སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལྷ་གཞིས་ལྕགས་ལམ་གྱིས་འཛམ་གླིང་ཡང་རྩེའི་འཕེལ་རྒྱས་ལ་གཤོག་ཟུང་གསར་པ་བསྩལ།
སྤེལ་དུས། 2014-08-17   ཡོང་ཁུངས། ཤིན་ཧྭ་དྲ་བ།   རྩོམ་སྒྲིག་པ།  བཀྲ་རྒྱལ་གྱིས་བསྒྱུར།

ལྷ་ས་དང་བོད་ལྗོངས་ཀྱི་གྲོང་ཁྱེར་ཆེ་གྲས་གཉིས་པ་གཞིས་ཀ་རྩེ་སྦྲེལ་པའི་ལྷ་གཞིས་ལྕགས་ལམ་དེ་ཟླ༨པའི་ཚེས༡༥ཉིན་ཤར་གཏོང་བྱེད་འགོ་ཚུགས།  དེ་ནི་འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི་མཚོ་བོད་ལྕགས་ལམ་གྱི་རྒྱུན་བསྲིངས་ལྕགས་ལམ་ཐོག་མ་ཡིན་ཞིང་། ཇོ་མོ་གླང་མའི་ཕྱོགས་སུ་སྤྱི་ལེ་༢༥༡རྒྱུན་བསྲིངས་ཡོད་པ་རེད།

༢༠༡༠ལོར་འཛུགས་བསྐྲུན་འགོ་ཚུགས་པའི་ལྷ་གཞིས་ལྕགས་ལམ་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར༡༣༢༨བཏང་ཤིང་།  མེ་འཁོར་དེ་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ༡༢༠ལས་མི་དམའ་བར་ཇུས་འགོད་བྱས་ནས་སྔར་ལྷ་ས་ནས་གཞིས་རྩེའི་བར་ཆུ་ཚོད་༤ལ་བསྐྱོད་དགོས་པ་ད་ཆ་ཆུ་ཚོད་གཉིས་ཀྱིས་སླེབས་ཐུབ་པ་བྱས་ཡོད།    དེས་བོད་ལྗོངས་ཀྱི་ལྷོ་ནུབ་ས་ཁུལ་དུ་ཡུན་རིང་པོར་གཞུང་ལམ་རྐྱང་པར་བརྟེན་དགོས་པའི་ལོ་རྒྱུས་གནས་བབ་བཅོས་སྒྱུར་བྱུང་པ་མ་ཟད།  བོད་ཀྱི་འབྲུ་མཛོདདུ་གྲགས་པའི་གཞིས་ཀ་རྩེ་ལོ་རྒྱུས་ཀྱི་གོ་སྐབས་གསར་པ་ཞིག་བསུས་པ་རེད།

མིག་སྔར།  བོད་ལྗོངས་ཀྱི་ལྕགས་ལམ་ཤར་གཏོང་རིང་ཚད་སྤྱི་ལེ༨༠༢ལ་སླེབས་ཡོད་ཅིང་།   དེའི་ནང་བོད་ལྗོངས་ཁོངས་ཀྱི་མཚོ་བོད་ལྕགས་ལམ་སྤྱི་ལེ༥༥༡ཡོད

བོད་ལྗོངས་ཀྱི་མི་རེའི་ལྕགས་ལམ་ཟིན་ཚད་ལི་རྨིད༢༥ཡིན་པ་དང་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་ཞིང་  རིང་ཚད་ཐུར་མ་གཅིག་གིས་བརྒལ་ཡོདཅེས་ལྷ་གཞིས་ལྕགས་ལམ་འཛུགས་བསྐྲུན་བཀོད་འདོམས་པུའུ་ཡི་སྤྱིའི་བཟོ་བཀོད་པ་གཞོན་པ་ཀྲང་ལེ་ཀྲུང་གིས་དེ་ནི་ཀྲུང་གོའི་མི་རེའི་ལྕགས་ལམ་ཟིན་ཚད་ཀྱི་ལྡབ་༤རེད་ཟེར།

  གཞིས་ཀ་རྩེ་གྲོང་ཁྱེར་གྱི་བཀྲ་ཤིས་ལྷུན་དགོན་ནི་པཎ་ཆེན་རིན་པོ་ཆེའི་བཞུགས་གནས་ཡིན  ལྷ་སར་ཡོང་ནས་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་ལ་མཆོད་མཇལ་གནང་པ་དང་།  གཞིས་ཀ་རྩེར་བསྐྱོད་དེ་བཀྲ་ཤིས་ལྷུན་དགོན་ལ་མཆོད་མཇལ་གནང་པ་ནི་བོད་བརྒྱུད་ནང་བསྟན་གྱི་དད་ལྡན་མང་ཚོས་ཀྱི་ཕུགས་འདུན་རེད།  ལྷ་གཞིས་ལྕགས་ལམ་ཤར་གཏོང་གནང་པ་དེས། དད་ལྡན་མང་ཚོགས་རྣམས་དེང་རབས་ཅན་གྱི་མེ་འཁོར་་བསྡད་དེ་ཕུགས་འདུན་མངོན་འགྱུར་བྱེད་ཐུབ།  བཀྲ་ཤིས་ལྷུན་དགོན་གྱིས་ལོ་རེར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་ཁྲི༢༠བརྒལ་པ་སྣེ་ལེན་བྱེད་ཀྱི་འདུག

