སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས་ཚད་བརྒལ་འཁོར་རིགས་དོ་དམ་གྱི་གཏན་འབེབས་གསར་པ་ལག་བསྟར་བྱ་རྒྱུ་ཡིན་པ།
སྤེལ་དུས། 2016-09-23   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  རིན་ཆེན།
སྡོད་སྟར་གཉིས་ལྡན་གྱི་དོས་འདྲེན་འཁོར་རིགས་ཆེ་གྲས་མྱུར་བགྲོད་གཞུང་ལམ་ཐོག་སྐྱོད་མི་ཆོག་པ།
          གསར་འགོད་པར་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཕྱོགས་བསྡུས་ཁྲིམས་འཛིན་སྤྱི་ཁྱབ་རུ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་9ཚེས་21ཉིན་ནས་བཟུང་། རང་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ《ཚད་བརྒལ་དོས་འདྲེན་འཁོར་རིགས་གཞུང་ལམ་ཐོག་སྐྱོད་པའི་ཐད་ཀྱི་དོ་དམ་གཏན་འབེབས》སོགས་ཀྱི་གཏན་འབེབས་གསར་པ་དངོས་སུ་ལག་བསྟར་བྱས་ནས་སྡོད་སྟར་གཉིས་ལྡན་གྱི་དོས་འདྲེན་འཁོར་རིགས་མྱུར་བགྲོད་གཞུང་ལམ་ཐོག་སྐྱོད་རྒྱུ་གཏན་འགོག་བྱ་རྒྱུ་རེད། 2018ལོའི་ཟླ་7ཚེས་1ཉིན་ནས་བཟུང་གཏན་འབེབས་དང་མི་མཐུན་པའི་དོས་འདྲེན་འཁོར་རིགས་ཕྱོགས་ཡོངས་ནས་གཏན་འགོག་བྱས་ཏེ་ཚད་ལྡན་གྱི་ཟོག་འདྲེན་འཁོར་རིགས་ཁྱབ་གདལ་གཏོང་རྒྱུ་རེད།
          གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། གཏན་འབེབས་གསར་པའི་ནང་ཚད་བརྒལ་འཁོར་རིགས་བཅོས་སྒྲིག་གི་བྱེད་ཐབས་གཙོ་བོའི་ནང་ཚད་གཞི་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། འཁོར་རིགས་གསར་པ་ཁྲོམ་རར་བཏོན་ཆོག་པའི་ཚད་གཞི་ནན་དུ་གཏོང་བ། ཁུངས་སྣེ་ནས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ལམ་ངོས་སུ་ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཚུད་ཡོད།
          ཤོང་ཚད་དང་ཚད་གཞི་ལས་བརྒལ་བའི་འགྲོ་ལམ་ཁྲིམས་འཛིན་ཚད་གཞིའི་ཐད་འཁོར་རིགས་ཀྱི་ཤོང་ཚད་གཅིག་གྱུར་བཟོ་རྒྱུ་ཡིན་པ་དང་། རླངས་འཁོར་དང་དངོས་ཟོག་གི་སྤྱིའི་ལྗིད་ཚད་ཏུན་55ལས་བརྒལ་བ་དང་། ཆ་སྙོམས་ཀྱི་འཁོར་ཐེག་ཏུན་10ལས་བརྒལ་བ། དངོས་ཟོག་ཤོང་ཚད་རླངས་འཁོར་བཟོ་གྲྭ་ནས་བཏོན་པའི་ཤོང་ཚད་ལས་བརྒལ་བ་བཅས་ཀྱི་ཚད་གཞི་དང་ཤོང་ཚད་ལས་བརྒལ་བའི་ངོས་འཛིན་ཚད་གཞི་མེད་པ་བཟོ་རྒྱུ་ཡིན་པ། སྐྱེལ་འདྲེན་འཁོར་རིགས་སྤྱོད་པའི་དོ་དམ་བྱེད་ཐབས་ཐད་འབྲེལ་ཡོད་ཚད་གཞིའི་གཏན་འབེབས་དང་མི་འཚམ་པའི་འཁོར་རིགས་འགྲོ་ལམ་སྐྱེལ་འདྲེན་གྱི་ཁྲོམ་རར་སྐྱེལ་འདྲེན་བྱེད་མི་ཆོག་པ་དང་། ཟོག་འདྲེན་འཁོར་རིགས་སྐྱེལ་འདྲེན་གྱི་ཐོབ་ཐང་མེད་པ་བཟོ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དངོས་ཟོག་དཀྱུས་མ་དང་། དངོས་ཟོག་ཆེ་རིགས། ཉེན་ཡོད་དངོས་ཟོག་སྐྱེལ་འདྲེན་གྱི་ཐོབ་ཐང་རིགས་དབྱེའི་ཆོག་མཆན་ཚད་ལྡན་བཟོ་རྒྱུ། དངོས་ཟོག་ཆེ་རིགས་སྐྱེལ་འདྲེན་བྱེད་པའི་ཆེད་སྤྱོད་འཁོར་རིགས་ཀྱིས་དངོས་ཟོག་དཀྱུས་མ་སྐྱེལ་འདྲེན་བྱེད་མི་ཆོག་པ་བཅས་ཡིན་པ། ཁེ་ལས་དང་འབྲེལ་བའི་གྲོན་བསྡུ་གཙང་སེལ་དང་ཚད་ལྡན་དུ་བཟོ་བའི་ཐད། འགྲོ་ལམ་སྐྱེལ་འདྲེན་ཁེ་ལས་དང་ཁ་ལོ་བ་དང་འབྲེལ་བ་ཡོད་པའི་གྲོན་བསྡུའི་རྣམ་གྲངས་སྣ་ཚོགས་ཁྱོན་ཡོངས་ནས་གཙང་སེལ་བྱས་ཏེ་དངུལ་གང་བྱུང་དུ་བསྡུ་བ་དང་། འཁྲི་ཆ་གང་བྱུང་འགེལ་བ། དངུལ་ཆད་གང་བྱུང་དུ་གཏོང་བ་བཅས་ཀྱི་བྱེད་སྤྱོད་གཏན་འགོག་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་རེད།
          གཞན་ཡང་། འཁོར་རིགས་ཉམས་གསོའི་ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་འགལ་གྱི་གཉེར་སྐྱོང་དང་། ལག་ཁྱེར་མེད་པར་གཉེར་སྐྱོང་། ཁྱབ་ཁོངས་ལས་བརྒལ་བའི་གཉེར་སྐྱོང་། ཁྲིམས་འགལ་ངང་འཁོར་རིགས་བཟོ་བཅོས་རྒྱག་པ་དང་དེ་བཞིན་བེད་མེད་དུ་གཏོང་བའི་རླངས་འཁོར་ཉམས་གསོ་བྱེད་པ་སོགས་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716