སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ།
སྤེལ་དུས། 2014-09-10   ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ནོར་བུ།

 སྤྱི་ཚེས༨ཉིན་གྱི་སྔ་དྲོ་སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གི་ཚོགས་འདུ་ལྷ་སར་འཚོགས་པ་དང་།  ཚོགས་འདུའི་ཐོག་ལས་ཀའི་འཕེལ་རིམ་སྐོར་གྱི་གནས་ཚུལ་སྙན་གསེང་ཞུས་པ་གསན་པ་དང་།   བྱེད་སྒོ་གཙོ་བོ་སྤེལ་རྒྱུའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་གནང་བ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།
           ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་བ་དང་།  ཁོང་གིས་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་འགོ་ཚུགས་པར་ད་དུང་དུས་ཚོད་ཟླ་ཕྱེད་ལྷག་ཙམ་ལས་མེད་པས་མཐའ་མཇུག་གི་ཤུགས་རྒྱག་པའི་དུས་མཚམས་སུ་སླེབས་ཡོད།  དུས་ཚོད་ཛ་དྲག་ལ་ལས་འགན་ལྗིད་པོ་ཡོད་པས་ཚོགས་ཆུང་ཁག་དང་འབྲེལ་ཡོད་ཚན་པ་ཁག་ནས།   ཁ་ཚ་དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲིའི་བསམ་པ་ཆེ་རུ་ཏན་ཏིག་བཏང་སྟེ་མགྱོགས་མྱུར་གྲ་སྒྲིག་ཨང་གསར་གྱིས་ལས་ཀའི་ཟུར་བཙུགས་རྩིས་ཁྲ་བཟོ་བ་དང༌།  དུས་ཚོད་དམ་འཛིན་བྱས་ནས་དོན་དག་རེ་རེ་བཞིན་གཏན་འཁེལ་བྱེད་པ་དང༌བྱ་བ་རེ་རེ་བཞིན་སྒྲུབ་པ།  རྣམ་གྲངས་རེ་རེ་བཞིན་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་སྤྱི་ཟླ ཚེས ༢༠ ཉིན་གྱི་གོང་དུ་གྲ་སྒྲིག་ལས་དོན་ཁག་དུས་ཐོག་དང༌ལས་ཕྱོད་ཆེ་བ།  སྤུས་ཀ་ལེགས་པ་བཅས་ཀྱི་སྒོ་ནས་ལེགས་སྒྲུབ་ཡོང་བ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060