སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་སྙེ་མོ་རྫོང་གི་འགྲིམ་འགྲུལ་བྱུར་ཆེན་ལས་ཚེ་འདས༩ཡི་ཐོབ་ཐང་ངོས་ཟིན།
སྤེལ་དུས། 2014-08-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཟླ་བས་བསྒྱུར།

ཟླ༨པའི་ཚེས༩ཉིན། རྨས་མ་དག་བོད་རང་སྐྱོང་ལྗོངས་སྙེ་མོ་རྫོང་གི་འགྲིམ་འགྲུལ་བྱུར་རྐྱེན་བྱུང་ས་ནས་གནས་སྤོས་ཏེ་སྨན་བཅོས་བྱེད་བཞིན་པ།

ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  རྒྱལ་ཡོངས་ཀྱི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་གསར་ཤོས་ཁག་བསྡུ་རུབ་བྱས་པ་ལྟར་ན། ཟླ༨པའི་ཚེས༩ཉིན་བོད་རང་སྐྱོང་ལྗོངས་སྙེ་མོ་རྫོང་གི༣༡༨རྒྱལ་ལམ་དུ་འགྲིམ་འགྲུལ་ཆག་སྒོ་ཚབས་ཆེན་བྱུང་སྟེ་ལྗོངས་རྒྱུ་བ༤༤རྐྱེན་ལམ་དུ་ཤོར་བ་དང་། ད་སྔ་དེའི་ནང་གི་མི༩ཡི་ཐོབ་ཐང་རྩད་ཆོད་འདུག

 

ཧོ་ཧྥེ། ཡུལ་སྐོར་ཁང་ཞིག་གི་འགྲུལ་པ༧རྐྱེན་ལམ་དུ་ཕྱིན་པ་ར་སྤྲོད་བྱུང་།

ཀྲུང་གོའི་གསར་འགྱུར་ཁང་གི་གསར་འགོད་པས་ཚེས༡༠ཉིན་ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་གྱི་ཡུལ་སྐོར་སྡེ་ཁག་ནས་ཤེས་གསལ་ལྟར་ན།  དོན་རྐྱེན་བྱུང་བའི་ཡུལ་སྐོར་མོ་ཊའི་སྒང་དུ་ཧོ་ཧྥེ་ཡི་འགྲུལ་བ༡༠ཡོད་ཅིང་། ད་སྔ་ཡུལ་སྐོར་ཁང་ཞིག་གི་འགྲུལ་བ༧རྐྱེན་ལམ་དུ་ཤོར་བ་ཁོ་ཐག་བཅད་པ་དང་། ཡང་ཡུལ་སྐོར་ཁང་གཞན་ཞིག་གི་འགྲུལ་བ༢ལ་རྨས་ཕོག་ཅིང༡ གི་གནས་ཚུལ་ད་དུང་གསལ་པོ་མི་འདུག  ད་ཆ། རྐྱེན་ལམ་དུ་ཕྱིན་པའི་འགྲུལ་བ་དག་གི་ཁྱིམ་མི་དག་ཡུལ་སྐོར་ཁང་གི་ལས་ཀ་བ་དང་མཉམ་དུ་གནམ་གྲུར་བསྡད་ནས་ཁྲིན་ཏུའུ་རུ་བསྐྱོད་དེ། དེ་ནས་གནམ་གྲུ་བརྗེས་ནས་བོད་ལྗོངས་སུ་འཕུར་རྒྱུ་རེད།

 

