སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མཚོ་བོད་ལྕགས་ལམ་ཐོག་སྲུབས་མེད་ལྕགས་ལམ་བརྗེ་བའི་ལས་གྲྭ་ལེགས་གྲུབ་ཟིན་པ།
སྤེལ་དུས། 2016-09-21   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  རིན་ཆེན།
གངས་ལྗོངས་མཁའ་ལམ་ཐོག་སྲུབས་མེད་ལྕགས་ལམ་བཏིང་བ།
          ཚེས་12ཉིན་མཚོ་བོད་ལྕགས་ལམ་གྱི་གོར་ལྷ་ལམ་དུམ་དང(གོར་མོ་ནས་ལྷ་ས་བར་གྱི་ལམ་དུམ)སྐྱིད་ལ་སྒང་ནས་ཨ་མདོ་བར་གྱི་མཐའ་མའི་སྤྱི་ལེ་2ཀྱི་སར་སྲུབས་མེད་ལྕགས་ལམ་བརྗེས་པ་དེ་ཐོག་ནས་དུས་ཡུན་ལོ་7སྤྱད་ནས་མཚོ་བོད་ལྕགས་ལམ་སྲུབས་མེད་ལྕགས་ལམ་དུ་བརྗེ་བའི་ལས་གྲྭ་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་མཚོན་ཡོད།
          མཚོ་བོད་ལྕགས་ལམ་ཀུང་སིས་ངོ་སྤྲོད་བྱས་པར་གཞིགས་ན། སྲུབས་མེད་ལྕགས་ལམ་བརྗེ་བའི་ལས་གྲྭ་དེར་རིམ་རྩིས་བྱས་ན་ལོ་7འགོར་བ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་12.98བཏང་ཡོད། ཁྱོན་ལྕགས་ལམ་རྐང་82021བརྗེས་པ་དང་། ལམ་ཚད་སྤྱི་ལེ་1111དང་ལྗིད་ཚད་ཏུན་ཁྲི་12.77ཟིན་ཡོད། མི་ཐེངས་ཁྲི་39བཏང་བ་དང་ལྕགས་ལམ་བརྗེ་བའི་ལས་གྲྭའི་ནང་ཞུགས་མཁན་ཉིན་རེར་མང་ཤོས་སུ་མི་600ཙམ་ཟིན་གྱི་ཡོད་པ་རེད།
          ལོ་7རིང་། མཚོ་བོད་ལྕགས་ལམ་ཀུང་སིའི་རྒྱ་ཆེའི་ལས་བཟོ་ཚོས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ཡན་གྱི་མཚོ་བོད་ས་མཐོའི་ཐོག་དཀའ་སྤྱད་འབད་འཐབ་བྱས་ནས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་5072ཡོད་པའི་འཛམ་གླིང་ལྕགས་ལམ་ཐོག་གི་ས་བབ་མཐོ་ཤོས་ཀྱི་མེ་འཁོར་བབས་ཚུགས་ཏེ། གདང་ལའི་མེ་འཁོར་བབས་ཚུགས་ཀྱི་ལོ་མང་འཁྱགས་སའི་ཁུལ་གྱི་ལམ་དུམ་སྤྱི་ལེ་520ཡོད་པའི་སྲུབས་མེད་ལྕགས་ལམ་སོགས་ཀྱི་དཀའ་གནད་ཆེ་བའི་ལས་གྲྭའི་ལས་འགན་ལེགས་གྲུབ་བྱས་པ་དང་འབྲེལ་ཉིན་རེར་ས་མཐོའི་འཁྱཌ་སའི་ཁུལ་དུ་སྲུབས་མེད་ལྕཌ་ལམ་སྤྱི་ལེ་4བརྗེ་བའི་ལས་གྲྭའི་མྱུར་ཚད་ཀྱི་ཟིན་ཐོ་བཏོད་ཡོད་པ་རེད།
          ལྕགས་ལམ་མ་བརྗེས་གོང་། མཚོ་བོད་ལྕགས་ལམ་གོར་ལྷ་ལམ་དུམ་ལ་རིང་ཚད་སྨི་25ཡོད་པའི་ལྕགས་ལམ་དཀྱུས་མ་སྤྱད་པ་དང་། ལྕགས་ལམ་དང་ལྕགས་ལམ་དབར་སྲུབས་ཁ་ངེས་ཅན་ཞིག་བཞག་ནས་ཚ་སྦོས་གྲང་འཁུམ་བྱ་རྒྱུ་སྔོན་འགོག་བྱས་ཡོད། འགྲུལ་པ་མེ་འཁོར་དུ་སྡོད་སྐབས“ཀོང་ཏང”ཞེས་པའི་སྒྲ་ཞིག་ཐོས་པ་དེ་ནི་མེ་འཁོར་གྱི་འཁོར་ལོ་དང་ལྕགས་ལམ་ཐུག་རེག་ལས་བྱུང་བའི་སྒྲ་ཞིག་ཡིན། དེས་ལྕགས་ལམ་དང་མེ་འཁོར་གྱི་འཁོར་ལོར་སྐྱོན་ངེས་ཅན་བཟོ་བ་མ་ཟད། མཚོ་བོད་ལྕགས་ལམ་ཉམས་བཟོའི་ཐད་ལས་ཀ་ཐོལ་པ་དང་དཀའ་ངལ་འཕྲད་ཁར་མེ་འཁོར་གྱི་མྱུར་ཚད་ལ་ཡང་ཚོད་འཛིན་བཟོ་བ་དང་འགྲུལ་པའི་སེམས་ལའང་སུན་སྣང་ཞིག་ཡོང་གི་ཡོད།
          གནད་དོན་དེ་དག་ཐག་གཅོད་བྱ་ཆེད། 2010ལོ་ནས་བཟུང་མཚོ་བོད་ལྕགས་ལམ་ཀུང་སིས་མཚོ་བོད་ལྕགས་ལམ་གོར་ལྷ་ལམ་དུམ་བུར་སྲུབས་མེད་ལྕགས་ལམ་བརྗེ་བའི་ལས་གྲྭ་འགོ་བཙུགས་ཏེ་སྨི་25ཡོད་པའི་ལྕགས་ལམ་དཀྱུས་མ་དེ་སྨི་500ཡོད་པའི་ལྕགས་ལམ་དུ་བརྗེས་བའི་ལས་གྲྭའི་ནང་འཛམ་གླིང་ཐོག་གི་སྔོན་ཐོན་ཆུ་ཚད་ཀྱི་ལག་རྩལ་སྤྱད་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716