སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་ཞིང་འབྲོག་པ་ཁྲི༥.༣གྱིས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་བྱུང་བ།
སྤེལ་དུས། 2014-08-19   ཡོང་ཁུངས། ཤིན་ཧྭ་དྲ་བ།   རྩོམ་སྒྲིག་པ།  ནོར་བུ།

    ལོ་དེ་དག་ནང་མེ་ཏོག་ཏུ་ཡུལ་སྐོར་ཡོང་མཁན་ཇེ་མང་དུ་འགྲོ་བ་དང་བསྟུན་ནས་ཞིང་ལས་དངུལ་ཁང་གི་རྒྱབ་སྐྱོར་འོག་ངས་སྒོར་ཁྲི་ཁ་ཤས་གཡར་ནས་ཁྱིམ་གྱི་ཁང་པ་མཛེས་བཟོ་བསྐྱར་མ་བྱས་ཏེ་ཁྱིམ་ཚང་མགྲོན་ཁང་གཉེར་བ་ཡིན་པས་ན་ནིང་ལོ་གཅིག་ཁོ་ནར་ཡོང་འབབ་སྒོར་ཁྲི༡ལྷག་ཙམ་བྱུང་བ་དེ་ཞིང་ཁ་བཏབ་པ་ལས་ལེགས་པ་འདུག བོད་ལྗོངས་ཉིང་ཁྲི་ས་ཁུལ་མེ་ཏོག་རྫོང་འབྲས་སྤུངས་ཤང་གི་ཞིང་པ་པད་མ་ཆོས་སྒྲོན་གྱིས་ན་ནིང་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད།
     ཁོང་ཚོས་ཡིད་དུ་འོང་བའི་ཕ་ཡུལ་གྱི་མཛེས་ལྗོངས་དང་ཐུན་མིན་གྱི་མོན་པ་རིགས་དང་ལྷོ་པ་རིགས་ཀྱི་རིག་གནས་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་ཡིད་ཀྱི་བརྟན་པ་འཕྲོག་གི་ཡོད།
    ཕ་མེས་ནས་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་བྱེད་མཁན་བོད་ཀྱི་ཞིང་འབྲོག་པར་ད་ཆ་ཡུལ་སྐོར་ལས་རིགས་གོང་འཕེལ་མྱུར་པོ་བྱུང་བ་དང་སྦྲགས་ཐོན་ལས་གསུམ་པའི་ཁྲོད་ནས་ཀྱང་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད།   བོད་ཀྱིས་འབྱུང་འགྱུར་ལོ་འགའི་ནང་ཞིང་འབྲོག་པ་ཡུལ་སྐོར་ལས་རིགས་ནང་ཞུགས་རྒྱུར་ལྕག་སྐུལ་གཏོང་བ་དང་རོགས་རམ་བྱས་ཏེ་ཡུལ་སྐོར་ལ་བརྟེན་ནས་ཞིང་འབྲོག་པ་དར་རྒྱས་གོང་འཕེལ་དང་ཞིང་འབྲོག་པའི་ཡོང་འབབ་འཕར་བ་བྱ་རྒྱུ་རེད།    
      
བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ཀྱི་བསྡོམས་རྩིས་ལ་གཞིགས་ན། ༢༠༡༣ལོར་བོད་ཀྱི་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ལྗོངས་ཡོངས་སུ་དུད་ཚང་ཁྲི༡.༣དང་ཞིང་འབྲོག་པ་ཁྲི༥.༣གྱིས་ཡུལ་སྐོར་སྣེ་ལེན་གྱི་ཞབས་ཞུའི་ལས་དོན་ནང་ཞུགས་ཏེ་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི༢.༣དང་མི་རེར་ཆ་སྙོམས་འབབ་འཕར་སྒོར༦༠༠༠བྱུང་བ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060