ཝུན་ཀྲོའུ།  ཕ་བུ་གཉིས་རྐྱེན་ལམ་དུ་ཤོར་བ་ར་སྤྲོད་བྱུང་།

ཀྲེ་ཅིང་གི་གསར་ལམཝུན་ཀྲོའུ་ཚོང་དོན་ཚགས་པརདུ་བཀོད་པ་ལྟར་ན། རྐྱེན་ལམ་དུ་ཤོར་བའི་མིང་ཐོའི་ནང་གི༢ནི་ཝུན་ཀྲོའུ་གྲོང་ཁྱེར་གྱི་ཡིན་པ་དང་། ཕ་བུ་གཉིས་ཡིན་འདུག  ཕའི་མིང་ལ་ཝང་པང་དབྱིན་ཏེ་ལོ༣༩།  ལུ་ཁྲིན་ས་ཕྱོགས་ཀྱི་སློབ་གསོ་ཅུའུ་ཡི་ཞིབ་འཇུག་ལྟེ་གནས་སུ་ལས་ཀ་བྱེད་བཞིན་ཡོད། བདུན་ཕྲག་གོང་མར་ཝང་པང་དབྱིན་གྱིས་ལས་ཁུངས་ལ་དགོངས་པ་ཞུས་ཏེ་བོད་ལྗོངས་སུ་ཡུལ་སྐོར་དུ་བསྐྱོད་པ་དང་།  ཁོའི་འགྲོ་རོགས་ལ་ད་དུང་མི་རིང་བར་དམའ་གསུམ་དུ་ཞུགས་དགོས་པའི་བུ་ཞོ་ཝང་ཡང་མཆིས།  ཝང་པང་དབྱིན་གྱིས་གྲོང་ཁྱེར་ཁོང་གཏོགས་ཀྱི་དབྱི་ཕིན་ཡུལ་སྐོར་ཁང་ནས་བོད་ལྗོངས་སུ་ལྗོངས་རྒྱུར་འགྲོ་བར་མིང་ཐོ་བཀོད་ཅིང་། འཆར་གཞིའི་དུས་ཡུན་ཟླ༨པའི་ཚེས༣ ཉིན་གྱི་དགོང་དྲོར་ཧྲང་ཧའེ་ནས་མེ་འཁོར་ལ་བསྡད་དེ་ཉིན༢རིང་ལྷ་སར་སླེབས་པ་བྱེད་རྒྱུ་དེ་རེད། དབྱི་ཕིན་ཡུལ་སྐོར་ཁང་གི་ཁྲོམ་ར་ཚན་པའི་ཞབས་ཞུས་ངག་བརྗོད་ལྟར་ན། ལྗོངས་རྒྱུའི་ཉིན༦པར་གནས་ཚུལ་བྱུང་བ་རེད། ཉིན་དེའི་ཞོགས་ཟས་གསོལ་རྗེས་སྔོན་ལ་ཕོ་བྲང་པོ་ཏ་ལར་འགྲོ་རྒྱུ་དང་། ཕྱི་དྲོར་ར་མོ་ཆེར་འགྲོ་རྒྱུ་བྱས་ཡོད། ཉིན་དེའི་འཆར་གཞི་ལྟར་ན་མོ་ཊ་ཆུ་ཚོད༢ལས་སྤྱོད་ཀྱི་མེད ཚེས༩ཉིན་གྱི་ས་སྲོད་དུ།  དབྱི་ཕིན་ཡུལ་སྐོར་ཁང་གིས་རྐྱེན་ངན་བྱུང་ལུགས་སྐོར་ཝང་པང་དབྱིན་གྱི་ཆུང་མར་བརྡ་བཏང་། ཚེས༡༠ཉིན་འབྲེལ་ཡོད་མི་སྣ་ཧང་ཀྲོའུ་གྲོང་ཁྱེར་དུ་སླེབས་ཤིང་ཚེས༡༡ཉིན་གྱི་གནམ་གྲུར་བསྡད་ནས་ལྷ་སར་བསྐྱོད་རྒྱུ་བྱས། དབྱི་ཕིན་ཡུལ་སྐོར་ཁང་གི་འགན་ཁུར་བས་འདས་པོའི་ཆུང་མར་འགྲོ་རོགས་བྱས་ཏེ་ཚེས༡༠ནུབ་ཀྱི་གནམ་གྲུར་བསྡད་ནས་ལྷ་སར་འཕུར།

 ཧྲང་ཧའེ། ཕ་བུ་གཉིས་རྐྱེན་ལམ་དུ་ཤོར་ཚོད་འདུག

ཞོགས་པའི་གསར་འགྱུར་ཚགས་པརདུ་བཀོད་པ་ལྟར་ན། རྐྱེན་ངན་བྱུང་སའི་མོ་ཊ་རུ་ཡུལ་ཧྲང་ཧའེ་ནས་ཡིན་པའི་ཕ་བུ་གཉིས་ཡོད་པ་དང་།  ཧྲང་ཧའེ་གྲོང་ཁྱེར་ཞུས་ཧེའུ་ས་ཁུལ་སྐོར་བསྐྱོད(ཧྲང་ཧའེ)རྒྱལ་སྤྱིའི་ཡུལ་སྐོར་ཁང་ཚད་ཡོད་ཀུང་སི་ནས་མིང་ཐོ་བཀོད་དེ་བོད་ལྗོངས་འཕུར་བསྐྱོད་ཡུལ་སྐོར་ཁང་ནས་སྣེ་ལེན་གནང་བ་ཡིན་འདུག  བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུའུ་ཡིསཡུལ་སྐོར་མོ་ཊ་རུ་ཁྱོན་མི༥༠ཡོད། དེའི་ནང༤༢རྐྱེན་ལམ་དུ་ཤོར། ༨ལ་རྨས་ཕོག  མྱུར་སྐྱོབ་བྱེད་བཞིན་པ༨ཡོད་པ་ལས་ཧྲང་ཧའེ་ཡི་འགྲུལ་བ༢མི་འདུག་པས།  ཐོག་མའི་ཚོད་དཔག་ལྟར་ན་ཧྲང་ཧའེ་ཡི་འགྲུལ་བ་འདི༢རྐྱེན་ལམ་དུ་ཕྱིན་ཚོད་འདུག ད་ཆ་སྐོར་བསྐྱོད(ཧྲང་ཧའེ)རྒྱལ་སྤྱིའི་ཡུལ་སྐོར་ཁང་ཚད་ཡོད་ཀུང་སིའི་འགན་ཁུར་པ༡་དང་ལས་བྱེད་མི་སྣ༢ཀྱིས་ཧྲང་ཧའེའི་ཡུལ་སྐོར་བའི་ནང་མི༤ལ་འགྲོ་རོགས་བྱས་ཏེ།  ཚེས༡༠ཉིན་ཉིན་གུང་གི་གནམ་གྲུར་བསྡད་ནས་ཁྲིན་ཏུའུ་ལ་བསྐྱོད་པ་དང་། ཕལ་ཆེར་ཚེས༡༡ཉིན་གྱི་དགོང་མོའི་ཆུ་ཚོད༩པར་ལྷ་སར་འབྱོར་རྒྱུ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060