སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཁྲོན་བོད་དང་མཚོ་བོད་གཞུང་ལམ་གཉིས་པོ་བོད་ལྗོངས་ཀྱི་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལམ་བུར་གྱུར་བ།
སྤེལ་དུས། 2014-09-02   ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།   རྩོམ་སྒྲིག་པ།  ནོར་བུ།

           ལོ༦༠ལྷག་ཙམ་གྱི་གོང༌མི་གྲངས་ཁྲི་ཚོ༡༡གི་ལམ་བཟོའི་དཔུང་ཆེན་གྱིས་ཆ་སྙོམས་ས་བབ་མཐོ་ཚད་སྤྱི་ཁྲེ༤༠༠༠ ཡན་གྱི་ས་མཐོར་གཞུང་ལམ་འཛུགས་སྐྲུན་གྱི་ལས་དོན་ཁྲོད་ཞུགས་ཡོད་པ་དང་། ལས་བཟོ་བ་མི་གྲངས ༣༠༠༠ ལྷག་གིས་རང་སྲོག་བློས་གཏོང་ཕོད་པའི་སྙིང་སྟོབས་ལས། སྤྱི་ལོ ༡༩༥༤ ལོའི་ཟླ ༡༢ པའི་ཚེས ༢༥ ཉིན་སྤྱིའི་ལམ་ཚད་སྤྱི་ལེ ༤༣༦༠ ཟིན་པའི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་པ་བྱུང་ཡོད།    ལོ ༦༠ ནང་མཚོ་བོད་དང་ཁྲོན་བོད་གཞུང་ལམ་གཉིས་ཀྱིས་རང་ལྗོངས་མཆོངས་སྐྱོད་ལྟ་བུའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཆེན་པོ་ཐེབས་ཡོད་པ་དང་། གཞུང་ལམ་དེ་གཉིས་བོད་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་ལམ་བུ་དང་ཤེས་དཔལ་ཡར་ཐོན་གྱི་ལམ་བུ། ཐུན་མོང་འབྱོར་ཕྱུག་གི་ལམ་བུ་བཅས་སུ་འགྱུར་ཡོད་པ་རེད།
       