ལྕགས་ལམ་ཤར་གཏོང་བྱུང་རྗེས།  ང་ཚོའི་ཀུང་སིའི་ཐོན་རྫས་ལྷ་སར་སྐྱེལ་པར་ཤིན་ཏུ་སྟབས་བདེ་བཟོས་འདུག་ལ།  དངོས་སྐྱེལ་གྱི་མ་རྩའང་གཞུང་ལམ་ལས་ཤིན་ཏུ་དམའ་རུ་ཕྱིན་འདུག་པ་མ་ཟད།  འགྲོ་སོང་ཡང་སྔར་ལས་ཇེ་ཉུང་དུ་སོང་ཡོདཅེས་གཞིས་ཀ་རྩེའི་ཟས་རིགས་ཀུང་སི་ཞིག་གི་སྤྱི་གཉེར་པ་བྱམས་པ་བསྟན་དར་གྱིས་ལྷ་གཞིས་ལྕགས་ལམ་ཤར་གཏོང་གནང་པ་ཐོས་འཕྲལ་དགའ་སྤྲོའི་སེམས་པ་འགོག་མེད་དུ་གྱུར།

གཞིས་ཀ་རྩེ་ལྷ་རྩེ་རྫོང་གི་བོད་ཀྱིཞིང་པའི་མགྲོན་ཁངཐོག་མའི་སྦྱིན་བདག་དོན་འགྲུབ་ཀྱིས་མཚོ་བོད་ལྕགས་ལམ་གྱིས་སྐྱེད་པའི་ཚོང་ལས་གོ་སྐབས་ལ་རེ་བ་ཆེན་པོ་བཅངས་ཡོད།  ཉེ་ལམ་ཁོས་ཁྱིམ་ཚང་མགྲོན་ཁང་ལ་བསྐྱར་བཞེངས་ཇུས་འགོད་བྱས་ནས་ཡང་བསྐྱར་མགྲོན་ཤག་འགའ་བཟོ་སྒང་རེད།ལྕགས་ལམ་ཤར་གཏོང་བྱུང་རྗེས།  ཡུལ་སྐོར་པ་ཇེ་མང་དུ་་འགྲོ་སྲིད་ཙང།  སྔར་གྱི་མགྲོན་ཁང་ལ་མགྲོན་ཤག་ཉུང་འདུགཟེར།

  ལྷ་གཞིས་ལྕགས་ལམ་ཤར་གཏོང་བྱུང་པ་དེས་མཚོ་བོད་ལྕགས་ལམ་ནི་ཀྲུང་གོ་དང་བལ་བོ། རྒྱ་གར་གྱི་མཐའ་མཚམས་འགག་སྒོར་ཐག་ཇེ་ཉེར་ཕྱིན་ནས། བོད་ཀྱི་ཕྱི་ཚོང་འཕེལ་རྒྱས་ལ་སྐུལ་འདེད་དང་།  ཀྲུང་གོ་དང་ཡ་གླིང་ལྷོ་མའི་ཉོ་ཚོང་ལགསེར་གྱི་བགྲོད་ལམའཛུགས་པར་རེ་བ་ལྡན་འདུག

ལྷ་ས་སྒོ་ཁྲལ་ལས་ཁུངས་གི་འགན་ཁུར་པ་ལྦང་ལྦུན་ཤིསལྷ་གཞིས་ལྕགས་ལམ་ཤར་གཏོང་འཁོར་སྐྱོད་གནང་པ་དེས་བོད་ལྗོངས་ཀྱིས་སྔར་བས་ཐུན་མིན་གྱི་ས་ཁོངས་དགེ་མཚན་དང་ས་བབ་དགེ་མཚན་འདོན་ཐུབ་ལ།   སྔར་བས་ཡ་གླིང་ལྷོ་མའི་ཉོ་ཚོང་ལམ་ཆེན་འཛུགས་བསྐྲུན་བྱེད་ཐུབ།  མཚོ་བོད་ལྕགས་ལམ་གྱི་རྒྱུན་བསྲིངས་ལམ་ཐིག་གི་སྐུལ་འདེད་འོག   བོད་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་སྔར་བས་ཀྱང་འཕེལ་རྒྱས་ལེགས་པའི་དུས་སྐབས་སུ་སླེབས་ཐུབཟེར།

