སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་སྟོན་ལས་ལྟད་མོ་བའི་ཡིད་དབང་འགུགས་པ།
སྤེལ་དུས། 2016-08-25   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  དགེ་ལེགས།
          ཉེ་ཆར། གསར་འགོད་པས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་དུས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་རྣམ་པ་སྣ་ཚོགས་དང་བརྗོད་དོན་མི་འདྲ་བའི་ཡིག་གཟུགས་དང་། བརྐོས་རིས། གྱང་ཐོག་ཚོན་བྱུག་ཡི་གེ སྐུ་འདྲ་བཅས་ཀྱི་འགྲེམས་སྟོན་གཉེར་ནས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་ལ་ལྟ་བར་གདན་ཞུ་བྱས་པ་དང་རིག་གནས་ཀྱི་རྣམ་པ་ཟབ་མོར་བརྟེན་ནས་འཆར་ལ་ཉེ་བའི་ཞོ་སྟོན་དང་བོད་ལྗོངས་འགྲེམས་ཚོགས་ལ་བསུ་བ་ཞུས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་8པའི་ཟླ་དཀྱིལ་ནས་བཟུང་། རྟེན་རྫས་བཤམས་མཛོད་ཁང་དུ་དགེ་མང་འཇམ་དཔལ་གྱི་བོད་ཡིག་ཡིག་གཟུགས་སྒྱུ་རྩལ་འགྲེམས་སྟོན་དང་། ཀྲང་ཝེ་ཡོན་གྱི་བོད་ཀྱི་བརྐོས་རིས་དཀར་ནག་སྒྱུ་རྩལ་འགྲེམས་སྟོན་དང་གྱང་ཐོག་ཚོན་བྱུག་ཡི་གེ་འགྲེམས་སྟོན། ཚེ་དགའི་གསེར་ཟངས་སྐུ་འདྲ་ཆེད་དོན་འགྲེམས་སྟོན་བཅས་བྱེད་པ་དང་ཟླ་10པ་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པར་བསྡོམས་བརྩམས་ཆོས་ཁག་1000ལྷག་ཙམ་འགྲེམས་སྟོན་བྱ་རྒྱུ་རེད།
          བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་གཞོན་པ་ཟླ་སྒྲོན་གྱིས“རྣམ་པ་མི་འདྲ་བའི་འགྲེམས་སྟོན་ལས་མི་ཚོགས་མི་འདྲ་བ་ང་ཚོའི་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱེད་པར་ཡོང་རྒྱུར་འདྲེན་འགུགས་ཐུབ་ནས་རྟེན་རྫས་བཤམས་མཛོད་ཁང་འདི་ཉིད་གྲོང་མིའི་རྒྱུན་གཏན་འཚོ་བའི་ཁོངས་སུ་གཏོགས་ཐུབ་པ་བྱ་རྒྱུ་དང་དུས་མཚུངས་ད་ལྟ་དབྱར་གསེང་དང་སྐབས་འཁེལ་བས་གྱང་ཐོག་ཚོན་བྱུག་ཡི་གེ་འགྲེམས་སྟོན་བྱས་ཏེ་བག་ཕེབས་ལ་འཁྲུག་ཆ་དོད་པའི་འགྲེམས་སྟོན་ལ་བརྟེན་ནས་གཞོན་ནུ་ལོ་ཆུང་གྱང་ཐོག་ཚོན་བྱུག་ཡི་གེ་འགྲེམས་སྟོན་ནང་ཞུགས་པ་དང་རྟེན་རྫས་བཤམས་མཛོད་ཁང་དུ་ཡོང་ནས་དེར་རྒྱུས་མངའ་ལོན་ཐུབ་པ་བྱ་རྒྱུ་ཡིན། འགྲེམས་སྟོན་འདི་ལྟ་བུ་སྤེལ་བའི་དམིགས་ཡུལ་ནི་གཞོན་ནུ་ལོ་ཆུང་གིས་རྟེན་རྫས་བཤམས་མཛོད་ཁང་ནང་ཡོང་རྒྱུ་དེ་རྒྱུན་རྣམ་ཞིག་ཏུ་འགྱུར་ཐུབ་རེ་ཡོད”ཅེས་བཤད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716