སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཕོ་བྲང་པོ་ཏ་ལར་ཟླ་བ ༡༡ པ་ནས་སྟོན་དུས་ཀྱི་ཡུལ་སྐོར་འཛིན་བྱང་བཙོང་རྒྱུ་ཡིན་ལ་རིན་གོང་སྒོར་བརྒྱ་ཡིན།
སྤེལ་དུས། 2014-10-10   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་འདུལ།

ཚེས༧ཉིན་གྱི་སྔ་དྲོའི་ཆུ་ཚོད༡༡སྟེང་། གསར་འགོད་པ་ཡུལ་སྐོར་བ་དང་ལྷན་དུ་ཕོ་བྲང་པོ་ཏ་ལའི་འཛིན་བྱང་བཙོང་སར་སླེབས། གནས་དེར་ཡུལ་སྐོར་བ་ལྔས་འཛིན་བྱང་ཉོ་བཞིན་ཡོད་པ་དང་། ཐོབ་ཐང་ལག་འཁྱེར་སྒེའུ་ཁུང་ནང་ལོག་གི་ལས་སྒྲུབ་མི་སྣར་སྤྲད་རྗེས། སྐར་ཆ༣༠མ་འགོར་བར་འཛིན་བྱང་ལྔ་ཡུལ་སྐོར་བའི་ལག་ཏུ་སྤྲད། "གྲོགས་པོས་བཤད་ཚུལ་ལྟར་ན། ཉེ་ཆར་ཕོ་བྲང་པོ་ཏ་ལའི་འཛིན་བྱང་ཧ་ཅང་དཀོན་པོ་འདུག་ཟེར། དེའི་སྟབས་ཀྱིས་ང་ཚོ་གདེང་ཚོད་ཆེན་པོ་མེད་བཞིན་ཏུ་ཡོང་བ་ཡིན། འོན་ཀྱང་མ་བསམ་ས་ནས་འཛིན་བྱང་དཀོན་པའི་གནས་ཚུལ་གང་ཡང་མི་འདུག"ཅེས་ཧྲན་ཞི་ཞི་ཨན་ནས་ཡོང་བའི་ཡུལ་སྐོར་བ་ཏུའུ་ཆང་གིས་གསར་འགོད་པར་དེ་ལྟར་བཤད། ཆུ་ཚོད༡༡དང་སྐར་མ༣༠ སྟེང་དུ། གསར་འགོད་པས་ཀྱང་མགྱོགས་མྱུར་དུ་ཚེས་བརྒྱད་ཉིན་གྱི་ཕྱི་དྲོའི་ཕོ་བྲང་པོ་ཏ་ལའི་འཛིན་བྱང་གཅིག་ཉོ་ཐུབ་བྱུང་། "ཟླ་བ ༧ པ་ནས་ ༩ བའི་བར་ཡིན་ཚེ། སྔ་དྲོའི་ཆུ་ཚོད་བཅུའི་རྗེས་སུ་འཛིན་བྱང་མི་ལྷག་པ་རེད། "ཅེས་ཉེ་འགྲམ་གྱི་ཡུལ་སྐོར་སྣེ་ཁྲིད་པ་ཞིག་གིས་གསར་འགོད་པར་དེ་ལྟར་བཤད། ཕོ་བྲང་པོ་ཏ་ལའི་འཛིན་བྱང་བཙོང་སའི་ལས་སྒྲུབ་མི་སྣས་གསར་འགོད་པར་བཤད་རྒྱུར། ད་ལྟ། ཕོ་བྲང་པོ་ཏ་ལའི་འཛིན་བྱང་དེ་འདྲ་དཀོན་པོ་མིན་པས། ཡུལ་སྐོར་བ་ཚོས་ཉིན་རེའི་ཞོགས་པའི་ཆུ་ཚོད ༩ ནས་ཕྱི་དྲོའི་ཆུ་ཚོད༡༧ བར་དུ་དུས་ནམ་ཡིན་ཡང་འཛིན་བྱང་ཉོ་ཐུབ། གྲལ་སྒྲིག་མི་དགོས་ལ། དྲ་ཐོག་ནས་འཛིན་བྱང་དེ་ལས་ཀྱང་ཉོ་མི་དགོས། ཧ་ཅང་སྟབས་བདེ་ཡོད་ཅེས་བཤད། ངོ་སྤྲོད་བྱས་པ་ལྟར་ན། ཟླ་བ་འདི་ནས་བཟུང་། ཕོ་བྲང་པོ་ཏ་ལའི་འཛིན་བྱང་ཅུང་མོད་པ་རེད། ལོ་རྗེས་མའི་ཟླ་བ་ལྔ་བའི་བར་དུ། ཕོ་བྲང་པོ་ཏ་ལའི་འཛིན་བྱང་ཉོ་སླ་མོ་ཡོད་པ་རེད།

