སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཁྲེང་ཀོན་ཆུས་ཡུལ་སྐོར་ཅུས་ཀྱིས་ཡུལ་སྐོར་དྲ་ཚིགས་འཛུགས་རྒྱུ།
སྤེལ་དུས། 2014-09-19   ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ནོར་བུ།

        ཉེ་དུས། གསར་འགོད་པས་ཁྲེང་ཀོན་ཆུས་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར།  མིག་རྒྱང་རིང་དུ་གཏོང་བ་དང་།  ཞབས་ཞུའི་བྱེད་ཐབས་སྒྱུར་བ།  ཡུལ་སྐོར་ཁྲོམ་རའི་ཁྲོད་ཁྲེང་ཀོན་ཆུས་ཡུལ་སྐོར་ཅུས་ཀྱི་སྦྲེལ་མཐུད་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱ་ཆེད།  འདི་ལོ་ཅུས་དེས་པའེ་ཏུའུ་དྲ་བའི་བོད་ལྗོངས་གཉེར་ཚོང་ཞབས་ཞུའི་ལྟེ་གནས་དང་མཉམ་ལས་བྱས་ནས་རང་སྐྱོང་ལྗོངས་ཀྱི་རྫོང་རིམ་པའི་ཡུལ་སྐོར་དྲ་ཚིགས་ཏེ།  ཁྲེང་ཀོན་ཆུས་ཡུལ་སྐོར་ཅུས་ཀྱི་དྲ་ཚིགས་དང་པོ་དེ་བཙུགས་པ་དེ་ཐོག་ནས་ཁྲེང་ཀོན་ཆུས་ཀྱི་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་དང་ཡུལ་སྐོར་གྱི་དམིགས་སའི་གཟུགས་བརྙན་ལེགས་སུ་འགྲོ་རྒྱུ་ཡིན་པ་མཚོན་ཡོད།
    
ཁྲེང་ཀོན་ཆུས་ཡུལ་སྐོར་ཅུས་ཀྱི་དྲ་ཚིགས་ནང་ཡུལ་སྐོར་གྱི་འབྲེལ་ཡོད་སྲིད་ཇུས་ཁྲིམས་སྲོལ་དང་།  ཁྲེང་ཀོན་ཆུས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ། དམངས་སྲོལ་རིག་གནས་སོགས་ཚུད་ཡོད་པ་དང་།  ད་ལྟ་ཡུལ་སྐོར་མགྲོན་ཁང་དང་བཟའ་བཏུང་གི་དཔྱད་གཞི་བསྡུ་སྒྲིལ་བྱས་ཟིན་ནས་ཡུལ་ལྗོངས་མཛེས་ལྗོངས་ཁུལ་གྱི་དཔྱད་གཞི་བསྡུ་སྒྲིག་བྱེད་བཞིན་ཡོད་པ་དང་ཆབས་ཅིག་ཅུས་དེས་ད་དུང་ཁྲེང་ཀོན་ཆུས་ཀྱི་ཤང་དང་དོན་གཅོད་ཁང་དང་གྲོང་ཚོགྲོང་ལྷནཨུ་ཡོན་ལྷན་ཁང་གཙོ་བོར་བྱས་ནས་མི ༦༥ ལས་གྲུབ་པའི་ཁྲེང་ཀོན་ཆུས་ཀྱི་ཡུལ་སྐོར་འབྲེལ་གཏུག་པ་བཙུགས་ཏེ།  ཁོངས་གཏོགས་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་ལ་བརྟག་ཞིབ་དང་རྣམ་གྲངས་གསར་སྤེལ་དང་དེར་རོགས་སྐྱོར་བྱེད་རྒྱུ་དང་།  ཁོངས་གཏོགས་ཁུལ་གྱི་ཡུལ་སྐོར་གཉེར་སྐྱོང་ཁེ་ལས་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུའི་འགན་འཁུར་རྒྱུ་དང་འབྲེལ།  ཁོངས་གཏོགས་ཁུལ་གྱི་གཞི་ཁྱོན་ལྡན་པའི་མགྲོན་ཁང་གི་སྐར་མ་རིམ་པའི་དཔྱད་འདེམས་གོང་ཞུ་བྱ་རྒྱུ་དང་སྣེ་ལེན་གྱི་ཐོབ་ཐང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་ལྕག་བྱེད་པའི་འགན་འཁུར་རྒྱུ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060