སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཚེས༢༥ཉིན་སྤེལ་རྒྱུ།
སྤེལ་དུས། 2014-09-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  བསོད་བསྟན་གྱིས་རྩོམ་བསྒྱུར་བྱས།

   ཚེས་༡༠ཉིན་གྱི་སྔ་དྲོ་རིག་གནས་པུའུ་དང་རྒྱལ་ཁབ་ཡུལ་སྐོར་ཅུས། བོད་རང་སྐྱོང་ལྗོངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྒྲུབ་འགན་འཁུར་ལེན་བྱས་པའི་སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ་དང་། སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་དེ་ཟླ་བ་༩པའི་ཚེས་༢༥ཉིན་ནས་ཚེས་༢༧ཉིན་བར་ལྷ་སར་སྤེལ་རྒྱུ་ཡིན་པ་རེད།
    
སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྤེལ་བ་འདི་ནི་ཀྲུང་དབྱང་གིས་རང་ལྗོངས་ཀྱི་འཐབ་ཇུས་གནས་འབབ་ལག་བསྟར་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཡིན་ལ་རང་ལྗོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་རྣམ་པ་ལེགས་པོ་མངོན་པར་བྱེད་པའི་གལ་ཆེའི་སྐར་ཁུང་ཞིག་དང་། རང་ལྗོངས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་སྐུལ་འདེད་དང་ལྷག་པར་དུ་ཡུལ་སྐོར་དང་རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་ཆེན་པོ་མངོན་པར་བྱེད་པའི་གལ་ཆེའི་སྟེགས་བུ་ཞིག་ཡིན་པ་མ་ཟད་ཁྱོན་ཡོངས་ནས་༦༦༣གྱི་འཆར་འགོད་ཀྱི་བསམ་བློ་ལག་བསྟར་བྱེད་པའི་གལ་ཆེའི་གཞི་རྟེན་ཤིག་ཀྱང་རེད། འགྲེམས་ཚོགས་འདི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ། ཡིད་དབང་འཕྲོག་པའི་བོད་ལྗོངས་ ཞེས་པ་བརྗོད་དོན་དུ་བྱས་ཏེ་བོད་ལྗོངས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རང་བྱུང་མཛེས་ལྗོངས་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཆ་ཚང་བའི་ཐོག་ནས་འགྲེམས་སྟོན་བྱ་རྒྱུ་ཡིན་པ་དང་བོད་ལྗོངས་སུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན། མི་རིགས་མཐུན་སྒྲིལ། ཞི་མཐུན་བརྟན་ལྷིང་། བསྒྱུར་བཅོས་སྒོ་དབྱེ། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་གསར་པ་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད།
      
སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་ནང་དོན་གཙོ་བོར་འགོ་འཛུགས་མཛད་སྒོ་དང་གླེང་སྟེགས་གཙོ་བོ། འགྲེམས་སྟོན་མངོན་པ། དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ།  མཇུལ་འགྲིལ་མཛད་སྒོ་བཅས་ཁག་ལྔ་ཡོད་པ་དང་དེའི་ཁྲོད་གླེང་སྟེགས་གཙོ་བོར་འཛམ་གླིང་གི་གཙོ་གནད་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཙོ་གནད་རིག་གནས་སྲུང་སྐྱོང་ས་གནས་འཛུགས་སྐྲུན་གྲོས་དོན་ཁག་གཉིས་ཡོད་པ་དང་། འགྲེམས་སྟོན་མངོན་པར་བྱེད་ཡུལ་ནི་བོད་ལྗོངས་དངོས་མང་བཤམས་མཛོད་ཁང་དུ་ཡིན་པ་དང་ནང་དོན་ཐད་ཡུལ་སྐོར་རིགས་དང་རིག་གནས་ཀྱི་རིགས་ཁག་གཉིས་སུ་དབྱེ་ཡོད།   དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་ལ་རྒྱལ་ཁབ་ཕྱི་ནང་གི་ཚོང་འགྲུལ་པའི་རྟོགས་ཞིབ་དང་ངོ་འཕྲད་གྲོས་མོལ། ཚོང་འགུགས། གྲོས་མཐུན་བཞག་པ་སོགས་བྱེད་སྒོ་ཚུད་ཡོད། ད་ཐེངས་ཀྱི་འགྲེམས་ཚོགས་དེ་བབ་ཆགས་གཟབ་རྒྱས་དང་དོན་དངོས་ཕན་འབྲས་ཆེ་བ། མཐུན་སྦྱོར་གོ་རིམ་ལྡན་པ། ཁྱད་ཆོས་འབུར་དུ་ཐོན་པ་བཅས་ཀྱི་རྩ་དོན་གཞིར་བཟུང་འགོ་ལེགས་པོ་བརྩམས་པ་དང་གོམ་སྟབས་ལེགས་པོ་སྤོ་རྒྱུ་འགན་ལེན་ཏན་ཏིག་བྱས་ཏེ་རྒྱལ་སྤྱིའི་ཤུགས་རྐྱེན་ཡོད་པ་དང་རྒྱལ་ཡོངས་སུ་ཁྱབ་ཤུགས་ཡོད་པ།  ས་ཁོངས་སུ་སྣེ་ཁྲིད་ཀྱི་ནུས་པ་ལྡན་པ་བཅས་ཀྱི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་ངོ་སྤྲོད་སྤེལ་རེས་ཀྱི་མཐོ་རིམ་སྟེགས་བུ་ཞིག་གཏོད་རྒྱུ་ཡིན་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060