བོད་རང་སྐྱོང་ལྗོངས་སུ་སྐམ་ལམ་གྱི་མཐའ་མཚམས་རིང་ཚད་སྤྱི་ལེ༤༠༠༠ལྷག་ཡོད་ཅིང་།  རྒྱ་གར་དང་བལ་བོར་འདྲེས་ཡོད།  མིག་སྔར།  སྒོ་ཕྱེ་བའི་མཐའ་མཚམས་འགག་སྒོར་འགྲམ་གྱི་འགག་སྒོ།  སྤུ་ཧྲེང་འགག་སྒོ་བཅས་ཡོད།  ཚོད་དཔག་ལྟར་ན་ཀྲུང་གོ་དང་བལ་བོའི་མཐའ་མཚམས་ཀྱི་སྐྱིད་རོང་འགག་སྒོ་ཟླ་བཅུ་བའི་ནང་དངོས་སུ་སྒོ་འབྱེད་རྒྱུ་རེད།

  སྐྱིད་རོང་སྒོ་ཁྲལ་ལས་ཁུངས་ཀྱི་འགན་ཁུར་པ་ལྦང་ལུང་གིསལྷ་གཞིས་ལྕགས་ལམ་ཤར་གཏོང་བྱུང་པ་དང་བསྟུན།  སྐྱིད་རོང་འགག་སྒོ་ནི་ཀྲུང་གོའི་ནང་ས་དང་ཡ་གླིང་ལྷོ་མའི་ཚོང་རའི་སྦྲེལ་ཐག་གཙོ་བོ་ཞིག་ཏུ་འགྱུར་རྒྱུ་རེད།   ལྕགས་ལམ་གྱི་སྐུལ་འདེད་འོག    སྐྱིད་རོང་འགག་སྒོའི་མཐའ་མཚམས་ཉོ་ཚོང་སྔར་བས་སྟོབས་འབྱོར་འཕེལ་རྒྱས་འབྱུང་པ་དང་།  སྙན་གྲགས་དང་ཤུགས་རྐྱེན་ཡང་སྔར་བས་ཇེ་མཐོར་འགྲོ་ངེས་རེདཟེར།

ཉེ་བའི་ལོ་འདི་འགའི་རིང་།  བོད་ལྗོངས་ཀྱི་མཐའ་མཚམས་འགག་སྒོའི་རྨང་གཞིའི་འཛུགས་བསྐྲུན་ལ་སྔར་བས་ཤུགས་སྣོན་དང་།  ཧུར་ཐག་སྒོས་ཡ་གླིང་ལྷོ་མའི་སྐམ་ལམ་ཉོ་ཚོང་ལམ་ཆེན་འཛུགས་བསྐྲུན་ལ་སྐུལ་འདེད་བྱས་ནས།  ཉོ་ཚོང་ལ་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་ཐོབ་ཡོད་དེ་།  ༢༠༡༡ལོ་ནས་༢༠༡༣ལོའི་བར།  སྔ་གཞུག་ཏུ་ཕྱི་ཕྱོགས་ཉོ་ཚོང་གི་སྤྱི་འབོར་སྔ་གཞུག་ཏུ་མ་དངུལ་ཨ་སྒོར་དུང་ཕྱུར་༡༠དང་།  ཨ་སྒོར་དུང་ཕྱུར༢༠།  ཨ་སྒོར་དུང་ཕྱུར༣༠བརྒལ་པ་རེད།

ལྕགས་ལམ་གྱིས་བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་དྲག་པོ་བསྩལ་ཡོད།  གྲངས་ཀར་གཞིགས་ན།  མཚོ་བོད་ལྕགས་ལམ་ཤར་གཏོང་རྗེས་ཀྱི༢༠༠༦ལོ་ནས༢༠༡༣ལོའི་བར། བོད་ལྗོངས་ཀྱིGDP་སྒོར་དུང་ཕྱུར་༣༤༢ནས་སྒོར་དུང་ཕྱུར༨༠༧ལ་འཕར་ཡོད་ལ་ལོ་རེའི་འཕར་ཚད་བརྒྱ་ཆའི༡༠བརྒལ་ཡོད།  བོད་བསྐྱོད་ཡུལ་སྐོར་པའི་མི་གྲངས་ནི་༢༠༠༥ལོའི་མི་གྲངས་ཁྲི༡༨༠ནས་༢༠༡༣ལོའི་མི་གྲངས་ཁྲི༡༢༩༠ལ་སླེབས་ཡོད།  ཡུལ་སྐོར་གྱི་ཡོང་འབབ་ནི་༢༠༠༥ལོའི་སྒོར་དུང་ཕྱུར༡༩༤ནས་༢༠༡༣ལོའི་དུང་ཕྱུར༡༦༥ལ་འཕར་ཡོད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060