ད་ལོའི་རྒྱལ་སྟོན་དུས་ཆེན་རིང་དུ། ཕོ་བྲང་པོ་ཏ་ལར་ད་ལོའི་ཡུལ་སྐོར་བ་མང་བའི་དུས་རིམ་ཆེས་མཇུག་མ་སླེབས། ཡུལ་སྐོར་བའི་མི་གྲངས་རྒྱུན་ལྡན་དང་བསྡུར་ན་ཇེ་མང་ཆེན་པོ་བྱུང་ཡོད། འོན་ཀྱང་རྒྱལ་སྟོན་དུས་ཆེན་གྱི་རྗེས་སུ། ཚོད་དཔག་ལྟར་ན་ཡུལ་སྐོར་བའི་གྲངས་ཀ་བརྟན་འཇགས་སུ་འགྱུར་རྒྱུ་རེད། འཆར་འགོད་བཀོད་སྒྲིག་བྱས་པར་གཞིགས་ན། ཟླ་བ་རྗེས་མ་ནས་བཟུང་སང་ལོའི་ཟླ་བ ༤ བའི་ཚེས ༣༠ བར་དུ། ཕོ་བྲང་པོ་ཏ་ལར་དགུན་དུས་ཀྱི་འཛིན་བྱང་གི་རིན་གོང་ལག་བསྟར་བྱས་ཏེ། མི་རེར་ཐེངས་གཅིག་ལ་སྒོར༡༠༠ དགོས། དུས་མཉམ་དུ། ཡུལ་སྐོར་མགྲོན་པོ་ཚོས་སྔོན་ལ་འཛིན་བྱང་ཉོ་མི་དགོས། ཐད་གར་དུ་སྒོ་ཆེན་ནང་འཛུལ་ཏེ་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱས་ཆོག་པ་མ་ཟད། གཏན་ཁེལ་ས་ཚིགས་ནས་ཀྱང་འཛིན་བྱང་ཉོས་ཆོག དུས་རིམ་དེའི་རིང་དུ། ཕོ་བྲང་པོ་ཏ་ལའི་སྒོ་ཕྱེ་བའི་དུས་ཚོད་ལ་འགྱུར་ལྡོག་ཅུང་ཙམ་གཏོང་རྒྱུ་ཡིན་ལ། ཡུལ་སྐོར་རྒྱུག་ཆེ་བའི་དུས་རིམ་ལས་དུས་ཡུན་ཅུང་ཇེ་ཐུང་དུ་གཏོང་རྩིས་ཡོད། གཞི་རྩའི་བསྒྱུར་བཅོས་འཆར་གཞི་ཕོ་བྲང་པོ་ཏ་ལའི་དོ་དམ་ཁང་གིས་སྤྱི་བསྒྲགས་བྱ་རྒྱུ་རེད།

གཞན་ད་དུང་ཕོ་བྲང་པོ་ཏ་ལའི་དོ་དམ་ཁང་གིས་དྲན་སྐུལ་བྱ་རྒྱུར། ཁོ་ཚོས་འཛིན་བྱང་ཨང་རྟགས་མི་སྟེར་བས། ཡུལ་སྐོར་བ་ཚོས་ཡིད་གཟབ་བྱེད་དགོས། དུས་མཚུངས་སུ། ཡུལ་སྐོར་བ་ཚོས་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་དུས་ངེས་པར་དུ་འཛིན་བྱང་སྟེང་གི་གཏན་ཁེལ་དུས་ཚོད་ནང་དུ་ལྟ་སྐོར་བྱེད་དགོས། དུས་ཚོད་ལས་བརྒལ་ཚེ་འཛིན་བྱང་ལ་རིན་ཐང་མེད་པ་རེད། ཡུལ་སྐོར་བ་ཚོས་ལྟ་སྐོར་བྱེད་སྐབས་རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་དང་ཉིན་དེའི་ཕོ་བྲང་པོ་ཏ་ལའི་འཛིན་བྱང་སྟོན་དགོས་པ་རེད།

ཁ་བྱང་ཕྱི་མོ། ཕོ་བྲང་པོ་ཏ་ལར་ཟླ་བ ༡༡ པ་ནས་སྟོན་དུས་ཀྱི་ཡུལ་སྐོར་འཛིན་བྱང་བཙོང་རྒྱུ་ཡིན་ལ་རིན་གོང་སྒོར་བརྒྱ་ཡིན།

རྩོམ་འགན་པ། སྒྲོལ་ཚེ།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060