པེ་ཅིང་བཟོ་ལས་སློབ་ཆེན་དཔལ་འབྱོར་དང་དོ་དམ་སློབ་གླིང་གི་དགེ་རྒན་ཆེ་མོ་ཙུང་ཀང་གིས་དུས་ཡུན་རིང་པོའི་ནང་རྒྱལ་ཁབ་ནས་བོད་ལྗོངས་ལ་གཏོང་སྤྲོད་བྱས་པའི་བརྒྱ་ཆ ༩༥ ཡན་གྱི་དངོས་ཟོག་ཚང་མ་ཁྲོན་བོད་དང་མཚོ་བོད་གཞུང་ལམ་བརྒྱུད་ནས་དབོར་འདྲེན་བྱས་པ་དང༌། ལྕགས་ལམ་དང་མཁའ་ལམ་ཤར་གཏོང་ཐུབ་རྗེས་ཀྱང་མཚོ་བོད་དང་ཁྲོན་བོད་གཞུང་ལམ་གྱིས་སྔར་བཞིན་སྐྱེལ་འདྲེན་དང་དབོར་འདྲེན་གྱི་གཙོ་ཁྲིད་གནས་བབ་བཟུང་སྟེ་འགྲུལ་སྐྱེལ་བྱེད་ཚད་བརྒྱ་ཆ ༩༢ ཡན་དང་ཟོག་འདྲེན་བྱེད་ཚད་བརྒྱ་ཆ ༩༠ ཡན་ཟིན་གྱི་ཡོད་པ་རེད་ཅེས་གསུངས་པ་རེད།   འགྲིམ་འགྲུལ་སྐྱེལ་འདྲེན་པུའི་པུའུ་ཀྲང་ཡང་དྲོན་ཐང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་གོང་འཕེལ་གཏོང་རྒྱུ་དེ་བོད་ལྗོངས་ཀྱིས་རྒྱལ་ཡོངས་དང་དུས་གཅིག་ཏུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྱོང་ཐུབ་པ་བྱེད་པའི་རྨང་གཞི་ངོས་ནས། ཏང་དང་རྒྱལ་ཁབ་ཀྱིས་སྔ་ཕྱི་བར་གསུམ་དུ་མཐོང་ཆེན་པོ་གནང་གི་ཡོད་པ་དང་ལྷག་པར་དུ་ཉེ་བའི་ལོ ༢༠ ཙམ་ནང་རྒྱལ་ཁབ་ནས་ཤེས་ལྡན་པ་དང་ལག་རྩལ། རྣམ་གྲངས་མ་དངུལ་སོགས་ཕྱོགས་མང་པོའི་ཐད་ནས་བོད་ལ་གཙོ་གནད་ཐོག་ནས་འཕར་གཟིགས་གནང་ཡོད་པ་དང༌། སྤྱི་ལོ ༡༩༩༤ ལོ་ནས ༢༠༡༣ ལོ་བར་འགྲིམ་འགྲུལ་བོད་སྐྱོར་བརྒྱུད་བོད་ཀྱི་གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར ༧༦༧ བཏང་ཡོད་པ་རེད་ཅེས་གསུངས་པ་རེད།
གཞུང་ལམ་གྱིས་རང་ལྗོངས་མང་ཚོགས་རྣམས་ཕྱུག་པོ་ཆག་པའི་ཐད་ནུས་པ་གལ་ཆེན་ཐོན་ཡོད་པ་རེད། ཉིང་ཁྲི་ས་ཁུལ་བྲག་ཡིབ་གྲོང་རྡལ་གོང་གྲོང་གྲོང་ཚོའི་གྲོང་མི་ཉི་མས་སྔོན་མ་ཤང་ནས་རྫོང་དུ་བསྐྱོད་སའི་ལམ་ཐེབས་བཅག་ཞིག་ལས་མེད་པ་དང༌། ད་ལྟ་གཞུང་ལམ་ཤར་གཏོང་ཐུབ་པས་མང་ཚོགས་ཕྱི་རུ་སྐྱོད་རྒྱུར་སྟབས་བདེ་ཆེན་པོ་བྱུང་བ་མ་ཟད་མི་མང་པོ་ཞིག་འབྱོར་འབྲིང་གི་འཚོ་བ་སྐྱེལ་ཐུབ་པ་བྱུང་ཡོད་ཅེས་བཤད་པ་རེད།

       
ལོ ༦༠ ནང་རྒྱལ་ཁབ་ནས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར ༩༧ བཏང་ནས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ལ་གཞི་ཁྱོན་ཆེ་བའི་བསྒྱུར་བཟོ་ལེགས་བཅོས་བྱས་པ་དང༌། གཞུང་ལམ་འཛུགས་སྐྲུན་པ་དང་ཚན་རིག་ཞིབ་འཇུག་པ་ཚོས་འཁྱགས་སའི་ཁུལ་གྱི་གཞུང་ལམ་དང་ཟམ་པ་འཛུགས་སྐྲུན་དང་བདག་སྐྱོང་སོགས་ཀྱི་ལག་རྩལ་དཀའ་གནད་མང་པོ་ཁྱད་བསད་བྱས་ཡོད་པ་རེད། ལྷག་པར་དུ་ཉེ་བའི་ལོ་ཉི་ཤུ་ཙམ་ནང་རང་ལྗོངས་ཀྱི་གཞུང་ལམ་གསར་སྐྲུན་དང་བསྒྱུར་སྐྲུན་གྱི་མྱུར་ཚད་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པ་དང་། བདག་སྐྱོང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་རང་བྱུང་གནོད་འཚེ་ཚབས་ཆེན་གྱི་གནས་ཚུལ་མ་ཐོན་ཚེ་སྤྱིར་ན་ལོ་འཁོར་མོར་རླངས་འཁོར་ཤར་གཏོང་ཐུབ་པ་དང༌། གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ཆ་རྐྱེན་ལེགས་བཅོས་མངོན་གསལ་དོད་པོ་བྱུང་ཡོད་པ་རེད།

 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060