆེན་གྱི་འཆམ་མཐུན་པའི་མི་རིགས་འབྲེལ་བ་ནི་མི་ཚོས་གནས་དེ་ནི་ཕུགས་བསམ་གྱི་རྒྱལ་ཁམས་ཡིན་པར་ཡིད་ཆེས་ཡོད་པའི་རྒྱུ་རྐྱེན་གཙོ་བོ་ཡིན། བདེ་ཆེན་ས་ཁུལ་གྱི་ལོ་རྒྱུས་སྟེང་དུ་བོད་རིགས་དང་མི་རིགས་གཞན་པ་ཕན་ཚུན་འབྲེལ་འདྲིས་བྱེད་པ་དང་། ཤར་ནས་ནུབ་ཏུ་འཕེལ་རྒྱས་བྱུང་བའི་བགྲོད་ལམ། ས་ཁུལ་དེར་འཚོ་གནས་བྱས་པའི་མི་རིགས་སོ་སོའི་མི་དམངས་བཅས་ཚང་མར། མི་རིགས་མང་པོའི་རིག་གནས་ཕན་ཚུན་འབྲེལ་འདྲིས་ཀྱིས་ཤུགས་རྐྱེན་ཐེབས་པས་སྣ་མང་དང་འཆམ་མཐུན་གྱི་བདེ་ཆེན་རིག་གནས་གྲུབ་ཡོད་པ་རེད། ས་གནས་དེ་གའི་བདེ་ཆེན་རིག་གནས་ལ་དཔེ་བྱས་ན། ལོ་རེའི་ཟླ་བ་དྲུག་པའི་ཟླ་སྨད་དུ་བདེ་ཆེན་གྱི་མེ་དཔུང་དུས་སྟོན་རོལ་ལ། དེ་ནི་ས་གནས་དེ་གའི་དབྱི་རིགས་དང་བོད་དམག་རིགས། བོད་རིགས། རྒྱ་རིགས་སོགས་སྤུན་ཟླའི་མི་རིགས་ཀྱིས་མཉམ་དུ་རོལ་བའི་དུས་ཆེན་ཞིག་ཡིན། སངས་རྒྱས་འཁྲུངས་སྐར་ཉིན་མོ་རི་སྐོར་དུས་ཆེན་ཡིན། ན་ཞི་རིགས་དང་ལི་སུའུ་རིགས། བོད་མི་རིགས་སོགས་ཀྱི་མང་ཚོགས་ཀྱང་བོད་ཀྱི་དུས་སྟོན་དེ་ལ་རོལ་བ་རེད།

          བོད་བརྒྱུད་ནང་བསྟོན་གཙོ་བྱས་པའི་ཤམ་བྷ་ལྷ་རུ། དོན་དངོས་སུ་སྟོན་པ་ཆོས་ལུགས་དང་དབྱི་སི་ལན་ཆོས་ལུགས་སོགས་ཆོས་ལུགས་རིགས་མང་པོ་མཉམ་གནས་བྱས་ཡོད། ཡུལ་དེར་རིགས་སྣ་མང་བ་དང་སྒམ་ཡང་ཆེ་བ་ཡིས་གནས་དེར་ཕེབས་མཁན་ཚོར་ལྷང་འཇགས་ཀྱི་ཚོར་བ་བསྐྲུན་པ་རེད། བོད་རིགས་དང་རྒྱ་རིགས། ན་ཞི་རིགས། དབྱི་རིགས། པེ་རིགས་སོགས་རིག་གནས་མང་པོ་ཚང་མར་འཚོ་བའི་རྣམ་པ་ཕྱིར་མཚོན་བྱེད་ཐབས་ཡོད། དཔེར་ན། བཟའ་བཏུང་གོམས་གཤིས་དང་འཛུགས་སྐྲུན་རིག་གནས། གྱོན་ཆས་རིག་གནས་བཅས་ཀྱི་ཐད་ལ་རང་རང་སོ་སོར་ཁྱད་ཆོས་ལྡན་ནའང་། མཉམ་གཅིག་ཏུ་འཚོ་བ་རོལ་བཞིན་ཡོད་པ་རེད། དེ་འདྲའི་མི་རིགས་མང་པོ་མཉམ་གཅིག་འཕེལ་རྒྱས་བརྟན་ལྷིང་རྣམ་པ་དང་། སྤྱི་ཚོགས་སྒྲིག་གཞི་ཡག་པོ་ཡིས། བདེ་ཆེན་ས་གནས་ཀྱི་མི་རིགས་རིག་གནས་མང་པོ་ཕན་ཚུན་གཅིག་འདྲེས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།

         ༡༩༩༧ ལོ་ནས་བཟུང་། བདེ་ཆེན་ཁུལ་གྱིས་ཤམ་བྷ་ལྷའི་ཡུལ་སྐོར་ཚོང་རྟགས་བཞེགས་བསྐྲུན་བྱས་པས། མི་རིགས་ཕན་ཚུན་བར་གཉིས་ཁེ་མཉམ་གནས་ཀྱི་དཔེ་སྟོན་ཙམ་དུ་གྱུར་ཡོད་ལ། གྲངས་ཉུང་མི་རིགས་ས་ཁུལ་གྱི་རང་ཉིད་སྒེར་གྱིས་བགྲོད་ལམ་གསར་གཏོད་བྱས་པའི་དཔེ་མཚོན་དུའང་གྱུར་ཡོད། ད་ལྟའི་བར་དུ། འཛམ་གླིང་གི་ས་གནས་སོ་སོའི་ཡུལ་སྐོར་མགྲོན་པོ་ཤམ་བྷ་ལྷ་དང་རྡོ་མཁར་གནའ་རྫོང་སོགས་སུ་ཡོང་མཁན་ཚང་མས། ཡུལ་དེ་ནི་ལྷང་འཇགས་ཅན་ཞིག་ཡིན་པ་ཚོར་མྱོང་མི་ཐོབ་མཁན་མེད། དེ་འདྲའི་མི་རིགས་ཕན་ཚུན་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་པོ་དེ་ནི། ཤམ་བྷ་ལྷའི་ཡུལ་སྐོར་ལས་རིགས་ཀྱི་མི་མངོན་པའི་སྒུལ་ཤུགས་ལྟ་བུར་གྱུར་ཡོད་པས། དེང་རབས་ཀྱི་མི་མང་པོ་ཡིད་འགུག་བྱེད་བཞིན་ཡོད་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060